ཀྲུང་གོ་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་རེའུ་མིག་མདོར་བསྡུས།

res19_attpic_brief.jpg

1933ལོའི་ཟླ10པར། ཝང་མིང་གི“གཡོན”ལྷུང་ཉེན་མཆོང་རིང་ལུགས་ཀྱི་དམག་དོན་འཐབ་ཇུས་ཀྱི་གནོད་འཚེས་རྐྱེན་པས་སུའུ་ཝེ་ཨེད་གསར་བརྗེའི་ས་ཁུལ་ཁག་གིས“བསྐོར་བཅོམ”ལ་ཕར་རྒོལ་བྱས་པར་སྔ་ཕྱིར་ཕམ་ཉེས་བྱུང་བར་བརྟེན་ཀྲུང་གོ་བཟོ་ཞིང་དམར་དམག་གིས་རྒྱང་སྐྱོད་མ་བྱེད་ཀ་མེད་བྱུང་།

1934ལོའི་ཟླ10ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ལྷན་གྱིས་དམར་དམག་དཔུང་སྡེ་ཁག་དང་པོའི་དམག་མི་ཁྲི8.6སྣེ་འཁྲིད་དེ་ཡུས་ཏུའུ་དང་རུའེ་ཅིན་ས་ཁུལ་ནས་རྡོག་ཐོན་བྱས་ཏེ་རྒྱང་སྐྱོད་བྱེད་འགོ་ཚུགས། དམར་དམག་གིས་གོ་མིན་ཏང་དམག་གི་བཀག་བཅད་ས་མཚམས4ལས་བརྒལ་བས་མི་ཁྲི3ལྷག་ཙམ་བར་ཉུང་དུ་སོང་ཞིང་། ཟླ12ཚེས18ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་མའོ་ཙེ་ཏུང་དམར་དམག་གིས་ཀུའེ་ཀྲོའུ་རུ་དཔུང་སྐྱོད་བྱེད་པའི་འདོད་ཚུལ་ལ་ཁས་ལེན་བྱས་ཏེ་དམག་ཡོངས་དགྲ་ལག་ཏུ་ཚུད་པའི་ཉེན་ཁ་ལས་གཡོལ་ཐུབ་ནས1935ལོའི་ཟླ1ཚེས7ཉིན་ཙུན་དབྱི་བླངས།

1935ལོའི་ཟླ1ཚེས15ཉིན་ནས་ཚེས17ཉིན་བར། ཙུན་དབྱི་ཚོགས་འདུ་འཚོགས་ནས་ཝང་མིང་གི་ཡང་མི་དག་པའི་འགོ་ཁྲིད་ཀྱིས་ཀྲུང་དབྱང་དབང་སྒྱུར་བྱེད་མཚམས་བཞག་པ་དང་འབྲེལ། མའོ་ཙེ་ཏུང་གིས་འཐུས་ཚབ་གནང་བའི་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་གསར་པ་གཏན་འཁེལ་བྱས་ཏེ་དམར་དམག་དང་ཏང་བསྐྱབས།

1935ལོའི་ཟླ1ཚེས19ཉིན། དམར་དམག་དཔུང་སྡེ་ཁག་དང་པོས་ཙུན་དབྱི་ནས་བྱང་ཤར་ས་ཁུལ་དུ་ཐོན་ཏེ་ཁྲེ་ཧུའེ་གཙང་པོ་ཐེངས་བཞི་བརྒལ་བ་དང་། ཝུའུ་ཅང་གཙང་པོ་སྒྲོལ་བ། ཀུའེ་དབྱང་རྫུན་རྒོལ་བྱས་པ། ཁུན་མིང་ལ་ཉེན་ཁ་བཟོས་པ། ཐབས་མཁས་ཀྱིས་འབྲི་ཆུ་བརྒལ་བ། ཏ་ལེའང་ཧྲན་བརྒྱུད་ནས་རྒྱལ་མོ་རྔུལ་ཆུ་སྒྲོལ་བ། ལུའུ་ཏིང་ལྕགས་ཟམ་མྱུར་དུ་བཟུང་བ། ཅ་ཅིན་ཧྲན་བརྒལ་བ་སོགས་བྱས་ནས་ཟླ་དྲུག་པའི་ཟླ་དཀྱིལ་དུ་སི་ཁྲོན་གྱི་མའོ་ཀུང་ས་ཁུལ་དུ་འབྱོར།

