ཀྲུང་གོ་བོད་ཀྱི་དྲ་བ།

བཀྲ་ཤིས་ལ་ཆད་གཅོད་བྱས་པ་འོས་འཚམ་ཡིན་ནམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ 

བཀྲ་ཤིས་ཀྱིས་གཞན་ལ་གཅར་རྡུང་དང་ཆགས་སྤྱོད་དངོས་རྫས་ལྐོག་འཚོང་བྱས་པའི་རྐྱེན་གྱིས་སྤྱི་བདེ་མི་སྣས་ཁོ་རང་འཛིན་བཟུང་བྱས། སྤྱི་བདེ་ལས་ཁུངས་ཀྱིས་ཁོས་མི་གཞན་ལ་གཅར་རྡུང་བྱས་པར་ཉིན10རིང་གི་བཀག་སྐྱིལ་དང་སྒོར800ཡི་ཆད་པ་བཅད་ལ། ཆགས་སྤྱོད་འོད་སྡེར་ལྐོག་འཚོང་བྱས་པར་ཉིན15རིང་གི་བཀག་སྐྱིལ་དང་སྒོར3000གྱི་ཆད་པ་བཅད། ཡིན་ནའང་ཁོའི་བཟའ་མི་རྣམས་ཀྱིས་བཤད་རྒྱུར། བཀྲ་ཤིས་ཀྱི་ཉེས་པ་ཆེས་ལྕི་ནའང་ཉིན15རིང་གི་བཀག་སྐྱིལ་དང་སྒོར3000གྱི་ཆད་གཅོད་དེ་ཁོ་ལ་མི་འབབ་ཟེར། 

ཁྲིམས་བཤད 

བཀྲ་ཤིས་ཀྱི་བཟའ་མི་རྣམས་ཀྱི་འདོད་ཚུལ་ནི་ནོར་འཁྲུལ་ཡིན་ཏེ། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན་ཁྲིམས་འགལ་གྱི་བྱ་བ་གཉིས་ཡན་བསྒྲུབས་ན་ངེས་པར་དུ་རེ་རེ་བཞིན་ཐག་བཅད་དེ་མཉམ་དུ་ལག་བསྟར་བྱ་དགོས། ཡིན་ནའང་མཉམ་དུ་ཆད་གཅོད་བྱེད་སྐབས་ཉིན20ལས་བཀག་སྐྱིལ་བྱེད་མི་རུང་།

སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་གྱི་བྱ་བ་གཉིས་ཡན་སྒྲུབ་མཁན་ལ་ཆད་པ་གཅོད་དུས་ཁོ་ཚོའི་ཁྲིམས་འགལ་གྱི་བྱ་སྤྱོད་རེ་རེ་ལ་རྟོག་ཞིབ་བྱས་ཏེ་སོ་སོར་ཐག་བཅད་ཆོག་ལ། གྱོད་དོན་ལག་བསྟར་བྱེད་སྐབས་རེ་རེ་བཞིན་དབྱེ་མི་དགོས་པར་མཉམ་དུ་ལག་བསྟར་བྱས་ཆོག ཡིན་ནའང་གྱོད་དོན་གཉིས་མཉམ་དུ་ཆད་གཅོད་བྱེད་སྐབས་བཀག་སྐྱིལ་གྱི་ཉིན་གྲངས་ཆེས་རིང་ནའང་ཉིན20ལས་བརྒལ་མི་རུང་།

གོང་གི་གྱོད་དཔེ་འདིའི་གནས་ཚུལ་ལ་གཞིགས་ན། སྤྱི་བདེ་ལས་ཁུངས་ཀྱིས་བཀྲ་ཤིས་ལ་ཆད་གཅོད་བྱེད་སྐབས་ངེས་པར་དུ་ཁོའི་ཁྲིམས་འགལ་གྱི་དངོས་རྫས་རྣམས་གཞུང་བཞེས་དང་ཉིན20རིང་གི་བཀག་སྐྱིལ། སྒོར3800ཡི་ཆད་པ་གཅོད་འོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།