ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར།

 སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་།མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་ལ། མི་རིགས་ཀྱི་མ་འོངས་པ་དང་འབྲེལ་ཞིང་། "བརྒྱ་ལོ་གཉིས"ཀྱི་འབད་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་འབྱུང་བའི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པ་དང་འབྲེལ་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཙིགས་མཐོང་མཛད་དེ་སྔ་གཞུག་ཏུ་ཇུས་ཆོད་དང་བཀོད་སྒྲིག་ཆེན་པོ་རབས་དང་རིམ་པ་བཏོན་པ་དང་།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་འཕེལ་རྒྱས་ཆེན་པོ་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་མོད། སྤྱི་ཡོངས་ནས་བལྟས་ན་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་ད་དུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་སུ་ལུས་ཡོད། ཐོན་ཁུངས་དཀོན་པའི་གནས་ཚུལ་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བ་དང་།ཁོར་ཡུག་འབག་བཙོག་བྱས་ཚུལ་ཚབས་ཆེན་ཡིན་པ།སྐྱེ་ཁམས་མ་ལག་ཞན་འགྱུར་བྱུང་བ།འཕེལ་ཚད་དེ་མི་གྲངས་དང་ཐོན་ཁུངས།ཁོར་ཡུག་བཅས་བར་གྱི་འགལ་བ་ཉིན་ལྟར་འབུར་ཐོན་དུ་གྱུར་ཏེ།དཔལ་འབྱོར་དང་སྤྱི་ཚོགས་བསྟུད་མར་འཕེལ་བའི་བཀག་རྐྱེན་ཆེན་པོ་ཞིག་ཏུ་གྱུར།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་ནི་དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བ་དང་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ནང་གནས་བླང་བྱ་ཡིན་པ་དང་། མི་གཞི་རྩ་ཡིན་པ་རྒྱུན་འཁྱོངས་དང་སྤྱི་ཚོགས་འཆམ་མཐུན་ཡོང་ཐབས་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཡིན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་འབྱུང་བའི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱ་བའི་དུས་རབས་ཀྱི་གདམ་ག་ཡིན་ལ།གནམ་གཤིས་འགྱུར་ལྡོག་བྱུང་བར་ཁ་གཏད་པ་དང་གོ་ལ་ཧྲིལ་བོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་གལ་ཆེན་རང་བཞིན་དང་ཛ་དྲག་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ།འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་དངོས་གནས་ཇེ་དྲག་ཏུ་གཏོང་ཞིང་།རང་བྱུང་ལ་བརྩི་བཀུར་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བྱེད་པའི་འདུ་ཤེས་དམ་དུ་བཟུང་ནས།ཆུ་དྭངས་མོ་དང་རི་ལྗང་བོ་ཡོད་པ་ནི་གསེར་རི་དང་དངུལ་རི་ལྟ་བུ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་།ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་སྐུལ་སློང་བཏང་འོག་འགུལ་སྐྱོད་བསླངས་ཏེ།གཏིང་ཟབ་ལ་རྒྱུན་ཆད་མེད་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་།མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་འབྱུང་བའི་དེང་རབས་ཅན་གྱི་འཛུགས་སྐྲུན་རྣམ་པ་གསར་བ་ཞིག་མྱུར་དུ་ཆགས་སུ་འཇུག་ཐབས་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྡན་པའི་དུས་རབས་གསར་བ་ཞིག་གསར་གཏོད་བྱ་དགོས།

དང་པོ། སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ།ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་བྱེད་པ།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁང་གི་ཇུས་ཆོད་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ།མི་གཞི་རྩ་ཡིན་པ་དང་ཁྲིམས་ལྟར་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས།ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འབུར་དུ་ཐོན་པའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་སྟེ་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན།རིག་གནས་འཛུགས་སྐྲུན།སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་ཏུ་འཇུག་ཅིང་། བཟོ་ལས་ཅན་གསར་བ་དང་ཆ་འཕྲིན་ཅན།གྲོང་རྡལ་ཅན།ཞིང་ལས་དེང་རབས་ཅན།ལྗང་མདོག་ཅན་བཅས་དང་མཉམ་དུ་སྐུལ་སྤེལ་བྱེད་པ་དང་།སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་གནད་སར་བཞག་ནས་མངའ་ཁོངས་ཀྱི་བར་གསེང་གསར་སྤེལ་བྱེད་པའི་རྣམ་པ་ཇེ་ལེགས་སུ་གཏོང་བ།ཐོན་ཁུངས་གྲོན་ཆུང་ངང་བེད་སྤྱོད་བྱེད་པ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།རང་བྱུང་སྐྱེ་ཁམས་མ་ལག་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ།ལྷད་མེད་འཕེལ་རྒྱས་དང་འཁོར་རྒྱུག་འཕེལ་རྒྱས།ཐཱན་དམའ་བའི་འཕེལ་རྒྱས་བཅས་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས།སྐྱེ་ཁམས་རིག་གནས་དང་ལྷད་མེད་འཚོ་བ་དར་སྤེལ་བྱས་འོག་མཛེས་སྡུག་ལྡན་པའི་ཀྲུང་གོ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་།གནམ་སྔོན་པོ་རྒྱུན་དུ་མཐོང་བ་དང་རི་ལྗང་བོ་རྒྱུན་དུ་མཐོང་བ།ཆུ་དྭངས་མོ་རྒྱུན་དུ་བཞུར་བ་བཅས་བྱས་ཏེ།ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱ་དགོས།