1934ལོའི་ཟླ8ཚེས7ཉིན། དམར་དམག་འབུམ་ཤོག་དྲུག་པས་ཧུའུ་ནན་དང་ཅང་ཤིས་དང་། ཧུའུ་ནན་ཧུའུ་པེ་ཅང་ཤིས་བཅས་ཀྱི་སུའུ་ཝེ་ཨེད་གསར་བརྗེའི་ས་ཁུལ་ནས་ནུབ་ཕྱོགས་སུ་རྒྱང་སྐྱོད་བྱས་ཏེ་ཟླ10ཚེས24ཉིན་ཀུའེ་ཀྲོའུ་ཤར་རྒྱུད་ཀྱི་དབྱིན་ཅང་རྫོང་མུའུ་ཧོང་གྲོང་རྡལ་དུ་འབྱོར་ནས་དམར་དམག་འབུམ་ཤོག་གསུམ་པ་དང་ལྷན་འཛོམས་བྱུང་། དམར་དམག་འབུམ་ཤོག་གསུམ་པས་དམར་དམག་འབུམ་ཤོག་གཉིས་པའི་དམག་དཔུང་གི་ཨང་རྟགས་སླར་གསོ་བྱས་ཏེ་ཧུའུ་ནན་དང་། ཧུའུ་པེ། སི་ཁྲོན། ཀུའེ་ཀྲོའུ་བཅས་སུའུ་ཝེ་ཨེད་གསར་བརྗེའི་ས་ཁུལ་ཐུན་མོང་ཐོག་བཏོད་ཡོད།

1934ལོའི་ཟླ11ཚེས16ཉིན། དམར་དམག་འབུམ་ཤོག་ཉི་ཤུ་རྩ་ལྔ་ཡིས་ཧུའུ་པེ་དང་། ཧོ་ནན། ཨན་ཧུའེ་བཅས་ཀྱི་སུའུ་ཝེ་ཨེད་གསར་བརྗེའི་ས་ཁུལ་ནས་ནུབ་ཀྱི་ཕྱོགས་སུ་རྒྱང་སྐྱོད་བྱས་ཏེ་ཟླ12པའི་ཟླ་སྟོད་དུ་ཧྲན་ཤིས་ཀྱི་ས་ཁོངས་སུ་སླེབས་ནས་ཧུའུ་པེ་དང་། ཧོ་ནན། ཧྲའན་ཤིས་བཅས་ཀྱི་སུའུ་ཝེ་ཨེད་གསར་བརྗེའི་ས་ཁུལ་བཏོད་ཡོད། 1935ལོའི་ཟླ7ཚེས16ཉིན་ཧྥེང་ཡུས་གའུ་ནས་ནུབ་ཀྱི་ཕྱོགས་སུ་ཐོན་པ་དང་། ཟླ9ཚེས16ཉིན་ཏ་ཡན་ཁྲོན་རྫོང་ཡུང་ཕིང་གྲོང་རྡལ་དུ་འབྱོར་ནས་བློ་མཐུན་ལིའུ་ཀྲེ་ཏན་གྱིས་འགོ་ཁྲིད་གནང་བའི་ཧྲན་ཀན་དམར་དམག་དང་དམག་དཔུང་མཉམ་འཛོམས་བྱུང་ནས་དམར་དམག་འབུམ་ཤོག་བཅོ་ལྔ་བཙུགས་པས་དམར་དམག་འབུམ་ཤོག་ཉི་ཤུ་རྩ་ལྔའི་རྒྱང་སྐྱོད་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད།

