ཀྲུང་གོ་བོད་ཀྱི་དྲ་བ།

པ་སངས་ཀྱི་གནད་དོན་དེ་ཇི་ལྟར་ཐག་གཅོད་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474252291905184.png

གྱོད་དཔེ།

པ་སངས་ཀྱིས་སྒོར800ཅན་གྱི་ལྕགས་རྟ་ཞིག་ཉོས་ཏེ་ནམ་རྒྱུན་འཛུམ་དམུལ་དམུལ་ངང་བྱ་བ་སྒྲུབ་ཏུ་འགྲོ་བ་ཡིན། ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་ཁོས་རང་གི་ལྕགས་རྟ་དེ་ཐོག་ཁང་གི་བར་ཁྱམས་སུ་བཞག་ཡོད་པ་རྐུན་མས་བརྐུས། ཕྱི་ཉིན་ནངས་མོར་ཁོས་རང་གི་ལྕགས་རྟ་བརྐུས་ཟིན་མ་ཤེས་ཏེ་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱས་པ་དང་། ཉིན་འགའི་རྗེས་སུ་སྤྱི་བདེ་ལས་ཁུངས་ཀྱིས་རྐུན་མ་འཛིན་བཟུང་བྱས་ལ་དེས་བརྐུས་པའི་ལྕགས་རྟ་ནི་རྒྱུ་སྤུས་དང་བཟོ་དབྱིབས་ཕྱོགས་གང་གི་ཆ་ནས་བལྟས་ཀྱང་པ་སངས་ཀྱི་ལྕགས་རྟ་དང་ཀུན་ནས་མཚུངས། དེ་བས་སྤྱི་བདེ་ལས་ཁུངས་ཀྱིས་པ་སངས་ལ་བརྡ་བཏང་སྟེ་ངོས་འཛིན་དུ་བཅུག་པ་དང་ཁོས་ཞིབ་ལྟ་ཞིག་བྱས་པའི་ཚེ་དེའི་རྒྱུ་སྤུས་དང་འཁོར་རྟགས་སོགས་རང་གི་ལྕགས་རྟ་དང་ཤིན་དུ་མཚུངས་ནའང་།སྒལ་ཤིང་སྟེང་གི་ཨང་ཀི་མི་འདྲ་བ་མཐོང་བས་ཉེན་རྟོག་པ་ལ་གནས་ཚུལ་བཤད། ཉེན་རྟོག་པ་དེས་ཁོ་ལ་བཤད་རྒྱུར། ཁྱོད་ལ་ལྕགས་རྟ་ཞིག་ཕྱིར་བྱིན་ན་དགའ་དགའ་བྱོས། གཞན་རྣམས་ཀྱིས་ད་དུང་རྙེད་ཀྱིན་མི་འདུག་ཟེར།  འོ་ན་ཉེན་རྟོག་པ་དེས་གྱོད་དོན་ཐག་གཅོད་བྱེད་ཚུལ་འགྲིག་གམ།

ཁྲིམས་བཤད།

ཉེན་རྟོག་པ་དེས་ལྕགས་རྟའི་གྱོད་དོན་ཐག་གཅོད་ཚུལ་ནི་ནོར་འཁྲུལ་ཡིན། གལ་ཏེ་པ་སངས་ཀྱི་ལྕགས་རྟ་དེའི་དཔང་ཡིག་ལ་ཞིབ་བཤེར་བྱས་ཏེ་ར་སྤྲོད་བྱུང་ཚེ། ངེས་པར་དུ་པ་སངས་ལ་ཕྱིར་སྤྲོད་འོས་མོད། ཡིན་ནའང་ལྕགས་རྟ་དེ་ནི་པ་སངས་ཀྱི་ལྕགས་རྟ་མིན་པ་གསལ་ཐག་ཆོད། ལྕགས་རྟའི་བདག་པོ་མི་རྙེད་པའི་གནས་ཚུལ་འོག་ཏུ་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་སྤྱི་བསྒྲགས་སྦྱར་ཏེ་ལྕགས་རྟའི་བདག་པོ་ལ་བརྡ་གཏོང་དགོས་པར་མ་ཟད། ལྕགས་རྟ་དེ་ལ་ཐོ་གཞུང་ཡང་བཟོ་དགོས། གལ་ཏེ་ད་དུང་ལེན་དུ་ཡོང་མཁན་མེད་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་མངོན་སུམ་སྒོས་ལྕགས་རྟ་ཕྱིར་བཙོང་ཆོག་པ་དང་ཡང་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཐག་བཅད་ཆོག་ལ། དེ་ལས་ཐོབ་པའི་ཡོང་འབབ་ཐམས་ཅད་རྒྱལ་མཛོད་དུ་འབུལ་དགོས།