(གཉིས།)གཞི་རྩའི་རྩ་དོན།

གྲོན་ཆུང་དང་སྲུང་སྐྱོང་དམིགས་སུ་བཀར་བ་དང་རང་བྱུང་སླར་གསོ་གཙོ་ཡིན་པའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས།ཐོན་ཁུངས་གསར་སྤེལ་དང་གྲོན་ཆུང་བྱེད་པའི་ཁྲོད་གྲོན་ཆུང་བྱེད་པ་དམིགས་སུ་བཀར་བའི་གོ་གནས་སུ་བཞག་སྟེ།ཐོན་ཁུངས་ཟད་གྲོན་ཆེས་ཉུང་བས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བར་འདེགས་སྐྱོར་བྱེད་པ་དང་།ཁོར་ཡུག་སྲུང་སྐྱོང་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱེད་པ་དམིགས་སུ་བཀར་བའི་གོ་གནས་སུ་བཞག་སྟེ།འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་བྱེད་པའི་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱ་དགོས། སྐྱེ་ཁམས་འཛུགས་སྐྲུན་དང་སླར་གསོ་བྱེད་པའི་ཁྲོད་རང་བྱུང་སླར་གསོ་གཙོ་བྱས་ཏེ་མིའི་ཐབས་ཀྱིས་ཉམས་གསོ་བྱེད་པ་དང་ཟུང་འབྲེལ་བྱ་དགོས།

ལྷད་མེད་འཕེལ་རྒྱས་དང་འཁོར་རྒྱུག་འཕེལ་རྒྱས།ཐཱན་དམའ་བའི་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱེད་པ་རྩ་བའི་ཐབས་ལམ་ཞིག་ཏུ་བརྩི་དགོས།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དེ་ཕན་འབྲས་མཐོ་ལ་འཁོར་རྒྱུག་ངང་ཐོན་ཁུངས་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ནན་མོ་བྱས་པའི་རྨང་གཞིའི་སྟེང་འཕེལ་རྒྱས་དང་།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མཐུན་སྦྱོར་བྱས་ཏེ།ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་གསེང་རྣམ་པ་ཞིག་དང་།ཐོན་ལས་གྲུབ་ཚུལ།ཐོན་སྐྱེད་བྱེད་སྟངས་བཅས་ཆགས་སུ་འཇུག་དགོས།

བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དེ་རྩ་བའི་སྒུལ་ཤུགས་སུ་བརྩི་དགོས།ཚོང་ར་ལྟར་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱས་ཏེ།རྒྱུན་ཆད་མེད་པར་ལམ་ལུགས་བཅོས་བསྒྱུར་དང་ཚན་རྩལ་གསར་སྐྲུན་ཇེ་ཟབ་ཏུ་སྤེལ་བ་དང་།རྒྱུད་རིམ་ལྡན་ཞིང་ཆ་ཚང་བའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་ཅིག་འཛུགས་ཐབས་བྱེད་པ།ཚན་རྩལ་གསར་སྐྲུན་གྱི་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་སྒུལ་ཤུགས་ཆེན་པོ་བསྣན་དགོས།

སྐྱེ་ཁམས་རིག་གནས་གསོ་སྐྱོང་རྒྱུན་འཁྱོངས་བྱེད་པ་དེ་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩི་དགོས།སྐྱེ་ཁམས་དཔལ་ཡོན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་གི་མ་ལག་ནང་ཚུད་དེ།སྐྱེ་ཁམས་རིག་གནས་དྲིལ་བསྒྲགས་དང་སློབ་གསོ་གཏོང་ཤུགས་ཇེ་དྲག་ཏུ་གཏོང་བ།ཧུར་བརྩོན་གྲོན་ཆུང་དང་ལྷད་མེད་ཐཱན་དམའ།དཔལ་ཡོན་ལྡན་ལ་བདེ་ཐང་ཡིན་པའི་འཚོ་བའི་རོལ་སྟངས་དང་འཛད་སྤྱོད་རྣམ་པ་དར་སྤེལ་བྱས་ཏེ།སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཇེ་མཐོར་གཏོང་དགོས།

གནད་ས་འགག་སྒྲོལ་དང་ཧྲིལ་བོར་སྐུལ་འདེད་རྒྱུན་འཁྱོངས་བྱེད་པ་དེ་བྱ་བའི་བྱེད་སྟངས་ཤིག་ཏུ་བརྩི་དགོས།མིག་སྔ་ལ་རྐང་བཙུགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་བསྟུད་མར་འཕེལ་བར་བཀག་རྐྱེན་བཟོས་པ་ཚབས་ཆེ་ཞིང་མང་ཚོགས་ལ་བསམ་འཆར་མང་བའི་འབུར་ཐོན་གནད་དོན་དག་ཐག་བཅད་དེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་མཁྲེགས་གཏོར་འཐབ་འཛིང་ཐད་གྲུབ་འབྲས་བཟང་བོ་ལེན་དགོས་ལ།ད་དུང་ཡུན་རིང་ལ་དམིགས་ཏེ་སྟེང་རིམ་ཇུས་་་་་་་འགོད་བྱེད་པར་ཤུགས་སྣོན་པ་དང་གཞི་རིམ་གྱིས་འཚོལ་ཞིབ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ།རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཁྱོན་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

