དམངས་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་གྱི་ལྷང་ངེ་ས་བན།

ཟླ6པའི་ཚེས27ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན (འཆར་ཟིན)》དེ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་གྲོས་མོལ་བྱེད་པར་སྤྲད།དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱ་བར་རྨང་འདིང་བ་དང་ཁྲིད་སྟོན་བྱེད་པའི་དམངས་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་ལ་གྲོས་ཞིབ་བྱེད་པ་དེར་ལས་རིགས་སོ་སོའི་དོ་སྣང་ཆེན་པོ་ཐོབ།འཆར་ཟིན་ཁྲོད་ཀྱི་ལྷང་ངེ་ས་བདུན་ལ་གསར་འགོད་པས་སྤྱི་སྡོམ་ཞིག་བྱས་ཡོད་པ་སྟེ།

ལྷང་ངེ་ས་དང་པོ། མིམ་བུ་ལའང་དམངས་དོན་ཁེ་དབང་ཡོད་པ།

མངལ་དུ་མིམ་ཡོད་པའི་ཕྲུ་གུ་མ་བཙས་པའི་སྔོན་དུ།ཨ་ཕ་ཚེ་ལས་འདས་ན།མངལ་དུ་མིམ་པའི་བུ་ཕྲུག་དེར་ཨ་ཕའི་རྒྱུ་ནོར་རྒྱུན་འཛིན་བྱེད་རྒྱུའི་དབང་ཆ་ཡོད་དམ།ཟས་རིགས་བདེ་འཇགས་དང་ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་ཇེ་མང་དུ་སོང་བ་དང་བསྟུན་ནས།མངལ་མིམ་བུད་མིད་ཀྱི་ཕྱོགས་དེ་དག་གི་ཁེ་དབང་ལ་གནོད་འཚེ་ཐེབས་ཀྱིན་ཡོད།མོ་རང་ཉིད་ལས་མངལ་གནས་མིམ་བུ་ལ་ཁེར་རྐྱང་གི་གནོད་འཚེ་སྐྱིན་ཚབ་འཇལ་རྒྱུའི་རེ་བ་འདོན་པའི་དབང་ཆ་ཡོད་དམ།འཚོ་བའི་ཁྲོད་དུ་མངལ་གནས་མིམ་བུའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་འབྲེལ་བའི་གནས་ཚུལ་ཇེ་མང་ནས་ཇེ་མང་རེད།

  ཐེངས་འདིར་གྲོས་ཞིབ་བྱས་པའི་དམངས་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་ནང་མིམ་བུའི་ཁེ་དབང་ཐད་སྲུང་སྐྱོབ་ཀྱི་རྩ་དོན་གསལ་པོ་ཞིག་བཏོན་ཡོད།འཆར་ཟིན་ནང་དུ“ཤུལ་ནོར་རྒྱུན་འཛིན་དང་དང་ལེན།སྦྱིན་པ་སོགས་མིམ་བུའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་འབྲེལ་བའི་སྐབས་སུ།མིམ་བུ་དེ་དམངས་དོན་ཁེ་དབང་ཡོད་པར་བརྩི་དགོས་མོད།འོན་ཀྱང་ཕྲུ་གུ་སྐྱེས་པའི་སྐབས་སུ་ཚེ་ལས་འདས་ན།དེའི་དམངས་དོན་ཁེ་དབང་སྤྱད་པའི་ནུས་པ་དུས་དེ་ནས་བཟུང་མིད་པར་གྱུར”ཞེས་གཏན་འཁེལ་བྱས་ཡོད།

  རང་རྒྱལ་ད་སྤྱོད་ཀྱི་རྒྱུན་འཛིན་བཅའ་ཁྲིམས་ནང་དུའང“ཤུལ་ནོར་བགོ་སྐབས།མིམ་བུའི་བགོ་སྐལ་སོར་འཇོག་བྱེད་དགོས་པ་དང་།མིམ་བུ་དེ་སྐྱེས་པའི་སྐབས་སུ་ཚེ་ལས་འདས་ན།སོར་འཇོག་བྱས་ཡོད་པའི་བགོ་སྐལ་དེ་ཁྲིམས་བཀོད་རྒྱུན་འཛིན་ལྟར་བགོ་དགོས་པ”གཏན་འཁེལ་བྱས་ཡོད།“བགོ་སྐལ་སོར་འཇོག”བྱེད་དགོས་པའི་གཏན་འཁེལ་འདིས་མིམ་བུའི་ཁེ་དབང་སྲུང་སྐྱོབ་བྱེད་པ་མཚོན་ཡོད།དུས་རབས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།མིམ་བུའི་ཁེ་དབང་སྲུང་སྐྱོབ་བྱེད་པ་དེ་གནས་ཚུལ་ཁ་ཤས་ཐད་ནས་ཚོད་འཛིན་མི་བྱེད་པར།སྔར་ལས་ཆ་ཚང་བའི་སྲུང་སྐྱོབ་གཏན་འཁེལ་འདོན་དགོས།