བདེ་འཇགས་གྱོད་གཞིས་ཞིབ་གཅོད་བྱས་ཏེ་ཐོབ་པའི་དུག་རྫས་དང་ཆགས་སྤྱོད་དངོས་རྫས་སོགས་བཀག་སྡོམ་དངོས་པོ་དང་། ཤོ་རྒྱག་བྱེད་ཀྱི་ཡོ་བྱད་དང་ཤོ་དངུལ། དུག་རྫས་འཐེན་བྱེད། རྡུང་རེས་རྒྱག་བྱེད་ཀྱི་ཡོ་བྱད་ལ་སོགས་ཐད་ཀར་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་ཡོ་བྱད་ཐམས་ཅད་གཞུང་བཞེས་བྱེད་འོས་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཐག་གཅོད་དགོས། བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་ནས་ཐོབ་པའི་རྒྱུ་རྫས་རྣམས་ལ་བདའ་འདེད་བྱས་ཏེ་གནོད་འཚེ་ཐེབས་མཁན་ལ་ཕྱིར་སྤྲོད་དགོས། གལ་ཏེ་གནོད་འཚེ་ཐེབས་མཁན་མེད་ཚེ་ཐོ་གཞུང་བཟོས་ནས་མངོན་སུམ་དུ་ཕྱིར་བཙོང་ཆོག་པ་དང་ཡང་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཐག་གཅོད་བྱ་དགོས་ལ། དེ་ལས་ཐོབ་པའི་ཡོང་འབབ་ཐམས་ཅད་རྒྱལ་མཛོད་དུ་འབུལ་དགོས།

འདིའི“བཀག་སྡོམ་དངོས་པོ”ཞེས་པ་ནི་རྒྱལ་ཁབ་ཀྱི་གཏན་ཁེལ་ནང་དུ་སྤྱི་དམངས་ཀྱིས་གང་འདོད་དུ་ཉར་ཚགས་དང་བཀོལ་སྤྱོད་བྱས་མི་ཆོག་པའི་དངོས་རྫས་ལ་ཟེར། དཔེར་ན། དུག་རྫས། ཆགས་སྤྱོད་དངོས་རྫས། མེ་མདའ། འགད་རྫས་ལ་སོགས་པའི་དངོས་པོ་ལྟ་བུ། ཤོ་རྒྱག་བྱེད་ཀྱི་ཡོ་བྱད་དང་ཤོ་འངུལ། དུག་རྫས་འཐེན་བྱེད་ཀྱི་ཡོ་བྱད་ལ་སོགས་པ་རྣམས་ནི“ཁྲིམས་འགལ་རྒྱུ་ནོར”གྱི་ཁོངས་སུ་གཏོགས། “ཁྲིམས་འགལ་གྱི་ཡོང་འབབ”ཞེས་པ་ནི་ཁྲིམས་འགལ་མི་སྣས་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་བརྟེན་ནས་ཐོབ་པའི་རྒྱུ་རྫས་ཐམས་ཅད་ལ་ཟེར།དེར་དངུལ་སྒོར་དང་དངོས་རྫས་གཉིས་ཀ་འདུས། “ཐད་ཀར་ཁྲིམས་འགལ་གྱི་བྱ་སྤྱོད་དུ་བཀོལ་བའི་ཡོ་བྱད”ཅེས་པ་ནི་ཁྲིམས་འགལ་བྱ་སྤྱོད་མི་སྣས་ཐད་ཀར་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་དུ་བཀོལ་བའི་སྤྱིར་བཏང་གི་ཐོན་སྐྱེད་འཚོ་བའི་ཡོ་བྱད་ལ་ཟེར། དཔེར་ན། གྲི་ཆུང་། སྐམ་པ། གཅུ་འབིག་ལ་སོགས་པའོ།