(གསུམ།)དམིགས་འབེན་གཙོ་བོ།

2020ལོའི་བར་ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་འཕེལ་རྒྱས་ཆེན་པོ་ཐོབ་པ་དང་། བྱེད་ནུས་ཁུལ་གཙོ་བོའི་ཁྱབ་ཚུལ་ཕལ་ཆེར་ཆགས་པར་མ་ཟད།དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་སྔར་ལས་མངོན་གསལ་དུ་ཇེ་མཐོར་སོང་བ།སྐྱེ་ཁམས་དཔལ་ཡོན་གྱི་རིན་ཐང་ལྟ་བ་གཙོ་བོ་སྤྱི་ཚོགས་ཡོངས་སུ་ཁྱབ་གདལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ཕན་ཚུན་མཐུན་ཐབས་བྱ་དགོས།

མངའ་ཁོངས་ཀྱི་བར་གསེང་གསར་སྤེལ་བྱེད་པའི་རྣམ་པ་སྔར་ལས་ཀྱང་ཇེ་ལེགས་སུ་གཏོང་དགོས། དཔལ་འབྱོར་དང་མི་གྲངས་ཁྱབ་ཚུལ་དོ་མཉམ་པའི་ཕྱོགས་སུ་འཕེལ་བ་དང་། སྐམ་ས་ཆེན་པོ་དང་རྒྱ་མཚོའི་བར་གསེང་གསར་སྤེལ་བྱེད་ཤུགས་དང་གྲོང་ཁྱེར་གྱི་བར་གསེང་གཞི་ཁྱོན་ཚོད་འཛིན་ནུས་ལྡན་འཐོབ་ཅིང་།མཁར་གྲོང་གི་གྲུབ་ཚུལ་དང་བར་གསེང་གི་ཁྱབ་ཚུལ་སྔར་ལས་མངོན་གསལ་དུ་ལེགས་འགྱུར་འབྱུང་དགོས།

ཐོན་ཁུངས་བེད་སྤྱོད་བྱས་པ་སྔར་ལས་ཀྱང་ཕན་འབྲས་མཐོ་བ།རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ཁྲོད་དབྱང་གཉིས་ཐཱན་འགྱུར་འབུད་པའི་ཚད2005ལོ་ལས40%-45%མར་ཆག་པ་དང་།ནུས་པའི་འབྱུང་ཁུངས་ཟད་གྲོན་ཚད་བསྟུད་མར་མར་ཆག་པ།ཐོན་ཁུངས་ཟད་པའི་ཐོན་སྐྱེད་ཚད་སྔར་ལས་ཆེས་ཆེར་ཇེ་མཐོར་སོང་བ།ཆུ་བེད་སྤྱོད་བྱས་པའི་སྤྱི་འབོར་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར6700མན་ཚོད་འཛིན་ཅི་ཐུབ་བྱེད་པ།བཟོ་ལས་འཕར་སྣོན་རིན་ཐང་སྒོར་ཁྲི་ཡི་ཆུ་བེད་སྤྱོད་ཚད་མུས་རྒྱ་དཔངས་གྲུ་བཞི་མ65མན་དུ་མར་ཆག་པ་དང་།ས་ཞིང་དུ་ཆུ་འདྲེན་པའི་ནུས་ལྡན་རྟག་གྲངས0.55ཡན་དུ་མཐོར་འདེགས་བྱེད་པ།འགྱུར་རྡོ་ནུས་ཁུངས་མིན་པ་དག་ནུས་ཁུངས་ཐེངས་གཅིག་ཏུ་འཛད་སྤྱོད་ཁྲོད་ཀྱི་བསྡུར་ཚད15%ཡས་མས་སུ་བསླེབ་པར་བྱ་དགོས།

སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་སྤྱི་ཁོག་ནས་ལེགས་བཅོས་འཐོབ་པ། འབག་བཙོག་དངོས་རྫས་གཙོ་བོ་འབུད་པའི་སྤྱི་འབོར་མུ་མཐུད་དུ་ཇེ་ཉུང་དུ་སོང་བ་དང་།མཁའ་་་་་་དབུགས་ཆེན་པོའི་ཁོར་ཡུག་སྤུས་ཀ་དང་འབབ་རྒྱུན་གཙོ་བོ།མཚོ་འགྲམ་ཆུའི་སྤུས་ཀ་བཅས་ལེགས་བཅོས་འཐོབ་པ།གཙང་པོ་དང་ཆུ་བོ།མཚེའུ་གཙོ་བོའི་བྱེད་ནུས་ཁུལ་གྱི་ཆུའི་སྤུས་ཀ་ཚད་གཞིར་བསླེབས་ཚད80%ཡན་དུ་མཐོར་འདེགས་བྱེད་པ། བཏུང་ཆུའི་བདེ་འཇགས་འགན་སྲུང་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་ས་གཤིས་ཁོར་ཡུག་སྤུས་ཀ་སྤྱི་ཁོག་ནས་བརྟན་བརླིང་སྲུང་འཛིན་བྱེད་པ་བཅས་ཁོར་ཡུག་གི་ཉེན་ཁར་ཚོད་འཛིན་ནུས་ལྡན་འཐོབ་པར་བྱ་དགོས།ནགས་ཚལ་གྱི་ཁེབས་ཚད23%ཡན་དུ་བསླེབ་པ་དང་།རྩྭ་ཐང་གི་ཕྱོགས་་་་་་་བསྡུས་སྔོ་ཁེབས་ཚད56%ཏུ་བསླེབ་པ།བརླན་སའི་རྒྱ་ཁྱོན་་་་་མུའུ་དུང་ཕྱུར8ལས་མི་ཉུང་བ་དང་། 50%ཡན་གྱི་བཅོས་སྐྱོང་བྱེད་ཆོག་པའི་བྱེ་འགྱུར་ས་ཞིང་བཅོས་སྐྱོང་འཐོབ་པ།རང་་་་་་་བྱུང་མཚོ་རྒྱུད་ཡོད་པའི་ཚད35%ལས་མི་དམའ་བ། སྐྱེ་དངོས་སྣ་མང་ཅན་ཤོར་ཚད་ཕལ་ཆེར་ཚོད་འཛིན་བྱེད་ཐུབ་པ་བཅས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་སྔར་ལས་མངོན་གསལ་དུ་ཇེ་དྲག་ཏུ་སོང་བ།

སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་གཙོ་བོ་ཕལ་ཆེར་འཛུགས་པ། མགོ་ཁུངས་ནས་སྔོན་འགོག་དང་བྱ་རིམ་ཁྲོད་ཚོད་འཛིན་བྱེད་པ།གནོད་སྐྱོན་བཟོས་ན་སྐྱིན་ཚབ་སྤྲོད་པ།འགན་འཁྲི་རྩད་གཅོད་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་ཅིག་ཆགས་སུ་འཇུག་པ་དང་།རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཐོན་དབང་དང་མཁོ་སའི་དོ་དམ་ལམ་ལུགས།སྐྱེ་ཁམས་སྲུང་སྐྱོང་གི་གསང་ཐིག སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་བྱེད་པ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དོ་དམ་བྱེད་པའི་སྒྲིག་སྲོལ་སོགས་ལམ་ལུགས་གཙོ་བོ་འཛུགས་སྐྲུན་བྱེད་པའི་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་དགོས།

གཉིས་པ།བྱེད་ནུས་གཙོ་བོ་གང་ཡིན་པའི་ངོས་ཟིན་ཇེ་དྲག་ཏུ་བཏང་ནས།རྒྱལ་ཁབ་མངའ་ཁོངས་ཀྱི་བར་གསེང་གསར་སྤེལ་རྣམ་པ་ཇེ་ལེགས་སུ་གཏོང་བ།

རྒྱལ་ཁབ་མངའ་ཁོངས་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱ་ཡུལ་ཡིན་པས།བློ་བརྟན་འགྱུར་མེད་ཀྱིས་བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་ལག་བསྟར་བྱེད་པ་དང་།བར་གསེང་འཆར་གཞི་འགོད་པའི་མ་ལག་འཐུས་ཚང་དུ་གཏོང་བ།ཐོན་སྐྱེད་ཀྱི་བར་གསེང་དང་འཚོ་བའི་བར་གསེང་།སྐྱེ་ཁམས་ཀྱི་བར་གསེང་བཅས་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་བཅོས་སྐྱོང་བྱ་དགོས།

(བཞི།) བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་ལག་བསྟར་ཅི་ཐུབ་བྱེད་པ། བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད་ཁྱོན་ཡོངས་ནས་ལག་བསྟར་དང་།ནོར་སྲིད་དང་མ་དངུལ་གཏོང་བ། ཐོན་ལས།ས་ཞིང་།མི་གྲངས།ཁོར་ཡུག་བཅས་ཆ་སྡེབ་སྲིད་ཇུས་དང་གཞོགས་གཅིག་གཙོ་འཛིན་བྱེད་པའི་ལས་ཆོད་དཔྱད་ཞིབ་གདེང་འཇོག་དང་འཐུས་ཚང་དུ་གཏོང་དགོས།གྲོང་ཁྱེར་དང་རྫོང་གིས་རང་གི་བྱེད་ནུས་ཅི་ཡིན་པ་དངོས་འབེབས་བྱས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་།མཁར་གྲོང་།ས་ཞིང་བེད་སྤྱོད།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་འཆར་འགོད"འཆར་འགོད་མང་པོ་གཅིག་ཏུ་བསྒྲིལ་བ"བྱས་ཏེ།གྲོང་ཁྱེར་དང་རྫོང་གཅིག་རེ་འཆར་འགོད་གཅིག་དང་དཔེ་རིས་གཅིག་ཡོད་པར་བྱ་དགོས།ས་ཁོངས་འཆར་འགོད་བཟོ་བ་དང་ལས་གཞི་ཆེན་པོ་བཀོད་སྒྲིག་བྱེད་པ་དེ་བྱེད་ནུས་གཙོ་བོ་ཅི་ཡིན་པའི་ངོས་ཟིན་དང་མཐུན་དགོས།བྱེད་ནུས་ཁུལ་གཙོ་བོ་མི་འདྲ་བའི་ཐོན་ལས་ལས་གཞི་ལ་ཁྱད་པར་ཡོད་པའི་ཚོང་རར་ཚུད་པའི་སྲིད་ཇུས་ལག་བསྟར་བྱ་དགོས་ཤིང་།གསར་སྤེལ་བྱེད་མི་ཆོག་པའི་ས་ཁོངས་དང་གསར་སྤེལ་ཚོད་འཛིན་བྱེད་པའི་ས་ཁོངས་ཀྱི་ཆོག་འཐུས་དོན་ཚན་གཏན་འཁེལ་གསལ་བོ་དང་། གསར་སྤེལ་ཇེ་ལེགས་སུ་གཏོང་བའི་ས་ཁོངས་དང་གནད་སར་བཞག་ནས་གསར་སྤེལ་ས་ཁོངས་ནས་འཕེལ་རྒྱས་མི་རུང་བ་དང་ཚོད་འཛིན་བྱེད་པའི་ཐོན་ལས་གཏན་འཁེལ་གསལ་བོ་བྱ་དགོས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་འཆར་འགོད་རྩ་གནད་སྒྲིག་བཟོ་དང་ལག་བསྟར་བྱས་ཏེ།རྒྱལ་ཁབ་མངའ་ཁོངས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། མཁར་གྲོང་འཛུགས་སྐྲུན་དོ་མཉམ་དང་མཐུན་པོ་ཡོང་བའི་བར་གསེང་མ་ལག་འཛུགས་པ་དང་།འཚོ་བའི་བར་གསེང་དང་སྐྱེ་ཁམས་ལ་དགོས་པའི་ས་ཞིང་འཕར་སྣོན་འོས་འཚམ་བྱེད་ཅིང་།ནེའུ་གསིང་དང་ཆུ་ཁོངས།བརླན་ས་སོགས་སྐྱེ་ཁམས་ཀྱི་བར་གསེང་སྲུང་སྐྱོང་དང་རྒྱ་བསྐྱེད་དགོས།

