ཀྲུང་གོ་བོད་ཀྱི་དྲ་བ།

ལས་ཀར་ཞུགས་མ་ཐག་ཏུ་རྨས་སྐྱོན་ཕོག་ན་ལས་རྨས་སུ་ངོས་བཟུང་ཆོག་གམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

001a6b4ba1c1155fa1960c (1).jpg

བློ་མཐུན་རྩོམ་སྒྲིག་པ་ལགས།

ངའི་གྲོགས་པོས་ཀུང་སི་ཞིག་ལ་ངལ་རྩོལ་གན་རྒྱ་བཞག་ནས་གཟའ་འཁོར་གཅིག་མ་གཏོགས་འགོར་མེད་ལ། འགྲོ་རིམ་ཁ་ཤས་ད་རུང་བསྒྲུབས་ཚར་མེད།ལས་ཀར་འགྲོ་བའི་ལམ་བར་དུ་འགྲིམ་འགྲུལ་བྱུར་རྐྱེན་བྱུང་སྟེ་རྨས་སྐྱོན་ཕོག འདིར་འདྲི་རྒྱུ་ནི། གནས་ཚུལ་འདི་ལྟ་བུའི་འོག་ཏུ། ངའི་གྲོགས་པོར་ཀུང་སིའི་སྐྱིན་ཚབ་ཐོབ་ཐུབ་བམ།

                                                                                                                                                                                                                                                                                                                                        ཀློག་པ་པོ་ཚེ་རིང་རྒྱལ་ནས།

བློ་མཐུན་ཚེ་རིང་རྒྱལ་ལགས།

ཁྱོད་ཀྱི་གྲོགས་པོའི་གནས་ཚུལ་འདི་ལྟ་བུ་ནི། གཙོ་བོ་ལས་རྨས་ལ་ངོས་བཟུང་མིན་དེར་ཐུག་ཡོད། ལས་རྨས་ལ་ངོས་བཟུང་རྗེས་ད་གཟོད་ལས་རྨས་སྐྱིན་ཚབ་དང་འབྲེལ་ཡོད་ཐོབ་ཆ་འཐོབ་ངེས་ཡིན།

《ལས་རྨས་ཉེན་སྲུང་སྲོལ་ཡིག》གི་གཏན་འཁེལ་ལྟར་ན། “ལས་ཀར་འགྲོ་འོང་བྱེད་པའི་ལམ་བར་དུ། རང་ཉིད་ཀྱིས་འགན་འཁྲི་གཙོ་བོ་འཁུར་མི་དགོས་པའི་འགྲིམ་འགྲུལ་བྱུར་རྐྱེན་བྱུང་ན”ལས་རྨས་ལ་ངོས་འཛིན་དགོས།

གལ་ཏེ་ལས་ཀར་འགྲོ་བའི་ལམ་བར་དུ་འགྲིམ་འགྲུལ་བྱུར་རྐྱེན་བྱུང་བ་བདེན་དཔང་བྱེད་ཐུབ་པར་མ་ཟད། ཁོས་བྱུར་རྐྱེན་དེར་འགན་འཁྲི་གཙོ་བོ་འཁུར་མི་དགོས་པ་བདེན་དཔང་བྱེད་ཐུབ་ན། ཀུང་སི་དེའི་ལས་རྨས་ཐོབ་ཆ་ལོངས་སྤྱོད་བྱེད་ཆོག

ཡིན་ན་ཡང་ལས་རྨས་སུ་ངོས་འཛིན་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཁྱོད་ཀྱི་གྲོགས་པོ་དང་ཀུང་སི་དེ་གཉིས་ཀྱི་བར་ལ་ངལ་རྩོལ་འབྲེལ་བ་ཆགས་ཡོད་མེད་དེ་རེད། ཁྱོད་ཀྱིས་བཤད་པའི་གནས་ཚུལ་ལྟར་ན། ཁྱོད་ཀྱི་གྲོགས་པོས་ཀུང་སི་དེ་དང་ངལ་རྩོལ་གན་རྒྱ་བཞག་ཟིན་པས། ངལ་རྩོལ་འབྲེལ་བ་ངོས་འཛིན་པའི་ཐད་གནད་དོན་སྤུ་ཙམ་ཡང་མེད།

འགྲོ་རིམ་ཁ་ཤས་ད་རུང་བསྒྲུབས་ཚར་མེད་པ་དེས་ངལ་རྩོལ་འབྲེལ་བ་ངོས་འཛིན་པ་དང་ལས་རྨས་ངོས་འཛིན་པར་གནོད་པ་ཆེན་པོ་མེད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།