གནོད་སྐྱོན་དང་འབྲེལ་བའི་བཅའ་ཁྲིམས་སྐོར་གྱི་དྲི་བ་དྲིས་ལན།

༡ བུ་སྐལ་ལེན་པ་དང་བྱིས་པ་གཉོར་སྐྱོང་།བུའི་ཚབ་ཏུ་ཉར་བ་སོགས་ཀྱི་བར་ལ་འབྲེལ་བ་ག་འདྲ་ཡོད་།

  ལན། བུ་སྐལ་ལེན་པ་ནི་བཅའ་ཁྲིམས་ཀྱིས་གཏན་ཀེལ་བྱས་པའི་ཆ་རྐྱེན་དང་གོ་རིམ་ལྟར་མི་གཞན་གྱི་བྱིས་པ་རང་གི་བུའི་ཚབ་ཏུ་ཉར་བའི་དམངས་དོན་བྱ་སྤྱོད་ཅིག་ལ་ཟེར།

བྱིས་པ་གཉོར་སྐྱོང་ནི་ས་གནས་ཀྱི་དམངས་སྲིད་སྡེ་ཁག་དང་སྙིང་རྗེ་སྡེ་ཁག་གིས་གཏན་ཁེལ་བྱས་པའི་ཆ་རྐྱེན་ལྟར་བྱིས་པ་གཉོར་སྐྱོང་བྱས་པ་ལ་ཟེར་ཞིང་།སྡེ་ཁག་དེ་དག་གིས་དུས་ཡུན་གཏན་ཁེལ་བྱས་ཏེ་བྱིས་པ་དེར་སྐོར་རྒྱག་པ་དང་ཡང་ན་ཁ་པར་དང་འཕྲིན་ཡིག་སོགས་ཀྱི་ལམ་ནས་གཞན་གྱིས་གཉོར་སྐྱོང་བྱེད་བཞིན་པའི་བྱིས་པ་དེར་འབྲེལ་བ་བཟུང་སྟེ།བྱིས་པས་རང་མགོ་འཁྱོངས་པའི་བར་དུ་སློབ་སྦྱོང་དང་འཚོ་བའི་འགྲོ་སོང་ལ་མཐུན་རྐྱེན་བསྐྲུན་དགོས།

དྭ་ཕྲུག་གཅིག་གཉོར་སྐྱོར་བྱས་ན་བཅའ་ཁྲིམས་མཚན་ཉིད་སྟེང་གི་ཤ་ཁྲག་གི་འབྲེལ་བ་མི་ཆགས་པའམ་ཡང་ན་སྔར་ཡོད་ཀྱི་འབྲེལ་བར་འགྱུར་ལྡོག་མི་འབྱུང་།ཁ་གསལ་ནས་བཤད་ན་གཉོར་སྐྱོང་བྱེད་མཁན་དང་བྱིས་པའི་བར་ལ་བཅའ་ཁྲིམས་མཚན་ཉིད་སྟེང་གི་ཤ་ཉེ་རིང་གི་འབྲེལ་བ་མེད་པ་དེ་རེད།

རང་རྒྱལ་གྱི་བཅའ་ཁྲིམས་སྟེང་བུ་སྐལ་བླངས་པ་ཡིན་ན་ཕན་ཚུན་བར་ཤ་ཉེ་རིང་གི་འབྲེལ་བ་ཡོད་པར་ཁས་ལེན་པ་དང་།རང་རྒྱལ་གྱི<<གཉོར་སྐྱོང་བཅའ་ཁྲིམས>>ཀྱི་གཏན་ཁེལ་ལྟར་ན། གཉོར་སྐྱོང་བྱེད་མཁན་དང་གཉོར་སྐྱོང་བྱེད་དགོས་པའི་བྱིས་པའི་བར་ལ་ཤ་ཉེ་འབྲེལ་བ་ཆགས་ཡོད་པ་དེར་བཅའ་ཁྲིམས་སྟེང་འདྲ་མཚུངས་ཤ་ཉེ་ཟེར་ཞིང་།གཉོར་སྐྱོང་བྱེད་མཁན་དེ་བྱིས་པའི་ཕའམ་མ་ཡིན་པས་ཤུལ་འཛིན་གོ་རིམ་དང་པོ་ལྟར་གཉོར་སྐྱོང་བྱེད་མཁན་གྱི་རྒྱུ་ནོར་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད་ལ་གཉོར་མཁན་ལ་བྱིས་པམདེ་གཉོར་སྐྱོང་བྱེད་པའི་འོས་འགན་ཡོད་པར་མ་ཟད་བྱིས་པ་དེར་ཡང་རང་ཉིད་གཉོར་སྐྱོང་བྱེད་པའི་མི་གསོ་སྐྱོང་བྱེད་པའི་འོས་འགན་ཡང་ཡོད་། བཅའ་ཁྲིམས་ཀྱི་འབྲེལ་བ་འདི་དག་ལ་བཅའ་ཁྲིམས་སྟེང་ཤ་ཉེའི་འབྲེལ་བ་ཟེར།

མདོར་ན།བུའི་ཚབ་ཏུ་ཉར་བ་དང་བྱིས་པ་གཉོར་སྐྱོང་གཉིས་བར་ལ་ཤ་ཉེ་ཡི་བཅའམཁྲིམས་མཚན་ཉིད་སྟེང་གི་བཅའམཁྲིམས་འབྲེལ་བ་མི་འབྱུང་བ་ཡིན་ལ། བུ་སྐལ་བླངས་པ་ཡིན་ན་ཤ་ཉེ་བཅའ་ཁྲིམས་ཀྱི་ནུས་པ་ཡོད་།ཡང་གཅིག་བཤད་ན་བྱིས་པ་དེ་བུ་སྐལ་ལེན་མཁན་གྱི་བུ་ངོ་མ་ཡིན་པས་ཁོ་ཚོའི་བར་ལ་ཤ་ཉེ་བཅའ་ཁྲིམས་སྟེང་གི་འབྲེལ་བ་འབྱུང་བ་ཡིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།