སྤྱི་བདེ་ལས་ཁུངས་ཀྱིས་གཤམ་གསལ་གྱི་ཁྲིམས་འགལ་བྱ་འགུལ་དུ་བཀོལ་བའི་ཡོ་བྱད་དང་སྒྲིག་ཆས། ཡང་ན་གྱོད་དོན་དང་འབྲེལ་བའི་རྒྱུ་རྫས་རྣམས་ངེས་པར་དུ་གཞུང་བཞེས་བྱ་དགོས། (གཅིག)ཤོ་རྒྱག་བྱེད་དུ་བཀོད་བའི་ཡོད་བྱད། (གཉིས)ཆགས་སྤྱོད་ཀྱི་དཔེ་ཆ་དང་རི་མོ། སྒྲ་བརྙན་དངོས་རྫས་བཅས་བཟོ་བ་དང་སྒྲོག་སྤེལ། བསྐྱར་བཟོ་བྱེད་སྤྱད་ཀྱི་དངོས་པོ། གཞན་ཡང་ཆགས་སྤྱོད་དངོས་རྫས་སྤྱོད་བྱེད་ཀྱི་སྒྲིག་ཆས།(གསུམ)དུག་རྫས་འཐེན་བྱེད་ཀྱི་ཡོ་བྱད།(བཞི)པ་སེ་རྫུན་བཙོང་དང་རྒྱུ་རྫས་གཡོ་ལེན་བྱེད་སྤྱད་ཀྱི་ཡོ་བྱད།(ལྔ)གཞུང་བཞེས་བྱེད་འོས་པའི་ཡོ་བྱད་དང་རྒྱུ་རྫས་གཞན་པ། ཆགས་སྤྱོད་དངོས་རྫས་དང་དུག་རྫས། ལོག་སྤྱོད། ལོག་ཆོས། རྨོངས་དད་ཕྱོགས་ཀྱི་པར་སྐྲུན་ཡིག་རིགས་སོགས་བཀག་སྡོམ་དངོས་རྫས་ཚང་མ་གཞུང་བཞེས་བྱེད་འོས། གཞུང་བཞེས་བྱས་པའི་རྒྱུ་རྫས་རྣམས་ངེས་པར་དུ་རྫོང་རིམ་པ་ཡན་ཆད་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁུར་པ་བརྒྱུད་དེ་ཆོག་མཆན་འགོད་དགོས་ལ། གཞུང་བཞེས་བྱས་པའི་ཐོ་ཡིག་བཟོས་ཏེ་ཆད་གཅོད་ལ་ནུས་པ་ཐོན་རེག་བར་དུ་སྒུག་དགོས། དེའི་རྗེས་སུ་གཤམ་གསལ་གྱི་གཏན་ཁེལ་གཞིར་བཟུང་སྟེ་རེ་རེ་བཞིན་ཐག་གཅོད་བྱ་དགོས། (གཅིག)རྒྱལ་མཛོད་དུ་འབུལ་འོས་པའི་རྒྱུ་རྫས་རྣམས་ནོར་སྲིད་ཚན་ཁག་ལ་སྤྲད་དེ་ཐག་གཅོད་དགོས། (གཉིས)བཀག་སྡོམ་དངོས་རྫས་སུ་གཏོགས་པ་རྣམས་རྫོང་རིམ་པ་ཡན་ཆད་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་བརྒྱུད་དེ་གཅིག་གྱུར་གྱིས་ཐོ་གཞུང་བཟོས་རྗེས་མེད་བརླག་ཏུ་གཏོང་དགོས། དེ་དག་ལས་ཆགས་སྤྱོད་དངོས་རྫས་དང་དུག་རྫས་སུ་གཏོགས་པ་རྣམས་སོ་སོར་རྫོང་རིམ་པ་ཡན་ཆད་ཀྱི་སྤྱི་བདེ་ལུས་ཁུངས་ཀྱི་བདེ་སྲུང་ཚན་ཁག་དང་དུག་འགོག་ཚན་ཁག་གིས་རྩ་འཛུགས་བྱས་ཏེ་མེད་བརླག་ཏུ་གཏོང་དགོས།(གསུམ)གནོད་འཚེ་ཐེབས་མཁན་གྱི་ཁྲིམས་མཐུན་རྒྱུ་རྫས་ལ་གཏོགས་པ་རྣམས་དུས་ལྟར་གནོད་འཚེ་ཐེབས་མཁན་ལ་ཕྱིར་སྤྲོད་དགོས། ཕྱིར་སྤྲོད་འོས་པའི་རྒྱུ་རྫས་རྣམས་ངེས་པར་དུ་ཟླ་དྲུག་གི་དུས་ཡུན་ནང་བདག་པོ་ལ་བརྡ་བཏང་སྟེ་ལེན་དུ་འཇུག་དགོས། བདག་པོ་གང་ཡིན་མི་ཤེས་པའི་རྒྱུ་རྫས་རྣམས་ངེས་པར་དུ་ཟླ་དྲུག་གི་དུས་ཡུན་ནང་བདག་པོ་ལ་བརྡ་བཏང་སྟེ་ལེན་དུ་འཇུག་དགོས། བདག་པོ་གང་ཡིན་མི་ཤེས་པའི་རྒྱུ་རྫས་རྣམས་ངེས་པར་དུ་ཟླ་དྲུག་