  “རྒྱལ་ཁབ་ཅིག་དང་ས་ཆ་ཞིག་གི་བཅའ་ཁྲིམས་ཤེས་རིག་འཕེལ་རྒྱས་ཀྱི་ཆུ་ཚད་ཅི་འདྲ་ཞིག་ཡིན་པ་དེ།གཙོ་བོ་གཉོམ་ཞན་མི་ཚོགས་ལ་སྲུང་སྐྱོབ་བྱེད་པའི་ཆུ་ཚད་ཅི་འདྲ་ཡིན་པ་དང་།མི་ནི་གཞི་རྩར་འཛིན་པའི་ཁྲིམས་འཛུགས་འདུ་ཤེས་དོན་དངོས་སུ་ལག་བསྟར་བྱེད་ཐུབ་ཀྱིན་ཡོད་མིད་ལ་བལྟ་དགོས།མིམ་བུས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་མི་ཐུབ་པས།གལ་ཏེ་བཅའ་ཁྲིམས་ཀྱིས་དེའི་ཁེ་དབང་སྲུང་སྐྱོབ་བྱེད་ཐུབ་ན།བཅའ་ཁྲིམས་ཤེས་རིག་གི་འཕེལ་རྒྱས་ཆུ་ཚད་སྔར་ལས་ཀྱང་མཚོན་ཐུབ”ཅེས་ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོའམ་ཀྲུང་གོ་དམངས་ཁྲིམས་རིག་པའི་ཞིབ་འཇུག་ཁང་གི་དྲུང་ཡིག་ཆེན་མོ་ཝང་དབྱི་ཡིས་དེ་ལྟར་བཤད།འདི་ནི་ཐེངས་འདིའི་དམངས་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་ནང་གཏན་འཁེལ་འདི་ཁ་སྣོན་བྱས་པའི་རྒྱུ་མཚན་ཡིན།

  ལྷང་ངེ་ས་གཉིས་པ། དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་ཆེས་དམའ་བའི་ལོ་ཚོད་ནི་ལོ་དྲུག་ཡིན་པ་གཏན་ལ་ཕབ།

  ཅང་ཡིའུ་ཉོ་རུ་འགྲོ་བ་ནི་ཆེས་སླ་ཞིང་རྒྱུན་མཐོང་གི་དམངས་དོན་བྱ་སྤྱོད་ཅིག་ཡིན།དེ་ན་བྱིས་པ་ལོ་དུའི་སྟེང་དུ་ཅང་ཡིའུ་ཉོ་རུ་སོང་ན་དེའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་ངོས་འཛིན་དང་སྲུང་སྐྱོབ་ཐོབ་ཐུབ་ཅེ་ན།

  རང་རྒྱལ་ད་སྤྱོད་བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པའི་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་ཆེས་དམའ་བའི་ལོ་ཚོད་ནི་ལོ་བཅུ་ཡིན།འཆར་ཟིན་ནང་ལོ་ཚོད་འདི་ལོ6ཡིན་པ་གཏན་འཁེལ་བྱས་ཡོད། ལོ་དྲུག་ཡན་དང་ལོ་བཅོ་བརྒྱད་མན་གྱི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡིན་པས།རང་ཚུགས་ཀྱིས་ཁེ་ཕན་རེག་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་སྤྱད་པ་དང་ཡང་ན་དེའི་ལོ་ཚོད་དམ་རིག་སྟོབས་དང་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་ཆོག

  ཝང་དབྱི་ཡིས་བཤད་རྒྱུར།དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་སྐབས་ནར་མ་སོན་པའི་མིའི་རང་དབང་རྒྱབ་སྐྱོར་བྱེད་པ་དང་མཉམ་དུ།ནར་མ་སོན་པའི་མིའི་རང་གཤིས་ལའང་བརྩི་འཇོག་བྱེད་དགོས།འདི་ནི་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མིའི་ལོ་ཚོད་ཚད་གཞིའི་སྟེང་དུ་མངོན་ཡོད།དེང་སྐབས་ཀྱི་འཚོ་བའི་ཆུ་ཚད་དང་སློབ་གསོའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས།བྱིས་པའི་ལུས་ཁམས་དང་སེམས་ཁམས་འཚར་ལོངས་བྱུང་ཚད་ཡང་སྔོན་ཆད་དང་བསྡུར་ཐབས་མིད།ད་ལྟའི་ལོ་དྲུག་ཅན་གྱི་བྱིས་པའི་ཤེས་བྱ་སྔོན་ཆད་ཀྱི་ན་མཉམ་བྱིས་པ་ལས་མང་ཞིང་།ཁོ་ཚོར་དབྱེ་འབྱེད་དང་བརྡར་ཤ་གཅོད་པའི་ནུས་པ་ངེས་ཅན་ཞིག་ལྡན་པས།ཁོ་ཚོར་རང་ཚུགས་ཀྱིས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཁ་ཤས་ཐག་གཅོད་བྱེད་པའི་དབང་ཆ་ཡོད་ན་འགྲིག འདི་ལྟར་ལེགས་སྒྲིག་བྱས་ན།བྱིས་པ་རྣམས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པར་སྔར་ལས་ཕན་པ་ཡོད།

