ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་ཤུག་གཉིས་གནས་ཚུལ་ག་འདྲའི་འོག་ཏུ་བཟའ་འཐོར་བྱས་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ།

རྣམ་རྒྱལ་ཚེ་རིང་གིས་ཆུང་མ་དང་བྱིས་པ་གཉིས་ཆུང་མའི་ཡུལ་དུ་བདའ་ནས་བཟའ་འཐོར་ཡི་གེ་དང་བྱིས་པ་གསོ་སྐྱོང་། རྒྱུ་ནོར་བགོ་བྱ་ཅི་ཡང་བརྒྱབ་མེད་ནའང་། ད་ལོ་ཟི་ལིང་དུ་ཞོར་ལས་ལ་སོང་སྟེ་ཕ་ཡུལ་རེབ་གོང་གི་ཡིན་ཟེར་བའི་བུ་མོ་ཞིག་ཁྲིད་ཡོང་བ་དང་། ཁོ་གཉིས་ཀྱིས་གཡོ་ཐབས་ཀྱི་སྒོ་ནས་ཞང་མི་དམངས་སྲིད་གཞུང་ནས་གཉེན་སྒྲིག་ཡི་གེ་བླངས་པ་མ་ཟད། རྫོང་མཁར་དུ་ཁང་བ་ཞིག་གླས་ཏེ་མཉམ་སྡོད་བྱས་ཡོད། མི་རྣམས་ཀྱིས་བཤད་ན་རྣམ་རྒྱལ་ཚེ་རིང་གི་བྱ་སྤྱོད་དེས་བཟའ་འཐོར་འགྲོ་ལུགས་ཅི་ཡང་སྒྲུབ་མེད་པའི་གཉེན་བརྩེགས་སྒྲིག་གི་ཉེས་པ་བསགས་ཡོད་ཟེར། འོ་ན། གནས་ཚུལ་ག་འདྲའི་འོག་ཏུ་ཁྱོ་ཤུག་གཉིས་བཟའ་འཐོར་བྱས་ཆོག་པ་དང་བཟའ་འཐོར་བྱེད་པར་ཆ་རྐྱེན་གང་དག་ཚང་དགོས།

ཁྲིམས་བཤད། 

གོང་གི་གྱོད་དོན་འདིར་མཚོན་ན། དངོས་གནས་གཉེན་བརྩེགས་སྒྲིག་གི་ཉེས་པ་བསགས་ཡོད་ལ། རང་རེའི་བོད་ཁུལ་ཏུ་འདི་ལྟ་བུའི་གྱོད་དོན་ཧ་ཅང་མང་བས། འདིར་ཁྱོ་ཤུག་སུ་ཞིག་ཡིན་རུང་བཟའ་འཐོར་བྱེད་པ་ལ་གཤམ་གྱི་ཆ་རྐྱེན་འདི་དག་ལས་གཅིག་ཚང་ན་ཕོ་མོ་བཟའ་འཐོར་བྱས་ཆོག འདིར་རེ་རེ་བཞིན་བཀོད་ན་འདི་ལྟ་སྟེ། 

གཅིག  ཁྱོ་ཤུག་གཉིས་ལས་ཅིག་ཤོས་ལ་ཕྲུ་གུ་མི་སྦྲུམ་པ་དང་ཡང་ན་ས་བོན་མེད་པ་དང་འཁྲུག་སྦྱོར་ནུས་པ་མེད་པ།

གཉིས།  གཉེན་སྒྲིག་སྔོན་དུ་ཕན་ཚུན་ལ་རྒྱུས་ལོན་མེད་པར་གཉེན་སྒྲིག་རྗེས་ཕན་ཚུན་སུ་ལའང་བཟའ་ཟླའི་བརྩེ་དུངས་མེད་པ།

གསུམ། བཟའ་ཟླ་གཉིས་ལས་ཅིག་ཤོས་ལ་སྨྱོ་འབོག་གི་ནད་ཡོད་པས་སྨན་བཅོས་གང་འདྲ་བྱས་ཀྱང་མི་ཕན་པ།

བཞི། གཉེན་སྒྲིག་བྱེད་དུས《གཉེན་སྒྲིག་འཛིན་ཡིག》གཡོ་ཐབས་ཀྱིས་བླངས་པ།

ལྔ། གཉེན་སྒྲིག་ཡི་གེ་བླངས་རུང་ཕན་ཚུན་མཉམ་འདུག་མ་བྱས་གོང་འགྲིག་མཐུན་མི་ཡོང་བ། 

དྲུག ཕ་མས་བཙན་ཐབས་ཀྱིས་གཉེན་སྒྲིག་བྱས་པ་དང་གཉེན་ཚོང་བརྒྱབ་པས་བཟའ་ཟླའི་བརྩེ་འདང་མེད་པ།

བདུན། ཕན་ཚུན་ལ་བརྩེ་འདང་མེད་པར་ཡུལ་སོ་སོ་ནས་བསྡད་དེ་ལོ་གསུམ་གྱི་རིང་ལ་ཁྱིམ་ཚང་ཐུན་མོང་གི་འགན་འཁུར་བ་དང་མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་བྱས་མི་ཆོག་པར་བསྟན་ཡང་ཁྱོ་ཤུག་མཉམ་འདུག་མི་བྱེད་པ།

བརྒྱད། ཁྱོ་ཤུག་གཉིས་ལས་ཅིག་ཤོས་ལ་གཞན་ཀྱིས་ལོངས་སུ་སྤྱོད་པ་དང་ཡང་ན་མི་གཞན་དང་བཟའ་འདུག་བྱེད་པ། སློབ་གསོ་དང་བཅོས་བསྒྱུར་བྱ་དགོས་པའི་རེ་བ་གང་འདྲ་བཏོན་ཡང་ཁར་མི་ཉན་པ།

དགུ། ཁྱོ་ཤུག་གཉིས་ལས་ཅིག་ཤོས་གཉེན་བརྩེགས་སྒྲིག་བྱས་ཡོད་པ།

བཅུ། ཅིག་ཤོས་ལས་ལ་མི་བརྩོན་པར་ཤོ་རྒྱག་པར་དགའ་བས་བཅོས་བསྒྱུར་མི་བྱེད་པ། 

བཅུ་གཅིག ཅིག་ཤོས་དེས་ཁྲིམས་འགལ་གྱི་བྱ་སྤྱོད་བསྒྲུབས་པ་དང་དུས་ཡུན་རིང་བོར་བཙོན་འཇུག་བྱས་པ། 

བཅུ་གཉིས། ཅིག་ཤོས་དེ་གར་སོང་མི་ཤེས་པར་ལོ་གཉིས་འགོར་ནས་སྤྱི་བསྒྲགས་བྱས་ཀྱང་གར་སོང་མི་རྙེད་པ།

བཅུ་གསུམ། ཕ་རོལ་པའི་མནར་གཅོད་ཐེབས་པ་དང་རང་གིས་གཞན་ལ་མནར་གཅོད་བྱས་པ།

བཅུ་བཞི། གཞན་བཟའ་ཟླའི་བརྩེ་འདང་རྩ་བ་ནས་ཆད་པ་རྣམས་བཟའ་འཐོར་བྱས་ཆོག





རྩོམ་སྒྲིག་པ། : ཀླུ་མོ་མཚོ།