གི་དུས་ཡུན་ནང་བདག་པོ་ལ་བརྡ་བཏང་སྟེ་ལེན་དུ་འཇུག་དགོས། བདག་པོ་གང་ཡིན་མི་ཤེས་པའི་རྒྱུ་རྫས་རྣམས་སྤྱི་བསྒྲགས་སྦྱོར་བའི་ཐབས་ལ་བརྟེན་ནས་བདག་པོ་ལེན་དུ་ཡོང་བར་འཇུག་དགོས། བདག་པོ་ལ་བརྡ་བཏང་བའམ་ཡང་ན་སྤྱི་བསྒྲགས་སྦྱར་རྗེས་ཀྱི་ཟླ་དྲུག་གི་ནང་དུ་ད་དུང་ལེན་དུ་ཡོང་མཁན་མེད་ཚེ་བདག་པོ་མེད་པའི་རྒྱུ་རྫས་ལྟར་ཐག་བཅད་ནས་རྒྱལ་མཛོད་དུ་འབུལ་དགོས། དུས་བསྲིངས་ཡུན་ཆེས་རིང་ནའང་ཟླ་གསུམ་ལས་བརྒལ་མི་རུང་། རུལ་སླ་བ་དང་མེད་བརླག་ཏུ་འགྲོ་སླ་བ། ཉར་ཚགས་བྱ་དཀའ་བའི་རྒྱུ་རྫས་གཞན་རྣམས་ངེས་པར་དུ་དུས་ལྟར་བདག་པོ་ལ་ཕྱིར་སྤྲོད་དགོས།  བདག་པོ་མི་རྙེད་པའི་དངོས་རྫས་རྣམས་རྫོང་རིམ་པ་ཡན་ཆད་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་བརྒྱུད་དེ་པར་ལེན་པའམ་ཡང་ན་བརྙན་རིས་ཕབ་རྗེས་ད་གཟོད་ཕྱིར་བཙོང་ཆོག དེ་དག་བཙོང་བའི་ཡོང་འབབ་རྣམས་རྒྱལ་མཛོད་དུ་འབུལ་དགོས། ལས་ཁུངས་དང་མི་སྒེར་གང་གིས་ཀྱང་བཀག་ཉར་དང་གཞུང་བཞེས་བྱས་པའི་རྒྱུ་རྫས་རྣམས་བསྐྱིས་བཀོལ་དང་སྒེར་སྤྱོད། བརྗེ་ལེན། ཧམ་བཟུང་བྱས་མི་ཆོག   སྲིད་འཛིན་གྱོད་དོན་གྱི་ས་ཁོངས་བརྗེ་སྤོར་བྱེད་པའི་སྐབས་སུ་གྱོད་དོན་དང་འབྲེལ་ཡོད་ཀྱི་རྒྱུ་རྫས་རྣམས་ཀྱང་ངེས་པར་དུ་དེ་བསྟུན་གྱིས་རྩིས་སྤྲོད་བྱ་དགོས།  རྒྱུ་རྫས་རྩིས་སྤྲོད་བྱེད་སྐབས་རྩིས་ལེན་མཁན་དང་རྩིས་སྤྲོད་མཁན་གཉིས་ཀྱིས་མཉམ་དུ་ཞིབ་རྩིས་བརྒྱབ་སྟེ་སྤྲོད་ལེན་འཛིན་ཡིག་སྟེང་དུ་མིང་འགོད་དགོས། ཁྲིམས་མཐུན་གྱིས་མེད་བརླག་ཏུ་གཏོང་འོས་པའི་རྒྱུ་རྫས་ལ་མི་གཏོགས་པའི་གཞུང་བཞེས་བྱས་པ་རྣམས་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་ཁེལ་ལྟར་མངོན་སུམ་དུ་ཕྱིར་འཚོང་དང་ཡང་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཐག་གཅོད་བྱ་དགོས།  གཞུང་བཞེས་དང་དངུལ་ཆད་བཅད་པའི་ཡོང་འབབ་བམ་ཡང་ན་དེ་དག་ཕྱིར་འཚོང་བྱས་པའི་གྲོན་དངུལ་རྣམས་ངེས་པར་དུ་རྒྱལ་མཛོད་དུ་འབུལ་དགོས་ལ། སྲིད་འཛིན་ལས་ཁུངས་དང་མི་སྒེར་གང་གིས་ཀྱང་ཐབས་གཞན་སྤྱད་དེ་བཀག་ཉར་དང་བགོ་བཤའ་་བྱེད་མི་རུང་།  ནོར་སྲིད་ཚན་ཁག་གིས་སྲིད་འཛིན་ཆད་གཅོད་བྱས་པའི་ཆད་དངུལ་དང་གཞུང་བཞེས་བྱས་པའི་ཡོང་འབབ་རྣམས་སྲིད་འཛིན་ལས་ཁུངས་སུ་ཕྱིར་སྤྲད་མི་ཆོག

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།