  “བྱིས་པར་རང་ཉིད་ཀྱི་ཁེ་ཕན་དགོས་མཁོ་ཡོད་པས།རང་ཉིད་ཀྱི་འདོད་བློ་ལྟར་ཐག་གཅོད་བྱེད་ཐུབ་པའི་བྱ་བ་རྣམས་མི་དར་མའི་འདོད་བློ་བྱིས་པའི་སྟེང་དུ་མ་བཀོལ་ན་བཟང་།བཟོ་བཅོས་འདིའི་རིགས་སྔར་ལས་ཁྱབ་རྒྱ་ཆེ་བའི་ཁྱབ་ཁོངས་སུ་བསྐྱེད་དགོས།དཔེར་ན་མིང་འདོགས་ཚུལ་ལྟ་བུ།གལ་ཏེ་ཕ་མས་བཏགས་པའི་མིང་དེ་བྱིས་པའི་བློར་མི་འབབ་ན།བཟོ་བཅོས་བྱ་རྒྱུའི་རེ་འདུན་བཏོན་ཆོག་པ་ལྟ་བུ།”

  ཆེད་མཁས་པ་གཞན་པ་ཁ་ཤས་ཀྱིས་བསྟན་དོན།རང་རྒྱལ་གྱི་འོས་འགན་སློབ་གསོ་བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པའི་སློབ་ཞུགས་ལོ་ཚོད་ནི་ལོ་དྲུག་ཡིན་པས།དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མིའི་ལོ་ཚོད་ལོ་དྲུག་ལ་ཇེ་དམའ་རུ་བཏང་བ་ཡང་དེ་དང་འབྲེལ་ཡོད།

  ལྷང་ངེ་ས་གསུམ་པ། རྒན་པ་རྣམས་ལྟ་སྐྱོང་ལམ་ལུགས་ཀྱི་སྲུང་སྐྱོབ་ཁྱབ་ཁོངས་ནང་འཇོག་རྩིས་ཡོད་པ།

  ནར་མ་སོན་པའི་མི་དང་དྲན་པ་མི་གསལ་བའི་ནད་པ།སྨྱོ་ནད་ཅན།གླེན་ཁོབ་ནད་བྱུང་བའི་རྒན་པ་བཅས་སྤྱི་ཚོགས་ཀྱི་བྱ་འགུལ་དུ་ཞུགས་པའམ་ཡང་ན་ཁེ་དབང་སྲུང་སྐྱོབ་བྱེད་དགོས་པའི་སྐབས་སུ།  སུ་ཞིག་གིས་ཁོ་ཚོའི་ཚབ་བྱེད་དགོས་ཤེ་ན།ལྟ་སྐྱོང་པ་ཡིན་པ་སྨོས་མ་དགོས་པ་རེད།

  ལྟ་སྐྱོང་པ་ཞིག་ཇི་ལྟར་གཏན་འཁེལ་བྱེད་དགོས་པ་དང་།ཁོ་ཚོས་འགན་འཁྲི་གང་དག་འཁུར་དགོས་པ།མི་གང་དག་ནི་ལྟ་སྐྱོང་བྱ་ཡུལ་དུ་འཇོག་པ་བཅས་ཀྱི་ཐད་ལ།འཆར་ཟིན་ནང་ཅུང་ཆ་ཚང་བའི་ཚད་གཞི་ཞིག་བཏོན་ཡོད།

  “ཐེངས་འདིར་བཟོ་བཅོས་བྱས་པའི་ལྷང་ངེ་ས་ནི་ལྟ་སྐྱོང་ལམ་ལུགས་ཀྱི་སྲུང་སྐྱོབ་བྱ་ཡུལ་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་ཡིན་ལ།དེས་ལྟ་སྐྱོང་ལམ་ལུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་ཐུབ”ཅེས་ཧྥུའུ་ཏན་སློབ་གྲྭ་ཆེན་མོ་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ལི་ཧྲི་ཀང་གིས་དེ་ལྟར་མཚམས་སྦྱོར་བྱས།ད་སྤྱོད་དམངས་ཁྲིམས་སྤྱིའི་རྩ་དོན་ནང་དུ་ནར་མ་སོན་པའི་མི་དང་སྨྱོ་ནད་ཅན་གྱི་མི་མ་གཏོགས།རྒན་པར་ཁ་གཏད་པའི་ལྟ་སྐྱོང་ལམ་ལུགས་བཙུགས་མིད་མོད།འོན་ཀྱང་ཐེངས་འདིའི་བཟོ་བཅོས་ལྟར་ན།སྨྱོ་ནད་ཅན་མ་གཏོགས་པའི་མི་དར་མ་གཞན་དག་ཀྱང་དམངས་དོན་བྱ་སྤྱོད་ནུས་པ་མིད་པའི་གནས་ཚུལ་འོག་ལྟ་སྐྱོང་བྱ་ཡུལ་དུ་འགྱུར་ཆོག དེ་ལས་གཞན་ད་རུང་མི་དར་མས་གལ་ཏེ་རང་ཉིད་མ་འོངས་པར་རྒྱུན་ལྡན་ལྟར་སྤྱི་ཚོགས་ཉོ་ཚོང་དང་འཚོ་བའི་ནང་ཞུགས་མི་ཐུབ་པར་འདོད་ན།སྔ་མོ་ནས་ལྟ་སྐྱོང་པ་གདམ་གསེས་བྱས་ཏེ།ཆུ་མ་ཤོར་གོང་ནས་རགས་བརྒྱབ་ཆོག་པ་ལྟ་བུའོ།།