1935ལོའི་ཟླ་གསུམ་པའི་ཟླ་སྨད་དུ། དམར་དམག་འབུམ་ཤོག་བཞི་པས་ཅ་ལིན་གཙང་པོའི་གཡུལ་འགྱེད་བྱས་རྗེས་སུའུ་ཝེ་ཨེད་གསར་བརྗེའི་ས་ཁུལ་གྱི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་ཡོད། འོན་ཀྱང་། ཀྲང་གོ་ཏའོ་ཡིས་རང་དགར་སི་ཁྲོན་དང་ཧྲའན་ཤིས་ཀྱི་སུའུ་ཝེ་ཨེད་གསར་བརྗེའི་ས་ཁུལ་བློས་གཏོང་རྒྱུའི་ཐག་བཅད་དེ་ཅ་ལིན་གཙང་པོ་དང་། ཧྥུའུ་ཧྲུའེ། མིན་ཅང་གཙང་པོ་བཅས་བརྒལ་ནས་ལི་ཧྥན་དང་མའོ་ཀུང་རྒྱུད་དུ་འབྱོར་བ་དང་། ཟླ་དྲུག་པའི་ཟླ་དཀྱིལ་དུ་དམར་དམག་དཔུང་སྡེ་ཁག་དང་པོ་དང་དམག་དཔུང་མཉམ་འཛོམས་བྱུང་བ་རེད།

1935ལོའི་ཟླ8ཚེས3ཉིན། ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ལྷན་གྱིས་དམར་དམག་གཡས་གཡོན་ཁག་གཉིས་སུ་ཕྱེ་སྟེ་ཀྲུང་དབྱང་དང་ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ལྷན་གྱིས་གཡས་ཕྱོགས་དམག་དང་མཉམ་དུ་བྱང་ཤར་ས་ཁུལ་དུ་བསྐྱོད། ཀྲུའུ་ཏེ་དང་ཀྲང་གོ་ཏའོ་ཡིས་གཡོན་ཕྱོགས་དམག་སྣེ་འཁྲིད་དེ་བྱང་ཤར་ས་ཁུལ་དུ་སྐྱོད་ནས་ཟླ་བརྒྱད་པའི་ཟླ་མཇུག་ཏུ་སྔོན་གཏན་འཁེལ་བའི་ས་ཁུལ་དུ་སོ་སོར་འབྱོར། སྐབས་དེ་དུས་ཀྲང་གོ་ཏའོ་ཡིས་ལྷོ་ཕྱོགས་སུ་སྐྱོད་པའི་བྱེད་ཕྱོགས་སླར་ཡང་བཏོན་པ་མ་ཟད། ཀྲུང་དབྱང་ལ་གནོད་འཚེ་བཟོ་བའི་རེ་ངན་བཅངས། ཉེན་ཁ་ལས་སྒྲོལ་ཆེད། ཀྲུང་གུང་ཀྲུང་དབྱང་གིས་འཕྲལ་དུ་དམར་དམག་དཔུང་སྡེ་ཁག་དང་པོའི་གཙོ་ཤུགས་དམག་སྣེ་འཁྲིད་དེ་སྔོན་ལ་བྱང་ཤར་ས་ཁུལ་དུ་བསྐྱོད། ཟླ9ཚེས17ཉིན་སྔ་རྗེས་སུ་ལ་ཙི་གའུ་ཡི་འགག་སྒོ་གཏོར་ནས་ཧ་ཏ་ཕུའུ་དང་། ཕང་ལུའོ་གྲོང་རྡལ། ཐུང་ཝུའེ་བཅས་དང་བླངས་པ་དང་དེ་ནས་ལིའུ་ཕན་རི་བོ་བརྒལ་ཏེ་ཟླ10ཚེས19ཉིན་ཝུ་ཆི་གྲོང་རྡལ་དུ་འབྱོར་ནས་དམར་དམག་འབུམ་ཤོག་བཅོ་ལྔ་པ་དང་དམག་དཔུང་མཉམ་འཛོམས་བྱུང་།

