ཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་ཀྱི་བྱ་སྤྱོད་ནི་ཁྲིམས་འགལ་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ།

2006ལོའི་ཉིན་ཞིག་གི་ཕྱི་དྲོ། བསོད་ནམས་ཀྱིས་ཐོ་བ་བཟུང་ནས་གྲོང་ཁྱེར་ག་གེ་མོའི་རྣམ་རྒྱལ་ནུབ་ལམ་གྱི་ས་འོག་ཏུ་ཡོད་པའི་ལྗོངས་སྤྲས་གློག་གི་ཤེལ་སྒོ་བཅག་པ་དང་། གློག་སྐུད་དང་ཤེལ་སྒོ་ནང་གི་ལྡོག་འཕྲོ་འོད་ཀྱི་ཕྱི་ཤུན་བཅས་འཁྱེར་རྩིས་བྱས། ཏག་ཏག་སྐབས་དེར་ཉེན་རྟོག་པ་ཡོང་ནས་ཁོ་རང་བཟུང་། ཁྲིམས་འགལ་མི་སྣ་བསོད་ནམས་ཀྱིས་བཤད་རྒྱུར། ཁོའི་དམིགས་ཡུལ་ནི་ལྗོངས་སྤྲས་གློག་གི་གློག་སྐུད་དང་ཕྱི་ཤུན་བརྐུས་རྗེས། དངོས་པོ་རྙིང་བའི་རིན་གོང་ལྟར་ཕྱིར་འཚོང་འདོད་པ་ཡིན་ཟེར། གྲོང་ཁྱེར་དེའི་ལམ་སྒྲོམ་དོ་དམ་སྡེ་ཁག་གི་བློ་མཐུན་གྱིས་བཤད་རྒྱུར། རྐུ་ཁྱེར་དང་གཏོར་བརླག་བཏང་བའི་གློག་ཞུན་དེ་དག་ནི་རྣམ་རྒྱལ་ཆུ་བོའི་ལམ་ངོགས་སུ་འོད་འགྱེད་པ་དང་ཡུལ་ལྗོངས་མཛེས་པར་སྤྲས་སྤྱད་ཅིག་ཡིན་པས། བསོད་ནམས་ཀྱིས་གཏོར་བརླག་བྱ་སྤྱོད་དེས་རིན་གོང་ཕལ་ཆེར་སྒོར800ཡན་གྱི་ལྗོངས་སྤྲས་གློག་ཞུན་བཅག་པ་དང་། རྣམ་རྒྱལ་ནུབ་ལམ་གྱི་ལམ་འགྲོ་བའི་བདེ་འཇགས་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ཡོད་པས། བསོད་ནམས་ཀྱི་བྱ་སྤྱོད་ནི་སྤྱོད་ལམ་ཇི་འདྲ་ཞིག་རེད་ཨང་།

ཁྲིམས་བཤད

བསོད་ནམས་ཀྱི་སྤྱོད་ལམ་ནི《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱིས་གཏན་ཁེལ་བྱས་པའི་སྤྱི་སྤྱོད་བགྲོད་ལམ་གྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ཅིག་སྟེ། སྤྱི་སྤྱོད་བགྲོད་ལམ་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ནི་ཆོག་མཆན་མ་ཐོབ་པའམ་ཡང་ན་བདེ་འཇགས་བཅའ་ཁྲིམས་དང་མི་མཐུན་པར་གློག་དྲ་ལྷུ་སྒྲིག་དང་བཀོལ་བ། རླངས་འཁོར་དང་མི་བགྲོད་སར་ཨར་ལས་བྱེད་པ། འོབས་དོང་དང་དོང་འབུར་གྱི་དོང་སྒོ་མི་འགེབས་པ། ཉེན་བརྡའི་མཚོན་རྟགས་མི་འཇོག་པ། བསམ་བཞིན་དུ་ལམ་འགྲམ་གྱི་དོང་ཆུའི་ཁ་འབྱེད་པ། གློག་ཞུན་སོགས་ཐུན་མོང་སྒྲིག་ཆས་རྐུ་ཁྱེར་བྱེད་པ། གཏོར་བརླག་བྱེད་པ་ཡང་ན་གནས་སྤོར་བ། ལམ་ངོགས་ཀྱི་དོང་ཆུའི་ཁ་འགེབས་བྱེད་དང་གློག་ཞུན་སོགས་སྤྱི་སྤྱོད་སྒྲིག་ཆས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ཟེར།

