ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་འཐོར་བྱེད་སྐབས་ཁྱིམ་ཚང་གི་བུ་ལོན་ཇི་ལྟར་འཇལ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རམས་ཚེ་བྷོ།   སྤེལ་དུས། : 2018-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ། 

ང་ནི་ཆུ་ཁོལ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞིག་ཡིན། ང་ཚོས་རྒྱུན་དུ་སྡེ་བའི་གྱོད་དོན་ཆེ་འབྲིང་ཆུང་གསུམ་ཐག་གཅོད་བྱེད་དུས། བཟའ་ཚང་འཐོར་སྐབས་ཁྱིམ་ཚང་གི་བུ་ལོན་ཇི་ལྟར་འཇལ་དགོས་པའི་སྐོར་གྱི་གནད་དོན་ནི་ཆེས་རྙོག་འཛིང་ཆེ་ཞིང་ཐག་གཅོད་དཀའ་བའི་གནད་དོན་ཞིག་ཡིན་པས། དེར་བཅའ་ཁྲིམས་ལས་གཏན་ཁེལ་ཅི་ཞིག་བྱས་ཡོད།

ཁྲིམས་བཤད།

གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་གསར་བའི་དོན་ཚན་ཞེ་གཅིག་པར་བཟའ་ཚང་འཐོར་སྐབས་སྔོན་ལ་ཁྱོ་ཤུག་གཉིས་ཀྱིས་འཚོ་བ་མཉམ་དུ་རོལ་བཞིན་པའི་སྐབས་ཀྱི་བུ་ལོན་ཡོད་ཚད་ཐུན་མོང་གིས་འཁུར་དགོས། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་བར་ནས་ཞིབ་དཔྱད་བརྒྱུད་དེ་ཐག་གཅོད་བྱེད་དགོས་ཞེས་གཏན་ཁེལ་བྱས་ཡོད། ཁྱོ་ཤུག་གཉིས་ལ་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཡོད་ཚེ། ཁྱོ་ཤུག་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་པའི་དབང་ཆ་ཡོད་པ་དང་འོས་འགན་ཡང་གཅིག་མཚུངས་སུ་འཁུར་དགོས། ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱི་ཁེ་དབང་དེ་བཟའ་མི་ཕྱོགས་གཉིས་ཀྱིས་ཐུན་མོང་གི་ལོངས་སྤྱོད་བྱེད་དགོས་ལ་ཐུན་མོང་གིས་རྒྱུ་ནོར་ཉོ་སྒྲུབ་དང་། ཉམས་གསོ་བྱེད་པ། དེ་བཞིན་ཐུན་མོང་གིས་ལས་ཀ་བསྒྲུབས་པ་ཐམས་ཅད་ཀྱི་འགན་འཁུར་དགོས་པར་མ་ཟད། ཁྱོ་ཤུག་གཉིས་དང་མི་གཞན་པའི་བར། དམངས་དོན་འབྲེལ་བ་གཞན་པ་བྱུང་ནའང་ཁེ་དབང་འདྲ་མཉམ་དུ་འཁུར་དགོས། ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱི་འབྲེལ་བ་བཟའ་ཚང་ཐོར་བའི་དབང་གིས་མེད་པར་གྱུར་ནའང་། ཐུན་མོང་དུ་འཚོ་བ་རོལ་བཞིན་པའི་སྐབས་ཀྱི་བུ་ལོན་རྣམས་ཕྱོགས་གཉིས་ཀྱིས་གཙང་འཇལ་བྱེད་དགོས་པ་དང་འགན་འཁྲིའང་འདྲ་མཉམ་དུ་འཁུར་དགོས། ཁྱོ་ཤུག་ཕྱོགས་གཉིས་ལས་ཅིག་ཤོས་ཀྱིས་རང་གི་དགོས་མཁོའི་ཆེད་དུ་གཡར་བའི་བུ་ལོན་ཡོད་ཚེ་གཡར་མཁན་རང་ཉིད་ཀྱིས་འཇལ་དགོས་པ་ལས་ཅིག་ཤོས་དེ་ལ་གཙང་འཇལ་བྱེད་པའི་འོས་འགན་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།