བཟའ་འཐོར་ཁྲིམས་རའི་ཁྲིམས་དཔོན་ཁྱོ་གའི་སྲིང་མོ་ཡིན་ཆོག་གམ།

1474968399771623.png

གྱོད་དཔེ།

ཉེ་སྔོན། ངེད་བཟའ་ཟླ་གཉིས་བཟའ་འཐོར་གཏུག་བཤེར་བྱེད་དུ་སོང་བ་ན། བདག་གི་ཁྱོ་གའི་སྲིང་མོ་གྱོད་དོན་ཞིབ་གཅོད་བྱེད་མཁན་གྱི་གྲས་ན་ཡོད་ཅིང་། མོ་རང་གི་ཕུ་བོའི་ཕྱོགས་ནས་འགྲེང་སྟེ་བདག་ལ་རྣ་བར་གཟན་པའི་སྐད་ཆ་གང་མང་བཤད་པར་མ་ཟད། ཉིན་དེའི་ཞིབ་གཅོད་ཟིན་བྲིས་ཁ་ཚང་མོས་འབྲི་བཞིན་ཡོད། འདིར་འདྲི་རྒྱུ་ཞིག་ལ་ཁོ་མོ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཡིན་པ་བདེན་ཡང་། ངེད་བཟའ་ཟླ་གཉིས་ཀྱི་བཟའ་འཐོར་གྱོད་གཞིའི་སྟེང་མོ་ཡོང་ནས་ཟིན་བྲིས་འདེབས་རོགས་བྱས་ན་ལུགས་དང་མཐུན་ནམ།

ཁྲིམས་བཤད།

ཁྱོད་ཀྱི་འདྲི་གཞི་འདིའི་སྐོར་ལ་རང་རྒྱལ་གྱི་གཏུག་བཤེར་བཅའ་ཁྲིམས་ལས་དངོས་སུ་གཏན་ཁེལ་བྱས་ཡོད་ལ། དོ་བདག་པ་གང་ཞིག་གིས་དམངས་དོན་གྱོད་གཞི་གཏུག་བཤེར་བྱེད་བཞིན་པའི་སྒང་ལ་མི་དམངས་ཁྲིམས་ཁང་གིས་ཁྲིམས་དཔོན་དང་ཞིབ་གཅོད་ཚབ་མི། ཟིན་བྲིས་འགོད་མཁན། དག་འབྱེད་མཁན་སུ་དང་སུ་ཡིན་རུང་དོ་བདག་པ་ཕྱོགས་གཅིག་གི་ཤ་ཉེ་དང་གཉེན་ཚན། སློབ་གྲོགས། བཟང་ས་མཐུན་གྲོགས་སུ་ཡིན་ཡང་གྱོད་དོན་ལས་གཟུར་གཡོལ་བྱེད་དགོས་ཤིང་། མི་དམངས་ཁྲིམས་ཁང་གིས་གྱོད་གཞི་གང་ཞིག་ཡིན་རུང་ཞིབ་གཅོད་བྱེད་བཞིན་པའི་སྒང་ལ་ཁྲིམས་རའི་མི་སྣ་རེ་རེ་བཞིན་དོ་བདག་པ་ཕྱོགས་གཉིས་ལ་མཚམས་སྦྱོར་བྱེད་དགོས། གལ་ཏེ་ཞིབ་དཔྱོད་ཚན་ཆུང་གི་ཁྲོད་ན་དོ་བདག་པ་ཕྱོགས་གཅིག་གི་གཉེན་ཚན་དང་གྲོགས་པོ་སུ་ཞིག་ཡོད་ན་གྱོད་དོན་ཞིབ་གཅོད་མ་བྱས་སྔོན་ལ་ཞིབ་གཅོད་ཚན་ཆུང་ལས་ཕྱིར་འབུད་དུ་བཅུག་སྟེ། མི་སྣ་གསར་བ་ཞིག་ནང་འདྲེན་བྱ་དགོས་ཞེས་བསྟན་ཡོད་པས་ཁྱོད་གཉིས་ཀྱི་བཟའ་ཐོར་གྱོད་གཞིའི་སྟེང་ལ་ཁྱོ་གའི་སྲིང་མོ་ཟིན་བྲིས་འདེབས་མཁན་དུ་ཞུགས་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་སྟེ། ཁྱོད་ཀྱིས་རིམ་པ་གོང་མའི་མི་དམངས་ཁང་ལ་ཞུ་གཏུག་བྱས་ཆོག་པ་མ་ཟད། ཉིན་དེའི་ཁྲིམས་ར་བརྒྱུད་དེ་ཁྲིམས་དཔོན་ལ་ཁྱོ་གའི་སྲིང་མོ་གཟུར་གཡོལ་བྱེད་དགོས་པའི་རེ་བ་བཏོན་ཆོག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།