ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་བྱམས་ཀྱིས་གྲི་ཁྱེར་ཏེ་རླངས་འཁོར་ལ་བསྡད་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ།

ལྷ་བྱམས་ནི་ཞིང་པ་ཞོར་ལས་པ་ཞིག་ཡིན་ལ། ཁོས་ཕྱི་ནས་ལོ་གཅིག་ཡུན་ལ་དཀའ་སྤྱད་ཀྱིས་སྒོར་ཁྲི་ལྔ་བཙལ། ལོ་སར་ཐོན་ལ་ཉེ་བ་དང་བསྟུན་ནས་ཁོ་མྱུར་དུ་ཕ་ཡུལ་གྱི་ཡུལ་མི་རྣམས་དང་ལྷན་འཛོམས་བྱུང་བར་བྲེལ་འཚུབ་ལངས། ཕ་ཡུལ་གྱི་རེ་སྡེ་ཅུང་རྗེས་ལུས་ཡིན་ལ། སྒོར་མོ་གསོག་ལེན་གྱི་དངུལ་ཁང་དང་ཡིད་རྟོན་དངུལ་ཁང་མེད་པས། ཁོས་སྒོར་མོ་དངུལ་ཁང་དུ་མི་བཅོལ་བར་རུམ་བཟུང་བྱས་ཏེ་ཡུལ་ལ་ལོག་རྒྱུར་ཐག་བཅད། འོན་ཀྱང་སྒོར་མོ་འདི་འདྲའི་མང་པོ་ཞིག་ཁྱེར་ནས་སོང་ན་སེམས་མི་བདེ་ཞིང་ལམ་བར་དུ་མི་ངན་དང་འཕྲད་ཚེ་རྐུ་འཕྲོག་བྱེད་པར་དོགས་ནས། ཁོས་རང་སྲོག་སྲུང་ཆེད་དུ་ཡུལ་མི་ཞིག་གི་ལག་ནས་གྲི་ཆུང་ཞིག་གཡར་ཏེ་སྐེད་ལ་བཏགས། ཁོའི་སེམས་སུ་ད་ལྟ་ཕ་ཡུལ་དུ་འགྲོ་བའི་ལམ་བར་དུ་མི་ངན་དང་འཕྲད་ཀྱང་སྐྲག་མི་དགོས་སྙམ། འོན་ཀྱང་རླངས་འཁོར་བདེ་འཇགས་ཞིབ་བཤེར་ས་ཚིགས་སུ་ཐོན་པ་ན་ཞིབ་བཤེར་མི་སྣས་ལྷ་བྱམས་ཀྱི་སྐེད་ན་གྲི་བཏགས་ཡོད་པ་མཐོང་། ལྷ་བྱམས་དགོད་ཞོར་དུ་གྲི་ཆུང་འདི་ནི་རང་ཉིད་ཀྱི་མི་ལུས་བདེ་སྲུང་གི་ཆེད་དུ་བཏགས་པ་ཡིན་ཞེས་བཤད། འོད་ན་ལྷ་བྱམས་ཀྱིས་རང་ཉིད་ཀྱི་མི་ལས་བདེ་སྲུང་གི་ཆེད་དུ་སྤྱི་སྤྱོད་རླངས་འཁོར་དུ་འདུག་སྐབས་མཚོན་ཆ་བཏགས་ཆོག་གམ།

ཁྲིམས་བཤད།

ལྷ་བྱམས་ཀྱིས་སྤྱི་སྤྱོད་རླངས་འཁོར་དུ་འདུག་སྐབས་མཚོན་ཆ་བཟུང་ནས་ཕ་ཡུལ་དུ་ལོག་པའི་བྱ་སྤྱོད་འདི་ནི་ཁྲིམས་འགལ་ཡིན་པ་མངོན་གསལ་རེད། ཁོའི་དམིགས་ཡུལ་ནི་རང་ཉིད་ཀྱི་མི་ལུས་བདེ་སྲུང་གི་ཆེད་དུ་ཡིན་པར་འདོད་ཀྱང་བྱ་སྤྱོད་འདི་བཅའ་ཁྲིམས་དང་འགལ་ལོ།

རང་རྒྱལ་དུ་མེ་མདའ་དང་འགད་སྨན། འབར་རྫས། མདའ་གཞུ། གྲི་མདུང་སོགས་ནི་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་མཚོན་ཆ་དོ་དམ་གྱི་ཁོངས་སུ་འདུ་བས། གལ་ཏེ་རྩད་ཆོད་ཚེ་ཁྲིམས་ཆད་ནན་མོ་གཅོད་ངེས་ཡིན། སྤྱི་སྤྱོད་བདེ་འཇགས་ཀྱི་ངོས་ནས་བཤད་ན། ཡོ་བྱད་འདི་དག་ཁྲིམས་འགལ་ཡིན་པར་མ་ཟད་གཏན་ནས་བཀོལ་སྤྱོད་བྱས་མི་ཆོག་ལ། འཁྱེར་ན་དེ་བས་ཀྱང་མི་ཆོག གལ་ཏེ་གཏན་ཁེལ་དང་འགལ་བའི་ཡོད་བྱད་འདི་དག་ལྐོག་ནས་ཁྱེར་ཚེ། ཉིན་ལྔ་མན་གྱི་བཀག་སྐྱིལ་དང་ཆད་པ་གཅོད་ངེས། ཁྲིམས་དང་འགལ་བའི་དོ་དམ་ཡོ་བྱད་འདི་དག་བཟུང་སྟེ་མི་ཚོགས་མང་ས་དང་སྤྱོ་སྤྱོད་འགྲིམ་འགྲུལ་སོགས་སུ་བསྡད་ཚེ། ཉིན་ལྔ་ཡན་དང་ཉིན་བཅུ་མན་གྱི་བཀག་སྐྱིལ་དང་སྒོར500མན་གྱི་ཆད་པ་གཅོད་ངེས།

གྱོད་དོན་འདིའི་ནང་དུ། ལྷ་བྱམས་ཀྱིས་རང་ཉིད་ཀྱི་མི་ལུས་བདེ་སྲུང་གི་ཆེད་དུ་གྲི་བཏགས་པ་ནི་ཀུན་སློང་བཟང་མོད། འོན་ཀྱང་ཁོས་གྲི་ཆུང་བཟུང་ནས་སྤྱི་སྤྱོད་རླངས་འཁོར་དུ་བསྡད་པ་འདིས་སྤྱི་བདེ་དོ་དམ་ལ་འཇིགས་སྐུལ་བཟོས་ལ། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་དང་འགལ་ཡོད་པས། ཁོ་རང་ལ་སྤྱི་བདེ་ལས་ཁུངས་ཀྱིས་བཀག་སྐྱིལ་དང་ཁྲིམས་ཆད་གཅོད་ངེས་ལ། ཁོས་ཁྲིམས་ལུགས་མ་ཤེས་པའི་རྐྱེན་གྱིས་ཕ་ཡུལ་དུ་ལོག་པའི་དུས་ཚོད་ལའང་འགོར་འགྱངས་ཆེན་པོ་བཟོ་སྲིད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།