  ཁོའི་བསམ་པར་ཐེངས་འདིའི་བཟོ་བཅོས་ཁྲོད་ད་རུང་ལྟ་སྐྱོང་བྱ་ཡུལ་གྱི་ཁེ་དབང་སྲུང་སྐྱོབ་གང་ཐུབ་བྱེད་དགོས་པའི་རྩ་དོན་ནན་གྱིས་བསྟན་ཡོད་པར་མ་ཟད།འཆར་ཟིན་གྱི་ཕྱོགས་མང་པོ་རུ་མཚོན་ཡོད་པར་འདོད།དཔེར་ན།ལྟ་སྐྱོང་པ་གཏན་འཁེལ་དང་ལྟ་སྐྱོང་པས་འཁུར་དགོས་པའི་འགན་འཁྲི་ལྟ་བུ།འཆར་ཟིན་ནང་དུ“ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན”ལྟར།ལྟ་སྐྱོང་པ་གཏན་འཁེལ་བྱེད་དགོས་པ་དང་།“ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློར་བརྩི་འཇོག་བྱེད་དགོས་པ”ནན་གྱིས་བསྟན་ཡོད།

  “འཆར་ཟིན་ནང་རང་རྒྱལ་ལྟ་སྐྱོང་ལམ་ལུགས་ཀྱི་སྤྱད་འཐུས་ཁྱབ་ཁོངས་རྒྱ་བསྐྱེད་དེ།ལྟ་སྐྱོང་གི་བྱེད་ནུས་དང་དམིགས་ཡུལ་འབུར་དུ་དོད་ཡོད་ལ།ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློར་བརྩི་འཇོག་བྱེད་དགོས་པ་ནན་གྱིས་བསྟན་ཏེ།རང་རྒྱལ་གྱི་ལྟ་སྐྱོང་ལམ་ལུགས་སྔར་ལས་ཆ་ཚང་དང་དེང་རབས་ཅན་དུ་གཏོང་དགོས”ཞེས་ལི་ཧྲི་ཀང་གིས་དེ་ལྟར་བཤད།

  ལྷང་ངེ་ས་བཞི་པ། ཁྲིམས་མིའི་རིགས་འབྱེད་སྟངས་གསར་པ་བཟོ་རྩིས་ཡོད་པ།

  ཁྲིམས་མི་ཞེས་པ་ནི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་ཡོད་པའི་མི་ཡིན།རང་རྒྱལ་ད་སྤྱོད་དམངས་ཁྲིམས་སྤྱིའི་རྩ་དོན་ནང་ཁྲིམས་མི་ལ་ཁེ་ལས་ཀྱི་ཁྲིམས་མི་དང་ལས་ཁུངས་ཀྱི་ཁྲིམས་མི།དོན་ལས་སྡེ་ཁག་གི་ཁྲིམས་མི།སྤྱི་ཚོགས་ཚོགས་མིའི་ཁྲིམས་མི་བཅས་སུ་དགར་ཡོད་མོད།ཡིན་ན་ཡང་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།སྤྱི་ཚོགས་རྩ་འཛུགས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།ཐེབས་རྩ་ཚོགས་པ་དང་དམངས་སྒྲུབ་མ་ཡིན་པའི་ཁེ་ལས་སྡེ་ཚན།སྤྱི་ཚོགས་ཞབས་ཞུའི་ལས་ཁུངས་སོགས་ཀྱི་རྩ་འཛུགས་གསར་པ་མང་པོ་བྱུང་བས།ད་སྤྱོད་བཅའ་ཁྲིམས་ཀྱི་ནང་དུ་ཡོངས་རྫོགས་མི་ཚུད་པས།བཅའ་ཁྲིམས་ཀྱི་སྟེང་ནས་ལེགས་སྒྲིག་བྱེད་དགོས་པ་རེད།

  དེའི་རྐྱེན་གྱིས། འཆར་ཟིན་ནང་ཁྲིམས་མི་དབྱེ་ཚུལ་གསར་པ་བཟོས་པ་སྟེ། ཁེ་གཉེར་ཅན་གྱི་ཁྲིམས་མི་དང་ཁེ་གཉེར་ཅན་མིན་པའི་ཁྲིམས་མི་གཉིས་སུ་དབྱེ་ཡོད།

  འཆར་ཟིན་ནང་དུ།ཁེ་གཉེར་བ་མ་ཟད་དེའི་མ་རྐང་འཇོག་མཁན་དང་མ་དངུལ་གཏོང་མཁན་གྱི་ཁོངས་མི་ལ་བགོ་བཤའ་རྒྱག་པ་དམིགས་ཡུལ་དུ་བཟུང་ནས་གྲུབ་པའི་ཁྲིམས་མི་ལ་ཁེ་གཉེར་ཅན་གྱི་ཁྲིམས་མི་ཟེར་བ་དང་།སྤྱི་ཕན་དམིགས་ཡུལ་དུ་བཟུང་བའམ་ཡང་ན་ཁེ་གཉེར་དམིགས་ཡུལ་དུ་བཟུང་མིད་པའི་གཞན་པའི་སྒོ་ནས་གྲུབ་པའི་ཁྲིམས་མི་ལ་ཁེ་གཉེར་ཅན་མ་ཡིན་པའི་ཁྲིམས་མི་ཟེར།ཁེ་གཉེར་ཅན་མ་ཡིན་པའི་ཁྲིམས་མིས་དེའི་ཁོངས་མི་དང་ཡང་ན་འཛུགས་མཁན་ལ་ཁེ་བཟང་བགོ་བཤའ་བརྒྱབ་མི་ཆོག

