ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་གཉེར་གྱི་གནད་འགག་ཐ་སྙད་དེ“གྲངས་ཉུང་གནད་འགག”ཟེར་བའི་གོ་དོན་ཅི་ཡིན།

  ཀྲུང་གུང་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་གཉེར་གྱི་གནད་འགག་ཐ་སྙད་ཁྲོད“གྲངས་ཉུང་གནད་འགག”ཟེར་བའི་ཐ་སྙད་ཅིག་བྱུང་།“གྲངས་ཉུང་གནད་འགག”ཟེར་བའི་ཐ་སྙད་འདི་ཐོག་མར་མང་ཚོགས་ཀྱི་མིག་ལམ་དུ་མངོན་པ་ནི2015ལོའི་ཟླ2པའི་ཚེས2ཉིན་གྱི་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ།

  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་བསྡུ་མགོ་བརྩམས་པའི་མཛད་སྒོའི་སྟེང་ཡིན།སྐབས་དེར་ཞི་ཅིན་ཕེན་གྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ན།ངེས་པར་མགོ་ཁྲིད་ལས་བྱེད་པའི“གྲངས་ཉུང་གནད་འགག”འདི་དམ་འཛིན་བྱེད་དགོས་པར་བསྟན།

  དེའི་རྗེས་སུ།ཞི་ཅིན་ཕེན་གྱིས་གནས་ཡུལ་མང་པོ་ནས“གྲངས་ཉུང་གནད་འགག”ཐད་ཀྱི་བླང་བྱ་བཏོན་མྱོང་།

  དཔེར་ན།ད་ལོའི་ཟླ་དང་པོར།སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་། ཞི་ཅིན་ཕེན་གྱིས་བསྟན་དོན།“གྲངས་ཉུང་གནད་འགག”བཟུང་ནས་མགོ་ཁྲིད་པ་དང་པོའི་ལྟ་སྐུལ་དཀའ་གནད་སེལ་ཐབས་བྱ་དགོས།མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་ཇི་ལྟར་ལྗིད་ན་ལས་རྐང་དེ་ལྟར་གལ་ཆེན་ཡིན་པ་དང་།ལྟ་སྐུལ་ལ་དེ་བས་ཤུགས་སྣོན་དགོས་ཟེར།

“གྲངས་ཉུང་གནད་འགག”གི་གོ་དོན་ཅི་ཡིན་ཞེ་ན།ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་པའི་ཐད་ནས།“གྲངས་ཉུང་གནད་འགག”ནི་གལ་ཆེན་དུ་གྱུར་འདུག ཀྲུང་དབྱང་སྒྲིགས་ཨུས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མཚོན་པ་ལྟར་ན།2015ལོར་ཀྲུང་དབྱང་སྒྲིག་ཨུའི་ལྟ་ཞིབ་པུའུ་ཡི་དྲ་ཚིགས་སྟེང་སྔ་གཞུག་ཏུ་དོ་དམ་ལས་བྱེད་པས་རྩ་འཛུགས་ཀྱི་བརྟག་ཞིབ་དང་དུ་བླངས་པའི་ཆ་འཕྲིན37ཁྱབ་བསྒྲགས་བྱས།དེའི་ནང་འགན་གཙོ་བོ་ཁུར་པའི་མི་ཉུང་མཐའ་ཡང13ཡོད།གཞན་པ་ཁ་ཤས་ཀྱིས་བརྟག་ཞིབ་བྱེད་དུས་མགོ་ཁྲིད་པ་གཙོ་བོའི་འགན་ཁུར་མིན་རུང་།འོན་ཀྱང་གནད་འགག་ལས་རྐང་གི་འགན་ཁུར་ཡོད་པ་དང་།རིམ་པ་སོ་སོའི་མགོ་ཁྲིད་པ་གཙོ་བོའི་འགན་ཁུར་མྱོང་།

ལྟ་སྐུལ་མི་འདང་སའི་ཁ་སྐོང་ཆེད།ཀྲུང་གུང་གིས་ད་དུང་སྐོར་ཞིབ་གྱི“རལ་གྲི་རྣོན་པོ”བཏོན།ཀྲུང་དབྱང་སྐོར་ཞིབ་ནས་ཞིང་ཆེན་སོ་སོའི་སྐོར་ཞིབ་བར།ས་གནས་ཀྱི་ཏང་སྲིད་མགོ་ཁྲིད་པ་གཙོ་བོ་ནི་སྐོར་ཞིབ་ལྟ་སྐུལ་བྱ་ཡུལ་གཙོ་བོར་བཞག་པ་དང་།ས་ཞིང་ནང་བཤུག་གཏོང་བ་དང་བཟོ་འགོད་འཛུགས་སྐྲུན། ས་ཁང་བདག་ཁོངས་གསར་གཏོད་སོགས་གནད་ཆེའི་ཁྱབ་ཁོངས་ནི་སྐོར་ཞིབ་ལྟ་སྐོར་གྱི་གནད་ཆེའི་ནང་དོན་དུ་གྱུར།

དོན་དངོས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།ཀྲུང་གུང་གིས་ཏང་གཟབ་ནན་གྱིས་སྐྱོང་བ་ཁྱོན་ཡོངས་ནས་སྤེལ་ཏེ།ཏང་འཛུགས་ལམ་ལུགས་དང་སྒྲིགས་ཞིབ་སྒྲིག་གཞིའི་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་བར་མ་ཟད།ད་དུང་རིམ་བཞིན་འབྱུང་ཁུངས་ནས་བཅོས་སྐྱོང་དང་རྐྱེན་མ་བྱུང་གོང་ལ་ཟློག་པའི་རིམ་པ་སྤེལ་ནས།མགོ་ཁྲིད་ལས་བྱེད་པའི་རིམ་པ་ཅི་ཙམ་མཐོ་བ་དང་གོ་གནས་ཅི་ཙམ་གལ་ཆེན་ཡིན་པ།དབང་ཆ་ཅི་ཙམ་ཆེ་ན་དོ་དམ་དེ་བས་ནན་མོ་བྱས་པས།“གྲངས་ཉུང་གནད་འགག”དམ་འཛིན་བྱེད་པའི་དགོངས་དོན་གང་ལེགས་ཀྱིས་མཚོན་འདུག

བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་ན་མཁྲེགས་གཏོར་བྱེད་དགོས་པ་དང་། མདུན་དུ་ལྷགས་པའི་འགལ་བ་དང་དཀའ་ངལ་མང་པོ་ཡོད་ངེས་པས།“གྲངས་ཉུང་གནད་འགག”ཇི་ལྟར་ཐོག་མར་མིག་དཔེ་བྱས་ཤིང་།མང་ཚོགས་ཡོངས་ཀྱི་སྣེ་ཁྲིད་བྱ་དགོས་པ་ནི་ཀྲུང་གུང་དང་ཀྲུང་གོའི་མདུན་དུ་ལྷགས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།