ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་གའི་རྒྱན་ཤོར་བུ་ལོན་ཆུང་མས་འཇལ་འགན་འཁུར་དགོས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ཁྱོ་གས་དོམ་བླངས་ཏེ་རྒྱན་སྐུགས་ནས་ཤོར་བའི་བུ་ལོན་ཆུང་མས་ངེས་པར་འཇལ་འགན་འཁུར་དགོས་པ་ཨེ་རེད།

ཀློག་པ་པོ་མཚོ་མོ་ནས།

ཀློག་པ་པོ་མཚོ་མོ་ལགས།

ཁྱོ་ཤུག་གཉིས་ཀར་ཕྱི་རོལ་ཏུ་བུ་ལོན་ཡོད་ན།ཐོག་མར་བུ་ལོན་དེ་ཁྲིམས་མཐུན་ཡིན་མིན་ལ་བལྟ་དགོས།གལ་ཏེ་ཁྲིམས་འགལ་བུ་ལོན་ཡིན་ན་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་མི་ཐོབ་པ་ཡིན།ཡང་གཅིག་བཤད་ན།ཁྱོ་གས་སྒོར་མོ་བསྐྱིས་ཏེ་རྒྱན་སྐུགས་པ་དང་།སྒོར་མོ་སྐྱི་མཁན་གྱིས་བུ་ལོན་དེ་བཟའ་ཟླའི་ཐུན་མོང་གི་བུ་ལོན་ཡིན་པར་བཤད་ན།བཅའ་ཁྲིམས་ཀྱིས་དེ་ལ་རྒྱབ་སྐྱོར་བྱེད་མི་སྲིད།དེ་བས་བུ་ལོན་དེ་ལ་ཁྱོད་ཀྱིས་འཇལ་འགན་འཁུར་མི་དགོས་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།