ཀྲུང་གོ་བོད་ཀྱི་དྲ་བ།

བུ་སྐལ་དབང་བོ་སྐྱོན་ཅན་ཡིན་ན་ཇི་ལྟར་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ངས་བུ་སྐལ་ཅིག་སྙོར་ནས་ལོ་གཉིས་ཙམ་འགོར་རྗེས། བུ་སྐལ་དེ་མ་གཞི་ནས་འོན་པ་ཞིག་ཡིན་པ་ཤེས། སྨན་ཁང་གིས་བརྟག་དཔྱད་བྱས་པ་ལྟར་ན། བུ་སྐལ་དེ་སྐྱེས་མ་ཐག་ནས་འོན་པ་ཞིག་ཡིན་པས། སྨན་ཁང་ལ་བཅོས་ཐབས་ཅི་ཡང་མེད་ཟེར། འོ་ན་ངས་ད་ལྟ་བུ་སྐལ་དེའི་སྙོར་སྐྱོང་འབྲེལ་བ་བཅད་ཆོག་གམ།

ཁྲིམས་བཤད།

《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཉི་ཤུ་བ་ལས་བསྟན་དོན། ཁྲིམས་མཐུན་སྙོར་སྐྱོང་འབྲེལ་བར་རྒྱལ་ཁབ་ཀྱིས་ཅིས་ཀྱང་སྲུང་སྐྱོང་བྱ་དགོས་ཞེས་པ་ལྟར། གནས་ལུགས་དང་རྒྱུ་མཚན་གྱི་རྐྱེན་ངེས་ཅན་ཞིག་མེད་པ་དང་ཁྲིམས་ལུགས་ཀྱི་གོ་རིམ་མ་བརྒྱུད་ཚེ་རང་དགར་དུ་སྙོར་སྐྱོང་འབྲེལ་བ་གཏན་ནས་བཅད་མི་ཆོག ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་སྤེལ་བའི་དམངས་སྲིད་ཁྲིམས་ལུགས་ཀྱི་གནད་དོན་འགའ་ཞེས་པའི་དོན་ཚན་སུམ་ཅུ་བའི་ནང་ཕ་གཡར་མ་གཡར་གཉིས་ཀྱིས་སྙོར་སྐྱོང་བྱེད་བཞིན་པའི་བུ་སྐལ་དེ་དབང་བོ་སྐྱོན་ཅན་དང་། ཡང་ན་གཞན་པའི་ནད་རིགས་ཀྱིས་ཟིན་ཚེ། ཕ་གཡར་མ་གཡར་གཉིས་ཀྱིས་སྙོར་སྐྱོང་འབྲེལ་བ་གཅོད་རྒྱུའི་རེ་བ་བཏོན་ཡང་སྙོར་སྐྱོང་འབྲེལ་བ་ཕལ་ཆེ་བ་ཞིག་རང་དགར་དུ་བཅད་མི་ཆོག བྱིས་པའི་ཕ་མས་བྱིས་པ་མི་གཞན་པར་སྟེར་དུས་དོན་དངོས་སུ་རང་ཉིད་ཀྱི་བྱིས་པ་དབང་བོ་སྐྱོན་ཅན་ཡིན་པ་ཤེས་བཞིན་དུ་གསང་སྟབས་ཀྱིས་སྒོ་ནས་བྱིས་པ་མི་གཞན་པར་བྱིན་པ་ཡིན་ན་འབྲེལ་བ་བཅད་ཀྱང་ཆོག་ཅེས་བཀོད་འདུག དེ་བས། ཁྱོད་ཀྱིས་ཐོག་མར་བྱིས་པའི་ཕ་མ་གཉིས་ཀྱིས་ཁྱོད་ཚང་ལ་བྱིས་པ་སྟེར་དུས་དབང་བོ་སྐྱོན་ཅན་ཡིན་པ་ཁོ་ཚོས་གསང་ཡོད་མེད་ལ་བརྟག་དཔྱད་བྱ་དགོས། གལ་ཏེ་ཁོ་ཚོས་གསང་ཡོད་ན་སྙོར་སྐྱོང་འབྲེལ་བ་མ་བཟུང་བའི་སྔོན་ལ། བྱིས་པའི་ཕ་མར་རེ་བ་ཞུ་དགོས་ཤིང་། བྱིས་པ་བྱིན་ཟིན་པའི་རྗེས་སུ་ཁོ་ཚོ་ཁྱོད་ཀྱི་བསམ་འཆར་ལ་འཐད་པ་མིན་ཚེ་སྙོར་སྐྱོང་འབྲེལ་བ་བཙན་དབང་གིས་བཅད་མི་ཆོག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།