  “འདི་ནི་ཁྲིམས་མི་ལྟར་བཙུགས་པའི་དམིགས་ཡུལ་དང་བྱེད་ནུས་མི་འདྲ་བའི་སྒོ་ནས་བགོས་པ་ཞིག་ཡིན་པས།དམངས་ཁྲིམས་སྤྱིའི་རྩ་དོན་དང་བསྡུར་ན་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད”ཅེས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་ཀྲུང་གོ་དམངས་ཁྲིམས་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པའམ་ཀྲུང་གོ་ཁྲིམས་ལུགས་རིག་པའི་དམངས་དོན་སྐོར་གྱི་ཁྲིམས་གཞུང་འཆར་ཟིན་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལི་ཡུན་ཅུན་གྱིས་དེ་ལྟར་བཤད།སྤྱིར་བཤད་ན།རིགས་དབྱེ་ཚུལ་གསར་པ་དེ་ནི་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ལ།རིགས་མི་འདྲ་བའི་སྤྱི་ཚོགས་རྩ་འཛུགས་ཁེབས་པར་ཕན་ཞིང་།སྤྱི་ཚོགས་རྩ་འཛུགས་ཀྱི་ཁྲིམས་མིའི་གྲུབ་ཚུལ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བར་ཕན་པ་དང་།རྩ་འཛུགས་དེའི་རིགས་ལ་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་པའི་ཐད་ཕན་པ་ཡོད་པས།སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཐུབ།

  ལི་ཡུན་ཅུན་གྱིས་ད་རུང་།རྒྱལ་ཁབ་གཞན་པའི་བཅའ་ཁྲིམས་དང་བསྡུར་ན།རིགས་དབྱེ་ཚུལ་གསར་པ་དེས་རང་རྒྱལ་འཛམ་གླིང་དང་འབྲེལ་མཐུད་ཡོང་བར་ཕན་པ་ཆེན་པོ་ཡོད་ཟེར།

  ལྷང་ངེ་ས་ལྔ་པ། དམངས་དོན་བདག་པོར“ཁྲིམས་མི་མ་ཡིན་པའི་རྩ་འཛུགས”གསར་དུ་སྣོན་རྩིས་ཡོད་པ།

  ཞིབ་འཇུག་ཚན་ཆུང་ག་གེ་མོ་དང་ཡུལ་ཕྱོགས་ཚོགས་པ་ག་གེ་མོ།དངུལ་ཁང་ག་གེ་མོའི་ཡན་ལག་དངུལ་ཁང་།བཪྙན་འཕྲིན་ཁང་ག་གེ་མོའི་ལེ་ཚན་དང་ཚོགས་པ་སོགས་སྤྱི་ཚོགས་རྩ་འཛུགས་དེ་དག་ནི་རང་བྱུང་མི་མིན་པར་མ་ཟད་ཁྲིམས་མིའི་ཐོབ་ཐང་ཡང་མིད་མོད།འོན་ཀྱང་རང་རང་གི་མིང་སྟེང་ནས་སྤྱི་ཚོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད།དེ་ལ་མཚན་ཉིད་ཇི་ལྟར་འགོད་དགོས་ཤེ་ན།འཆར་ཟིན་ལྟར་ན།དེ་དག་ནི“ཁྲིམས་མི་མ་ཡིན་པའི་རྩ་འཛུགས”རེད།

  འཆར་ཟིན་ནང་གི་ལེའུ་གཅིག་གིས་ཆེད་དུ“ཁྲིམས་མི་མ་ཡིན་པའི་རྩ་འཛུགས”ཐད་གཏན་འཁེལ་བྱས་ཡོད་ལ།དེའི་ནང་དུ་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ལ་ཁྲིམས་མིའི་ཐོབ་ཐང་མིད་པ་གསལ་པོར་བཤད་ཡོད་མོད།འོན་ཀྱང་ཁྲིམས་ལྟར་རང་ཉིད་ཀྱི་མིང་སྟེང་ནས་དམངས་དོན་རྩ་འཛུགས་ཀྱི་བྱ་འགུལ་ནང་ཞུགས་ཆོག་པ་རེད།

  དེ་དང་མཉམ་དུ་འཆར་ཟིན་ནང་དུ་ད་རུང“ཁྲིམས་མི་མ་ཡིན་པའི་རྩ་འཛུགས”རེ་རེ་བཞིན་དུ་བཀོད་ཡོད་པ་སྟེ།དེ་ལ་མི་སྒེར་གྱིས་མ་དངུལ་བཏང་བའི་ཁེ་ལས་དང་མ་དངུལ་མཉམ་འཇོག་ཁེ་ལས།ཁེ་གཉེར་ཅན་གྱི་ཁྲིམས་མི་དང་ཡང་ན་ཁེ་གཉེར་ཅན་མ་ཡིན་པའི་ཁྲིམས་མིས་ཁྲིམས་ལྟར་བཙུགས་པའི་ཡན་ལག་ལས་ཁུངས་སོགས་འདུས།