(ལྔ།) ལྷད་མེད་གྲོང་རྡལ་ཅན་འཛུགས་སྐྲུན་ཅི་ཐུབ་བྱེད་པ། 《རྒྱལ་ཁབ་ཀྱི་གྲོང་རྡལ་ཅན་གསར་བའི་འཆར་འགོད(2014-2020ལོ)》ལག་བསྟར་ནན་ཏན་བྱེད་པ་དང་།ཐོན་ཁུངས་དང་ཁོར་ཡུག་གི་ཐེག་བྱེད་ནུས་པ་ལྟར་ཚན་རིག་དང་མཐུན་ལ་གནས་ལུགས་དང་ཡང་མཐུན་པའི་གྲོང་རྡལ་ཅན་གྱི་སྤྱི་ཁོག་ཁྱབ་ཚུལ་ཞིག་བསྐྲུན་པ་དང་།གྲོང་ཁྱེར་ཆེན་པོའི་གཞི་ཁྱོན་ཚོད་འཛིན་ནན་མོ་དང་གྲོང་ཁྱེར་ཆུང་འབྲིང་གི་ཐེག་བྱེད་ནུས་པ་ཇེ་དྲག་ཏུ་བཏང་ནས། གྲོང་ཁྱེར་ཆེ ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་བ་མཐུན་སྦྱོར་ངང་འཕེལ་བར་སྐུལ་འདེད་གཏོང་དགོས།རང་བྱུང་གི་བཀོད་པར་བརྩི་བཀུར་དང་ད་ཡོད་རི་ཆུའི་ཆགས་ཚུལ་དང་གནམ་གཤིས་ཆ་རྐྱེན་གཞིར་བཟུང་སྟེ།གྲོང་རྡལ་གྱི་བར་གསེང་སྣ་ཚོགས་བཀོད་སྒྲིག་འོས་མཐུན་བྱེད་པ་དང་།གང་ཐུབ་ཅི་ཐུབ་ཀྱིས་རང་བྱུང་ལ་འགལ་རྐྱེན་མི་བཟོ་བ་དང་གནོད་སྐྱོན་མི་ཐེབས་པ་བྱ་དགོས།རང་བྱུང་ཡུལ་ལྗོངས་སྲུང་སྐྱོང་དང་ལོ་རྒྱུས་ཡོད་པའི་རིག་གནས་རྒྱུན་འཛིན་བྱེད་པ།གྲོང་རྡལ་གྱི་རྣམ་པ་སྣ་མང་ཅན་འདོན་སྤེལ་དང་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་སྲུང་འཛིན་བྱས་ཏེ"གྲོང་རྡལ་བརྒྱ་ཡི་རྣམ་པ་གཅིག་ཡིན་པ"སྔོན་འགོག་བྱ་དགོས།ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་རྡལ་གསར་སྤེལ་བྱེད་ཤུགས་གཏན་ཁེལ་དང་།གྲོང་རྡལ་གྱི་ས་ཞིང་བེད་སྤྱོད་ལས་ཆོད་དང་ཁུལ་ཆགས་པའི་མི་གྲངས་ཀྱི་མཐུག་ཚད་མཐོར་འདེགས་བྱེད་པ།གྲོང་རྡལ་གསར་སྤེལ་གྱི་ས་མཚམས་གཅོད་པ། གྲོང་ཁྱེར་འཛུགས་སྐྲུན་ལ་དགོས་པའི་ས་ཞིང་མཁོ་འདོན་གཟབ་ནན་བཅས་ཀྱིས་གྲོང་རྡལ་ཅན་གྱི་འཕེལ་རྒྱས་དེ་ཕྱིར་རྒྱ་བསྐྱེད་པ་ནས་ནང་དོན་ཇེ་མཐོར་གཏོང་བར་འགྱུར་དགོས། གྲོང་ཁྱེར་གསར་བ་དང་ཁུལ་གསར་བ་འཛུགས་པའི་ཆ་རྐྱེན་དང་གོ་རིམ་ནན་མོར་འཛིན་དགོས།གྲོང་རྡལ་ཅན་དུ་བསྒྱུར་བའི་གོ་རིམ་ཁྲོད་ཀྱི་ནུས་གྲོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།ལྷད་མེད་རྩིག་དངོས་དང་ཐཱན་དམའ་བ།སྟབས་བདེ་བ་བཅས་ཀྱི་འགྲིམ་འགྲུལ་མ་ལག་ཅིག་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་ཞིང་།ལྷད་མེད་དང་སྐྱེ་ཁམས་བཟང་བའི་མཁར་ཁུལ་འཛུགས་སྐྲུན་བྱེད་པ་དང་།གྲོང་རྡལ་གྱི་ཆུ་འདོན་འབུད་དང་ཞོད་སྐྱོན་སྔོན་འགོག ཆར་ཆུ་བསྡུ་གསོག་དང་བེད་སྤྱོད། དྲོད་འདོན།རང་བྱུང་སོལ་རླངས་འདོན་སྤྲོད།ཁོར་ཡུག་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། རྫོང་མཁར་དང་གནད་སའི་གྲོང་རྡལ་ཚང་མར་བཙོག་ཆུ་དང་གད་སྙིགས་གཙང་བྱེད་ཀྱི་ནུས་པ་འཛོམ་དགོས་པར་མ་ཟད།འཛུགས་སྐྲུན་དང་འཁོར་སྐྱོད།དོ་དམ་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།མཁར་གྲོང་འཆར་འགོད་ཁྲོད་ཀྱི"ཁུལ་གསུམ་དང་ཐིག་བཞི"(འཛུགས་སྐྲུན་བྱ་མི་ཆོག་པའི་ཁུལ་དང་ཚོད་འཛིན་བྱེད་པའི་ཁུལ། འཛུགས་སྐྲུན་བྱ་ཆོག་པའི་ཁུལ།ཐིག་ལྗང་ཁུ་དང་ཐིག་སྔོན་པོ།ཐིག་སྨུག་པོ།ཐིག་སེར་པོ།)དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། མཁར་གྲོང་འཆར་འགོད་ཕྱོགས་ཀྱི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་སྲུང་སྐྱོང་བྱས་ནས་རང་འདོད་ལྟར་བཤིག་པ་དང་འཛུགས་སྐྲུན་བྱེད་པར་གཏན་འགོག་བྱ་དགོས།