འདི་འདྲའི་ཁྲིམས་འགལ་སྤྱོད་ལམ་གྱི་ཁྱད་ཆོས་ནི། གཅིག་ནས་ཁྲིམས་འགལ་མི་སྣས་རྐུ་ཁྱེར་དང་གཏོར་བརླག་བྱ་ཡུལ་ངེས་པར་དུ་ལམ་ངོས་ཀྱི་དོང་ཆུའི་ཁ་ལེབ་དང་གློག་ཞུན་སོགས་ཐུན་མོང་གི་ཞབས་ཞུའི་སྒྲིག་ཆས་ཡིན་དགོས་ལ། དངོས་པོ་དེ་དག་ལ་དངོས་པོ་སྤྱིར་བཏང་བའི་རང་བཞིན་ལྡན་དགོས་པར་མ་ཟད། ཐུན་མོང་ལ་ཞབས་ཞུ་སྒྲུབ་པའི་སྤྱི་སྤྱོད་རང་བཞིན་ཡང་ལྡན་དགོས། དཔེར་ན། རང་འབབ་ཆུ་དང་ཚ་ཤུགས། སྙིགས་དོར་དོང་ལམ་གྱི་ཁ་ལེབ། ལམ་སྒྲོན། ཐང་ཆེན་གྱི་གློག་ཞུན། མཛེས་རྒྱན་གློག་ཆས། མེ་འགོག་སྒྲོམ་བུ། ལམ་མདོའི་འགྲིམ་འགྲུལ་སྒྲིག་ཆས་སོགས་དང་གཞན་པའི་སྤྱི་སྤྱོད་སྒྲིག་ཆས་སོགས་སོ། གཉིས་ནས་ཁྲིམས་འགལ་མི་སྣས་སྤྱི་སྤྱོད་སྒྲིག་ཆས་རྐུ་ཁྱེར་དང་གཏོར་བརླག་བཏང་བ་དེས་རྒྱལ་ཁབ་ཀྱི་རྒྱུ་ནོར་བདག་དབང་ལ་གནོད་འཚེ་སྐྱེལ་བར་མ་ཟད། སྤྱི་སྤྱོད་བདེ་འཇགས་ལ་ཡང་གནོད་འཚེ་བཟོས་ཡོད།

གྱོད་དོན་འདི་རུ་བསོད་ནམས་ཀྱིས་ལྗོངས་སྤྲས་གློག་ཞུན་རྐུ་ཁྱེར་དང་གཏོར་བརླག་བྱས་པའི་བྱ་སྤྱོད་དེ《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་ཐག་གཅོད་དང་འགལ་ཡོད་མོད། ཁོའི་བྱ་སྤྱོད་འདི་ཉེན་རྟོགས་པས་ཤེས་སྔ་བས་སྤྱི་སྤྱོད་བདེ་འཇགས་ལ་གནོད་འཚེ་ཆེན་པོ་བཟོས་མེད་ལ། གནས་ཚུལ་ཡང་ཧ་ཅང་སྤྱིར་བཏང་ཡིན། འོན་ཀྱང་གཏོར་བརླག་བཏང་ཟིན་པའི་སྤྱི་སྤྱོད་སྒྲིག་ཆས་ཀྱི་རིན་ཐང་ཅུང་ཆེ་ན་སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྲུང་བཀག་སྐྱིལ་གྱི་ཆད་པ་བཅད་ཆོག

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།