  “ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཞེས་པའི་མཚན་ཉིད་འདི་ནི་རང་རྒྱལ་གྱི་བཅའ་ཁྲིམས་ནང་དུ་སྔར་ནས་ཡོད་མོད།འོན་ཀྱང་འབོད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པ་རེད།དཔེར་ན་རྩ་འཛུགས་གཞན་པ་དང་ཁྲིམས་མི་མ་ཡིན་པའི་སྡེ་ཁག་སོགས་ལྟ་བུ”ཞེས་ལི་ཡུན་ཅུན་གྱིས་དེ་ལྟར་བཤད་པ་དང་།“དེང་སྐབས།སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་འབོར་ཆེན་ཡོད།རྗེས་ཕྱོགས་དམངས་དོན་སྐོར་གྱི་ཁྲིམས་གཞུང་འཛུགས་པའི་ཕྱོགས་ནས་བསམ་བློ་བཏང་ན།ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཚང་མའི་མིང་གཅིག་གྱུར་བྱས་ན།སྤྱི་ཚོགས་དོ་དམ་བྱེད་པའི་དགོས་མཁོ་དང་མཐུན་པར་མ་ཟད།རྩ་འཛུགས་དེ་དག་གིས་དམངས་དོན་བྱ་འགུལ་སྤེལ་ཏེ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་།བཅའ་ཁྲིམས་གཞན་པར་འབྲེལ་མཐུད་བྱེད་པའི་ཐད་ཕན་པ་ཡོད”ཅེས་བཤད། །

ལི་ཡུན་ཅུན་གྱིས་བསྟན་དོན།ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ནི་རང་བྱུང་མི་དང་ཁྲིམས་མིའི་བར་དུ་གནས་པས།  “མིའི་འདུ་ཚོགས”ཤིག་ཏུ་ངོས་བཟུང་ཆོག་ལ།དེ་ལ་དམངས་དོན་དབང་ཆའི་ནུས་པ་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ལྡན།དེའི་རྐྱེན་གྱིས་འཆར་ཟིན་ནང་དེར་ཕྱོགས་ཆེན་པོ་ནས་ཚད་ལྡན་དུ་བཏང་བ་སྟེ།དཔེར་ན།ཐོ་འགོད།འཛུགས་པ།འཐུས་ཚབ།སྡོད་ཁང་སོགས་ཡིན།དུས་མཚུངས་སུ་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ལ་རིགས་མང་བ་དང་ཁྱབ་རྒྱ་ཧ་ཅང་ཆེ་བས། ཞིབ་ཕྲའི་གཏན་འཁེལ་ཞིག་བཟོ་དཀའ་བ་རེད།འཆར་ཟིན་ནང་གཏན་འཁེལ་བྱས་པ་ནི་ལག་བསྟར་རང་བཞིན་དང་གོ་ཆོད་རང་བཞིན་ལྡན་པ་ཞིག་ཡིན། 

 ལྷང་ངེ་ས་དྲུག་པ།“QQསྒོར་མོ”དང་དྲ་རྒྱའི་རོལ་རྩེད་ཀྱི་དམག་ཆས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་རྒྱུ་རེད། 

 ཆ་འཕྲིན་གྱི་སྤྱི་ཚོགས་ཁྲོད་དུ།གཞི་གྲངས་ཆེན་མོས་ང་ཚོའི་འཚོ་བར་འགྱུར་ལྡོག་བཟོ་བཞིན་ཡོད།གཞི་གྲངས་ཀྱི་ཆ་འཕྲིན་སྣ་ཚོགས་དང“QQསྒོར་མོ”།དྲ་རྒྱའི་རོལ་རྩེད་ཀྱི་དམག་ཆས་སོགས་དྲ་རྒྱའི་རྟོག་བཟོ་རྒྱུ་ནོར་གྱི་བདག་དབང་ཇི་ལྟར་གཏན་འཁེལ་བྱེད་པ་དང་ཇི་ལྟར་སྲུང་སྐྱོབ་བྱེད་པ་སོགས་ནི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཏུ་གྱུར་ཡོད།  འཆར་ཟིན་སྟེང་དུ་དམངས་དོན་བདག་པོས་ཁྲིམས་ལྟར་ཤེས་བྱའི་བདག་དབང་ལོངས་སྤྱོད་བྱེད་ཆོག་པ་དང་།དུས་མཚུངས་སུ་བརྩམས་ཆོས་དང་ཆེད་ཁེའི་བདག་དབང་།ཚོང་རྟགས་སོགས་ཀྱི་རིགས9རེ་རེ་བཞིན་བཀོད་ཡོད་ལ།དེའི་ནང་དུ“གཞི་གྲངས་ཆ་འཕྲིན”ཡང་ཡོད།  “གཏན་འཁེལ་འདི་ནི་དམངས་དོན་སྤྱིའི་རྩ་དོན་འཆར་ཟིན་ནང་གི་འགག་རྒོལ་དང་ལྷིང་ངེ་ས་ཞིག་ཡིན་པས།རང་རྒྱལ་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་ཐད་དུས་རབས་ཀྱི་འདུ་ཤེས་དྲག་པོ་ཞིག་ལྡན་ཞིང་།འཛམ་གླིང་ཁྱབ་ཁོངས་ཀྱི་གཞི་གྲངས་དུས་རབས་ཀྱི་དམངས་ཁྲིམས་བཅོས་བསྒྱུར་ལ་སྣེ་ཁྲིད་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཀྱང་ཡིན་པས་དོན་སྙིང་གལ་ཆེན་ལྡན”ཞེས་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་ཀྲུང་གོ་དམངས་ཁྲིམས་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་དབྱང་ལི་ཞིན་གྱིས་དེ་ལྟར་གདེང་འཇོག་མཐོན་པོ་བྱས།  འཆར་ཟིན་ནང་ད་རུང་དམངས་དོན་བདག་པོས་ཁྲིམས་ལྟར་དངོས་དབང་ལོངས་སྤྱོད་བྱེད་ཆོག་པར་མ་ཟད།བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཞིབ་ཕྲའི་དབང་ཆ་དང་ཡང་ན་དྲ་རྒྱའི་རྟོག་བཟོ་རྒྱུ་ནོར་དངོས་དབང་གི་བྱ་བའི་ཡུལ་ཡིན།གཏན་འཁེལ་དེ་གཞིར་འཛིན་ཆོག་པ་གཏན་འཁེལ་བྱས་ཡོད། 