(དྲུག)མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ། རྫོང་ཁོངས་ཀྱི་སྡེ་བའི་འཆར་འགོད་ཆ་ཚང་དུ་གཏོང་ཞིང་།འཆར་གཞི་འགོད་པའི་ཚན་རིག་རང་བཞིན་དང་གཅུན་ནུས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།རི་ཆུ་ནགས་གསུམ་དང་ཞིང་ཁའི་ལམ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།

ཞིང་སྡེའི་ཁང་བ་རྙིང་བ་དང་ཉེན་ཁ་ཡོད་པའི་ཁང་བ་སྒྱུར་བཀོད་བྱེད་པ་ཇེ་མགྱོགས་སུ་གཏོང་བ།ཞིང་སྡེའི་ཁོར་ཡུག་ལ་གཅིག་བསྡུས་དང་མུ་འབྲེལ་གྱིས་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་དང་།ཞིང་སྡེའི་གད་སྙིགས་ཆེད་དུ་བཅོས་སྐྱོང་བྱེད་ཅིང་།ཞིང་སྡེའི་བཙོག་ཆུ་གཙང་བཅོས་དང་སྤྱོད་ཁང་སྒྱུར་བཀོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས།ཞིང་ལས་འཕེལ་སྟངས་མྱུར་དུ་བསྒྱུར་བ་དང་ཞིང་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ།ཞིང་ལས་ཀྱི་འཁོར་རྒྱུག་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་ཞིང་ལས་ཀྱི་འབག་བཙོག་བཅོས་སྐྱོང་བྱེད་པ་བཅས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་བདེ་འཇགས་ཡིན་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་འོག ཞིང་སྡེའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་ཞིང་སྡེའི་གནས་སྐོར་སྤྲོ་གསེང་ལས་རིགས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་དགོས།ཞིང་པའི་སྣེ་ཁྲིད་དེ་གཞིས་མའི་ཁོར་ཡུག་དང་ལམ་འགྲམ་གཉིས་སུ་སྡོང་ཕྲུག་བཙུགས་ནས་ལྗང་བསྒྱུར་བྱ་དགོས། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།ཁོར་ཡུག་བཅོས་སྐྱོང་དང་དམངས་སྲོལ་འཛུགས་སྐྲུན་གནད་སར་བཞག་ནས་ཏན་ཏན་ཏིག་ཏིག་གིས་དཔལ་ཡོན་ལྡན་པའི་གྲོང་སྡེ་གསར་སྐྲུན་བྱ་དགོས།

