ཀྲུང་གོ་བོད་ཀྱི་དྲ་བ།

སྡོད་ཁང་གཅིག་པོ་ལས་ཅི་ཡང་མེད་ན་ཁྲིམས་ཁང་གིས་བཙན་ཤེད་ཀྱིས་ལག་བསྟར་བྱེད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངས་གཞན་ལ་སྒོར་མོ་ཆད་ཡོད་པའི་དབང་གིས་ཕལ་ཆེར་གྱོད་རྒྱག་དགོས་པ་འདྲ།ད་ལྟ་ང་ལ་སྡོད་ཁང་ཞིག་ཡོད་པ་ལས་གཞན་པའི་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་ཅི་ཡང་མེད།འདིར་འདྲི་རྒྱུ་ནི།གནས་ཚུལ་འདི་འདྲའི་འོག་ཏུ།གལ་ཏེ་ང་རང་གྱོད་ལས་ཕམ་ན།ཁྲིམས་ཁང་གིས་ངའི་སྡོད་ཁང་གཅིག་པོ་དེ་བཙན་ཤེད་ཀྱིས་ལག་བསྟར་བྱེད་དམ།

ཀློག་པ་པོ་ཚེ་རྡོ་ནས།

ཀློག་པ་པོ་ཚེ་རྡོ་ལགས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས2015ལོའི་ཟླ5པར་བཏོན་པའི《མི་དམངས་ཁྲིམས་ཁང་གིས་བསམ་འཆར་མི་མཐུན་པ་དང་ཡང་ན་བསྐྱར་གྲོས་བྱེད་པའི་གྱོད་དོན་སྒྲུབ་པ་དང་ལག་བསྟར་བྱེད་པའི་གནད་དོན་འགའི་སྐོར་གྱི་གཏན་འཁེལ》ནང་དུ་གཏན་འཁེལ་བྱས་ཡོད་པ་ལྟར་ན།ཁྲིམས་ཁང་གིས་གནས་ཚུལ་བཞིའི་འོག་ཏུ་བུ་ལོན་ཆད་མཁན་ལ་སྡོད་ཁང་གཅིག་མ་གཏོགས་མེད་ནའང་ལག་བསྟར་བྱེད་ཆོག་པ་སྟེ།གཅིག་ནི་ལག་བསྟར་བྱ་ཡུལ་ལ་སྙོར་སྐྱོང་བྱེད་རྒྱུའི་འོས་འགན་ཡོད་པའི་མིའི་མིང་ཐོག་ཏུ་འཚོ་བ་རོལ་ས་ཡོད་པའི་སྡོད་ཁང་གཞན་པ་ཡོད་པ། གཉིས་ནི་ལག་བསྟར་རྟེན་གཞིའི་ནུས་པ་ཐོན་རྗེས། ལག་བསྟར་བྱ་ཡུལ་གྱིས་བུ་ལོན་ལ་གཡོལ་ཆེད་རང་ཉིད་ཀྱི་མིང་ཐོག་ཏུ་ཡོད་པའི་སྡོད་ཁང་གི་མིང་ཐོ་བསྒྱུར་བ། གསུམ་ནི་ལག་བསྟར་རེ་འདུན་ཞུ་མཁན་གྱིས་ས་གནས་ཀྱི་རིན་གོང་དམའ་མོའི་སྡོད་ཁང་གི་འགན་སྲུང་ལྟར།ལག་བསྟར་བྱ་ཡུལ་དང་དེའི་སྙོར་སྐྱོང་བྱ་ཡུལ་ལ་འདུག་གནས་ཀྱི་སྡོད་ཁང་འདོན་སྤྲོད་བྱེད་ཐུབ་པ།བཞི་ནི་གལ་ཏེ་ལག་བསྟར་རྟེན་གཞི་ནི་སྒོར་མོ་སྤྲད་དེ་བསྡད་ཡོད་པའི་སྡོད་ཁང་ཡིན་ན།ཁྲིམས་ཁང་གིས་ངེས་པར་ལག་བསྟར་རྟེན་གཞིའི་སྟེང་གཏན་འཁེལ་བྱས་ཡོད་པའི་ནང་དོན་ལྟར་ལག་བསྟར་བྱེད་དགོས་པ་བཅས་ཡིན་མོད།འོན་ཀྱང་ལག་བསྟར་བྱ་ཡུལ་གྱིས་སྡོད་ཁང་གཞན་པ་གླ་བར་དུས་ཚོད་དགོས་པའི་དབང་གིས་ཟླ་གསུམ་གྱི་གྲ་སྒྲིག་དུས་ཚོད་སྟེར་ངེས་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།