 ཆེད་མཁས་པས་བསྟན་དོན།དམངས་ཁྲིམས་སྤྱིའི་རྩ་དོན་གྱི་ཁྲིམས་འཛུགས་ནི་ངེས་པར་ཉིན་རེ་བཞིན་འགྱུར་ལྡོག་འབྱུང་བཞིན་པའི་ལག་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་འོག་ཏུ་མངོན་དགོས་ལ།སྒེར་དབང་ལ་སྲུང་སྐྱོབ་བྱེད་པ་མངོན་འགྱུར་བྱེད་དགོས་པ་དང་།ངེས་པར་ཚན་རྩལ་མཐོན་པོའི་དུས་རབས་དང་ཤེས་བྱའི་དཔལ་འབྱོར་གྱི་དུས་རབས་ཚུར་སྣང་བྱས་ཏེ།མཐོང་རྒྱུ་མིད་པའི་རྒྱུ་ནོར་དབང་ཆར་སྲུང་སྐྱོབ་ནུས་ལྡན་བྱེད་དགོས།  དབྱང་ལི་ཞིན་གྱིས་ད་རུང་བསྟན་དོན།རེ་བ་ཡིན་ན“གཞི་གྲངས་ཆ་འཕྲིན”དེ་སྔར་ལས་གནད་ཁེལ་བའི་སྒོ་ནས“བསྐྱར་འགྱུར་གཞི་གྲངས”ལ་གཏན་འཁེལ་བྱེད་དགོས།ཁོས་བཤད་རྒྱུར།ཐོག་མའི་གཞི་གྲངས་དེ་ཐོ་འགོད་དང་ཉར་ཚགས་བྱེད་པ་དང་།རྩིས་རྒྱག་པ་དང་གཅིག་ཏུ་བསྡུས་རྗེས་མ་ལག་ཆགས་ཤིང་བཀོལ་སྤྱོད་ཀྱི་རིན་ཐང་ཡོད་པའི་བསྐྱར་འགྱུར་གཞི་གྲངས་དུ་འགྱུར་ངེས་ཡིན།དཔེར་ན་དངོས་པོ་ཉོ་སྐབས་དགའ་ཕྱོགས་གཞི་གྲངས་དང་ཡིད་རྟོན་ཐོ་འགོད་གཞི་གྲངས་སོགས།དེ་དག་ཤེས་བྱའི་བདག་དབང་དུ་བཞག་ནས་གསལ་པོ་བྱེད་དགོས་པར་མ་ཟད།རིམ་གྱིས་གཞི་གྲངས་ཀྱི་ཆེད་དམིགས་དབང་ཆ་བཟོ་དགོས་སོ།།  ལྷང་ངེ་ས་བདུན་པ།བདེན་མཐོང་དཔའ་སྐྱེད་ཁྲོད་རྨས་སྐྱོན་ཕོག་ན།སྲོག་བསྐྱབས་པའི་མི་དེས་ཁ་གསབ་སྟེར་བར་སྐུལ་མ་གཏོང་བ།  ཉེ་བའི་ལོ་འདི་འགར།བདེན་མཐོང་དཔའ་སྐྱེད་ཀྱི་དབང་གིས་རྩོད་གཞི་བྱུང་བའི་དོན་རྐྱེན་མི་ཉུང་བ་ཞིག་ཡོད།བདེན་མཐོང་དཔའ་སྐྱེད་བྱེད་མཁན་ལ་གྱོང་གུན་ཐེབས་ན།འགན་འཁྲི་སུས་འཁུར་དགོས་པ་དང་།ཁེ་ཕན་ཐོབ་མཁན་གྱིས་ཁ་གསབ་སྟེར་དགོས་མིན་སོགས་ནི་རྩོད་གཞི་འབྱུང་བའི་རྒྱུ་རྐྱེན་དུ་གྱུར་ཡོད།  འཆར་ཟིན་ནང་གཏན་འཁེལ་བྱས་དོན།མི་གཞན་གྱི་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ལ་གྱོང་གུན་ཐེབས་ན།གནོད་འཚེ་གཏོང་མཁན་གྱིས་འགན་འཁྲི་འཁུར་དགོས་པ་དང་།ཁེ་ཕན་ཐོབ་མཁན་གྱིས་ཚད་དང་མཐུན་པའི་ཁ་གསབ་བྱིན་ཆོག གནོད་འཚེ་གཏོང་མཁན་མིད་པའམ་ཡང་ན་གནོད་འཚེ་གཏོང་མཁན་བྲོས་བྱོལ་དུ་སོང་བ།ཡང་ན་གནོད་འཚེ་གཏོང་མཁན་ལ་འགན་འཁྲི་འཁུར་བའི་ནུས་པ་མིད་པ་དང་།གནོད་འཚེ་ཐེབས་མཁན་གྱིས་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ན།ཁེ་ཕན་ཐོབ་མཁན་གྱིས་འོས་འཚམ་གྱི་ཁ་གསབ་བྱིན་ན་འགྲིག  ཆེད་མཁས་པའི་བསམ་པར་འདི་ལ་ཕྱོགས་གསུམ་ནས་གོ་བ་བླངས་ཆོག་པར་འདོད་པ་སྟེ།