(བདུན།) རྒྱ་མཚོའི་ཐོན་ཁུངས་ཚན་རིག་ལྟར་གསར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།རྒྱ་མཚོའི་ཐོན་ཁུངས་ཁོར་ཡུག་གི་ཐེག་བྱེད་ནུས་པ་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱ་མཚོའི་བྱེད་ནུས་ཁུལ་གྱི་དབྱེ་མཚམས་གཅོད་པ་དང་།མཚོ་རྒྱུད་མི་འདྲ་བའི་བྱེད་ནུས་གཙོ་བོ་གཏན་ཁེལ་བྱ་དགོས། "ཆ་ཤས་ནས་གསར་སྤེལ་དང་ཁྱོན་ཡོངས་ནས་སྲུང་སྐྱོང"བྱེད་པ་རྒྱུན་འཁྱོངས་བྱས་ཏེ།རྒྱ་མཚོ་གསར་སྤེལ་བྱེད་ཤུགས་ཚོད་འཛིན་བྱེད་པ་དང་།གསར་སྤེལ་བྱེད་ཆོག་པའི་མཚོ་རྒྱུད་དུ་དཔལ་འབྱོར་གྲུབ་ཚུལ་དང་ཐོན་ལས་ཁྱབ་ཚུལ་མྱུར་དུ་ལེགས་སྒྲིག་བྱེད་པ། རྒྱ་མཚོའི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་བ་འཕེལ་རྒྱས་ཅི་ཐུབ་བྱེད་པ།སྐྱེ་ཁམས་ཁོར་ཡུག་གདེང་འཇོག་བྱེད་པ་ནན་མོར་འཛིན་པ།ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་སྒོས་བེད་སྤྱོད་དང་ཕྱོགས་བསྡུས་གསར་སྤེལ་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ།ཚད་ཆེས་ཆེན་པོའི་སྒོ་ནས་མཚོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་གནོད་སྐྱོན་ཇེ་ཉུང་དུ་གཏོང་དགོས། སྐམ་ས་ཆེན་པོའི་གད་སྙིགས་རྒྱ་མཚོའི་ནང་འབུད་པའི་སྤྱི་འབོར་ཚོད་འཛིན་ནན་མོ་བྱེད་པ་དང་།མཚོ་རྒྱུད་གཙོ་བོར་གད་སྙིགས་འབུད་པའི་སྤྱི་འབོར་ཚོད་འཛིན་བྱེད་པའི་ལམ་ལུགས་འཛུགས་ཤིང་ལག་བསྟར་བྱས་ཏེ།རྒྱ་མཚོའི་ཁོར་ཡུག་བཅོས་སྐྱོང་དང་མཚོ་རྒྱུད་དང་གླིང་ཕྲན་ཕྱོགས་བསྡུས་བཅོས་སྐྱོང་།སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བཅས་ཀྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས།རྒྱ་མཚོའི་སྐྱེ་ཁམས་མ་ལག་གཙོ་བོ་དང་ཚོར་རྣོན།ཉམས་ཞེན་ཆེ་བ་བཅས་སྲུང་སྐྱོང་ནུས་ལྡན་བྱ་དགོས།གྲུ་གཟིངས་གྲུ་ཁའི་འབག་བཙོག་ལ་ཚོད་འཛིན་ནན་མོ་བྱེད་པ་དང་།གྲུ་གཟིངས་ཀྱིས་འབག་བཙོག་བཟོས་པར་བཅོས་སྐྱོང་གང་ལེགས་བྱས་ཏེ།གྲུ་ཁའི་འབག་བཙོག་སྔོན་འགོག་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།མཚོ་ནང་གི་གསོ་སྤེལ་ཚོད་འཛིན་བྱེད་པ་དང་ཚན་རིག་ལྟར་རྒྱ་མཚོའི་ཉ་ལས་ཐོན་ཁུངས་བདག་སྐྱོང་བྱ་དགོས། རྒྱ་མཚོའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་བསྡུས་དཔྱད་དཔག་བྱ་དགོས།རྒྱ་མཚོ་ཁོད་སྙོམས་པའི་སྤྱི་འབོར་ཚོད་འཛིན་ནན་མོ་བྱེད་པའི་ལམ་ལུགས་དང་རང་བྱུང་མཚོ་རྒྱུད་ཚོད་འཛིན་ནན་མོ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་ཅིང་།སྐམ་ས་ཆེན་པོ་དང་རྒྱ་མཚོ་གཅིག་གྱུར་གྱིས་འཆར་འགོད་དང་ས་ཁོངས་མཉམ་དུ་བསྒྲུབ་པའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་ནང་རྐྱེན་ཞིག་འཛུགས་དགོས།

གསུམ་པ། ལག་རྩལ་གསར་སྐྲུན་དང་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་ཇེ་མཐོར་གཏོང་བ།

དཔལ་འབྱོར་འཕེལ་རྒྱས་དང་ཐོན་ཁུངས་ཁོར་ཡུག་བར་གྱི་འགལ་བ་རྩ་བ་ནས་ཞི་འཇགས་སུ་གཏང་ན། ངེས་པར་ཚན་རྩལ་འདུས་ཚད་མཐོ་ཞིང་ཐོན་ཁུངས་ཟད་གྲོན་དམའ་བ།ཁོར་ཡུག་འབག་བཙོག་ཉུང་བའི་ཐོན་ལས་གྲུབ་ཚུལ་ཞིག་ཆགས་སུ་འཇུག་དགོས་པས།ཐོན་སྐྱེད་བྱེད་སྟངས་ལྷད་མེད་ཅན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཞིང་།དཔལ་འབྱོར་ལྷད་མེད་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས་འཕེལ་རྒྱས་ཁྲོད་ཐོན་ཁུངས་ཁོར་ཡུག་འབག་བཙོག་བྱས་པའི་རིན་དོད་ཇེ་དམའ་རུ་གཏོང་དགོས།