ཀྲུང་གུང་ཀྲུང་དབྱང་བྱང་ཕྱོགས་སུ་བསྐྱོད་རྗེས། ཀྲང་གོ་ཏའོ་ཡིས་དམར་དམག་དཔུང་སྡེ་ཁག་བཞི་པའི་དམག་མི་ཁྲི8ལྷག་ཙམ་ལ་ལྷོ་ཕྱོགས་སུ་སྐྱོད་རྒྱུའི་བཀའ་བཏང་བ་དང་། ཟླ10ཚེས5ཉིན། འཛེམ་བག་མེད་པར“ཀྲུང་དབྱང”གཞན་ཞིག་བཙུགས་ཏེ་རང་ཉིད་ཀྲུའུ་ཞིར་བཀོད། 1936ལོའི་ཟླ་བཞི་པའི་ཟླ་སྟོད་བར། དམར་དམག་དཔུང་སྡེ་ཁག་བཞི་པར་དམག་མི་ཁྲི4ལྷག་ཙམ་ལས་ལྷག་མེད་པ་རེད། ཟླ6ཚེས6ཉིན། ཀྲང་གོ་ཏའོ་ཡིས་དུས་བབ་དབང་གིས་ཀྲུང་དབྱང་རྫུས་མ་མེད་པ་བཟོ་དགོས་བྱུང་།

1935ལོའི་ཟླ11པར་། ཧུའུ་ནན་དང་། ཧུའུ་པེ། སི་ཁྲོན། ཀུའེ་ཀྲོའུ་བཅས་ཀྱི་སུའུ་ཝེ་ཨེད་གསར་བརྗེའི་ས་ཁུལ་གྱི་དམར་དམག་འབུམ་ཤོག་གཉིས་པ་དང་དྲུག་པས་གོ་མིན་ཏང་གི་བསྐོར་སྐྱིལ་ལས་བརྒལ་ཏེ་སང་ཀྲེ་ནས་ཐོན་ཏེ་རྒྱང་སྐྱོད་བྱས། 1936ལོའི་ཟླ་བཞི་པའི་ཟླ་མཇུག་ཏུ་འབྲི་ཆུ་སྒྲོལ་བ་དང་ཟླ་ལྔ་པར་གངས་རི་ཆེན་པོ་བརྒལ་ནས་ཟླ7ཚེས2ཉིན་དཀར་མཛེས་སུ་དམར་དམག་དཔུང་སྡེ་ཁག་བཞི་པ་དང་དམག་དཔུང་མཉམ་འཛོམས་བྱུང་། དམར་དམག་འབུམ་ཤོག་གཉིས་པ་དང་དྲུག་པ་དམར་དམག་དཔུང་སྡེ་ཁག་གཉིས་པར་བསྒྱུར།

1936ལོའི་ཟླ་བདུན་པའི་ཟླ་སྟོད་དུ། དམར་དམག་དཔུང་སྡེ་ཁག་གཉིས་པ་དང་བཞི་པའི་དམག་དཔུང་མཉམ་འཛོམས་བྱུང་རྗེས་། ཀྲུང་དབྱང་གི་བརྩོན་ལེན་ཧུར་ཐག་དང་ཀྲུའུ་ཏེ་དང་། ལིའུ་པོའོ་ཁྲེང་། རེན་པི་ཧྲེ། ཧེ་ལུང་སོགས་ཀྱི་འཐབ་རྩོད་མཐའ་གཅིག་ཏུ་བྱས་པ་བརྒྱུད། ཀྲང་གོ་ཏའོ་ཡིས་དམར་དམག་དཔུང་སྡེ་ཁག་གཉིས་པ་དང་མཉམ་དུ་བྱང་ཤར་ས་ཁུལ་དུ་སྐྱོད་རྒྱུའི་མོས་མཐུན་མ་བྱེད་ཀ་མེད་བྱུང་། ཟླ་བཅུ་པའི་ཟླ་སྟོད་དུ་དམར་དམག་དཔུང་སྡེ་ཁག་བཞི་པ་ཧུའེ་ཉིང་དུ་འབྱོར་བ་དང་དམར་དམག་དཔུང་སྡེ་ཁག་གཉིས་པ་ཉིང་ཅིང་དུ་འབྱོར་ནས་ལྷོ་ཕྱོགས་སུ་སྐྱོད་རྒྱུར་གཅིག་གཞོགས་གཅིག་འདེགས་བྱེད་མཁན་དམར་དམག་དཔུང་སྡེ་ཁག་དང་པོ་དང་དམག་དཔུང་མཉམ་འཛོམས་བྱུང་། དེ་ནས་བཟུང་གཙོ་ཤུགས་དམག་གསུམ་གྱི་དུས་ཡུན་ལོ་གཉིས་ཀྱི་རྒྱང་སྐྱོད་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།