གཅིག་ནས་བདེན་མཐོང་དཔའ་སྐྱེད་ཀྱི་དབང་གིས་གྱོང་གུན་ཐེབས་ན།གནོད་འཚེ་གཏོང་མཁན་གྱིས་འགན་འཁྲི་འཁུར་དགོས་པ་དང་།གནོད་འཚེ་གཏོང་མཁན་མིད་ན། སུ་ལ་ཁེ་ཕན་ཐོབ་ན་དེས་ཁ་གསབ་བྱེད་དགོས།འདི་ནི་བྲེལ་བསྟུན་ཉེན་འགོག་དང་འབྲེལ་བའི་དོན་ཚན་ནང་གི་བཅའ་ཁྲིམས་རྩ་དོན་དང་གཅིག་མཚུངས་ཡིན།ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པའམ་ཀྲུང་གོ་དམངས་ཁྲིམས་རིག་པ་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ།རྒྱལ་ཡོངས་དམངས་ཆེན་འཐུས་མི་སུན་ཞན་ཀྲུང་གིས་འདི་ནི་དེང་སྐབས་རང་རྒྱལ་གྱི་བདེན་མཐོང་དཔའ་སྐྱེད་བྱས་པ་ལས་བསླང་བའི་རྩོད་གཞིའི་དཔེ་མཚོན་དོན་དངོས་ལ་ཁ་གཏད་དེ།བཅའ་ཁྲིམས་སྟེང་ནས་བདེན་མཐོང་དཔའ་སྐྱེད་བྱེད་མཁན་ལ་རེ་ཞུ་དབང་ཆ་ཞིག་བསྩལ་བར་འདོད་ཀྱིན་ཡོད།  

གཉིས་ནས་དོན་ཚན་ནང་དུ་ཁེ་ཕན་ཐོབ་མཁན་གྱིས་འོས་འཚམ་གྱི་ཁ་གསབ་བྱིན་ཆོག་པ་ནན་གྱིས་བསྟན་ཡོད།པེ་ཅིན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའམ་ཀྲུང་གོ་དམངས་ཁྲིམས་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་དབྱི་ཐེན་གྱིས་འདི་ནི་སྔོན་ཆད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་གཏན་འཁེལ་གྱི་འགག་སྒྲོལ་ཞིག་ཡིན་པར་འདོད་ཀྱིན་ཡོད།“བྱིན་ཆོག”ཅེས་པ་དེར་བཙན་ཤེད་རང་བཞིན་གྱི་འོས་འགན་མིད་པར་ཀུན་སྤྱོད་སྟེང་གི་སྐུལ་སློང་ཞིག་ཡིན། བདེན་མཐོང་དཔའ་སྐྱེད་བྱེད་མཁན་མང་པོ་ཞིག་ལ་ཐེབས་པ་ནི་མི་ལུས་ཀྱི་གནོད་འཚེ་ཡིན་པས།མི་ལུས་ཀྱི་གནོད་འཚེ་ནི་སྒོར་མོས་ཁ་གསབ་བྱེད་ཐུབ་པ་ཞིག་མིན།ཁེ་ཕན་ཐོབ་པའི་མིས་བརྩེ་དུང་གི་སྟེང་ནས་ཁ་གསབ་བྱེད་པ་དེས་བཅའ་ཁྲིམས་ཀྱིས་བདེན་མཐོང་དཔའ་སྐྱེད་ཐད་བྱ་དགའ་དང་ཀུན་སྤྱོད་ཁྲིད་སྟོན་བྱེད་ཀྱིན་པ་མཚོན་ཡོད།  

གསུམ་ནས“བྱིན་ཆོག”ཅེས་པར་ད་རུང་འདི་ལྟར་གོ་བ་བླངས་ཆོག་སྟེ། བདེན་མཐོང་དཔའ་སྐྱེད་མཁན་ལ་གནོད་འཚེ་ཐེབས་པའི་འགན་འཁྲི་དེ་གནོད་འཚེ་གཏོང་མཁན་གྱིས་འཁུར་མིན་གང་ཡིན་རུང་།གལ་ཏེ་ཁེ་ཕན་ཐོབ་མཁན་གྱིས་བདེན་མཐོང་དཔའ་སྐྱེད་མཁན་ལ་ཁ་གསབ་བྱིན་རྗེས།འགྱོད་པ་སྐྱེས་ཏེ་ཕྱིར་བླངས་མི་ཆོག་ཅེས་པ་དེའོ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།