ལས་གནས་ཉེས་བསགས་སྔོན་འགོག་བྱེད་པའི་བོད་སྐད་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱེད་མགོ་བརྩམས་པ།

ཉེ་ཆར།བོད་སྐད་གཙོ་བོ་ཡིན་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་གནས་ཉེས་བསགས་སྔོན་འགོག་བྱེད་པའི་སྐོར་ཞིབ་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱེད་མགོ་བརྩམས།ཐོག་དང་པོའི་སྒྲོག་འགྲེལ་བྱ་འགུལ་དེ་མགོ་ལོག་གྲོས་ཚོགས་ལྟེ་གནས་སུ་བསྡུས།རྒྱུས་ལོན་པ་ལྟར་ན།བོད་སྐད་གཙོ་བོ་ཡིན་པའི་ལས་གནས་ཉེས་བསགས་སྒྲོག་འགྲེལ་བྱ་འགུལ་དེ་ཐོག་དང་པོར་མགོ་ལོག་ཁུལ་དུ་སྤེལ་ཅིང་།དེ་ནི་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་ཀྱི་ཐོག་མ་ཡིན།

རྒྱུས་ལོན་པ་ལྟར་ན།མགོ་ལོག་ཁུལ་ཨུས་ཆོག་མཆན་བཀོད་པ་བརྒྱུད།མགོ་ལོག་ཁུལ་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱིས་ད་ལོར་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་བོད་སྐད་གཙོ་བོ་ཡིན་པའི་ལས་གནས་ཉེས་བསགས་སྔོན་འགོག་སྐོར་ཞིབ་སྒྲོག་འགྲེལ་བྱ་འགུལ་སྤེལ་རྒྱུའི་ཐག་བཅད་པ་དང་།མགོ་ཁྲིད་ཚན་ཆུང་བཙུགས་པར་མ་ཟད།ཁུལ་ཡོངས་ཀྱི་ཞིབ་དཔྱོད་མ་ལག་ནས་ཞིབ་དཔྱོད་ཉེན་རྟོག་པ20ལྷག་སྐོང་འཐེན་བྱས་པ་དང་།མགོ་ལོག་ཁུལ་གྱི་རྫོང་དྲུག་པོ་དང་ད་རུང་ཞང་གྲོང་དང་དགོན་པ་ཁ་ཤས་ལ་སོང་ནས།ལས་གནས་ཉེས་བསགས་སྔོན་འགོག་སྒྲོག་འགྲེལ་དང་བཅའ་ཁྲིམས་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ།

ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་གྱིས“ལས་གནས་ཉེས་བསགས་སྔོན་འགོག་བྱས་ཏེ།སྤྱི་དམངས་སྤྱོད་གཙང་ཡོང་བར་སྐུལ་འདེད་གཏོང་བ”བརྗོད་གཞི་བྱས་ཏེ།དེང་སྐབས་ཀྱི་རུལ་སུངས་འཐབ་རྩོད་སྔར་བཞིན་ཛ་དྲག་ཡིན་པའི་གནས་བབ་ནས་མགོ་རྩོམ་པ་དང་།ཞིང་ཆེན་ཡོངས་དང་གཞན་ད་རུང་མགོ་ལོག་ཁུལ་དུ་བྱུང་བའི་ལས་གནས་ཉེས་བསགས་གྱོད་དོན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་པ་བརྒྱུད།ལས་གནས་ཉེས་བསགས་ཀྱི་ཐུན་མོང་གི་ཁྱད་ཆོས་བཙལ་ནས།དེ་བསྟུན་གྱི་གོ་རྟོགས་ཐོབ་ཏུ་བཅུགམཇུག་མཐར།ཅའོ་ཡུས་ལུའུ་སོགས་ཀྱི་གནས་ཚུལ་བརྗོད་དེ་མི་ཞིག་ཡིན་ན་རང་ཉིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས་པའི་སློབ་གསོ་བཏང་བ་དང་མཉམ་དུ།སྐལ་བཟང་གི་སྤྱོད་ལེགས་བཪྙན་རིས་ལ་བལྟ་རུ་བཅུག་སྟེ།ཁོང་ཉིད་མིག་དཔེ་རུ་འཛིན་པ་དང་།དངོས་གནས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་སློབ་གསོ་བཏང་།སྒྲོག་འགྲེལ་ཚོགས་པའི་ཉེན་རྟོག་པ་རྣམས་ཀྱིས་རུལ་སུངས་བརྗོད་གཞི་ཡིན་པའི་བོད་སྐད་ཀྱི་གར་ཆུང་དང་མི་རིགས་གླུ་གར་སོགས་བསྒྲིགས་ཡོད།སྒྲོག་འགྲེལ་བྱེད་པའི་སྐབས་སུ།ལས་ཁུངས་ཀྱི་ལས་བྱེད་པ་དང་འབྲོག་ཁུལ་མང་ཚོགས།དགོན་པའི་གྲྭ་བཙུན་བཅས་ལ་ལས་གནས་ཉེས་བསགས་སྔོན་འགོག་དང་།ཞུ་གཏུག་ཤེས་བྱ།ཞིབ་དཔྱོད་ལས་དོན་སྤྱི་བསྒྲགས།

དཔེ་མཚོན་གྱོད་དོན་སོགས་ཀྱི་རིགས30དང་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་སྒྲོག་ཡིག་རིགས་དེབ་ཁྲི15ལྷག་བཀྲམ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།