(བརྒྱད།) ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ།ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚན་ཞིབ་བྱ་འགུལ་གྱི་ཁྱད་ཆོས་དང་མཐུན་པའི་དོ་དམ་ལམ་ལུགས་དང་འཁོར་སྐྱོད་ནང་རྐྱེན་འཛུགས་དགོས།ཚན་རིག་ལག་རྩལ་གནད་དོན་ཆེན་པོར་ཞིབ་འཇུག་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་།ནུས་ཁུངས་གྲོན་ཆུང་དང་ཐོན་ཁུངས་འཁོར་རྒྱུག་སྒོས་བེད་སྤྱོད།ནུས་ཁུངས་གསར་བ་གསར་སྤེལ། འབག་བཙོག་བཅོས་སྐྱོང་།སྐྱེ་ཁམས་ཉམས་གསོ་སོགས་ཁྱབ་ཁོངས་ཀྱི་གནད་འགག་ཆེ་བའི་ལག་རྩལ་འགག་སྒྲོལ་བྱས་ཏེ།རྨང་གཞི་ཞིབ་འཇུག་དང་མདུན་གྲས་ལག་རྩལ་ཞིབ་འཇུག་གསར་སྤེལ་ཐད་འགག་སྒྲོལ་འཐོབ་དགོས།ལག་རྩལ་གསར་སྐྲུན་ཁྲོད་ཁེ་ལས་བདག་པོ་ཉིད་ཡིན་པའི་གོ་གནས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།ལྷད་མེད་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ལག་རྩལ་གྱི་ལམ་ཕྱོགས་གདམ་གསེས་ཁྲོད་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།ལག་རྩལ་གསར་སྐྲུན་གྱི་མ་ལག་འཐུས་ཚང་དུ་བཏང་ནས།ཕྱོགས་བསྡུས་འདུས་གྲུབ་གསར་སྐྲུན་གྱི་ནུས་པ་མཐོར་འདེགས་དང་བཟོ་རྩལ་གསར་སྐྲུན་དང་ཚོད་ལྟ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བཟོ་སྐྲུན་ལག་རྩལ་རིགས་ཀྱི་ཞིབ་འཇུག་ལྟེ་གནས་དང་ཚོད་ལྟའི་ཁང་།ཚོད་ལྟའི་རྟེན་གཞི་བཅས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་།ཚན་རྩལ་གསར་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་བསྒྱུར་བའི་ནང་རྐྱེན་ཆ་ཚང་དུ་བཏང་སྟེ།གྲུབ་འབྲས་བསྒྱུར་བའི་སྟེགས་བུ་དང་བར་སྦྲེལ་་་་་ཞབས་ཞུ་ལས་ཁུངས་སྐོར་ཞིག་ཆགས་སུ་འཇུག་པ་དང་།ཆ་རྐྱེན་འཛོམ་ཞིང་སྤྱད་འཐུས་པའི་ལག་རྩལ་མྱུར་དུ་དཔེ་སྟོན་དང་ཁྱབ་གདལ་དུ་གཏོང་དགོས།སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞི་ཞིབ་འཇུག་དང་ཚོད་ལྟ་གསར་སྤེལ། བཟོ་སྐྲུན་བཀོལ་སྤྱོད།ཚོང་རའི་ཞབས་ཞུ་སོགས་ཚན་རྩལ་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།

(དགུ།) ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་བ།འཐབ་ཇུས་རང་བཞིན་ལྡན་པའི་ཐོན་ལས་གསར་བ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བ་དང་།སྔོན་ཐོན་དང་བཀོལ་སྤྱོད་བྱེད་ཆོག་པའི་ནུས་གྲོན་ཐཱན་དམའ་ཁོར་ཡུག་སྲུང་སྐྱོང་ལག་རྩལ་སྤྱད་དེ་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་ཇེ་མཐོར་གཏོང་བ།ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་ཐོན་ལས་ལུགས་དང་མཐུན་པར་བཀོད་སྒྲིག་དང་འཛུགས་སྐྲུན་བྱ་དགོས། ཐོན་སྐྱེད་ནུས་པ་ཆེ་དྲགས་པའི་འགལ་བ་ཞི་འཇགས་ཅི་ཐུབ་བྱེད་པ་དང་།ཉེན་བརྡ་གཏོང་བ་དང་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་དུས་ཐོག་ཏུ་ཐོན་སྐྱེད་ནུས་པ་ཆེ་དྲགས་པའི་ལས་རིགས་མིང་ཐོ་ལེགས་སྒྲིག་བྱེད་ཅིང་། ཐོན་སྐྱེད་ནུས་པ་ཧ་ཅང་ཆེ་དྲགས་པའི་ལས་རིགས་ཁྲོད་ཐོན་སྐྱེད་ནུས་པ་གསར་དུ་སྣོན་རྩིས་ཡོད་པའི་ལས་གཞིར་གཏན་ནས་ཆོག་མཆན་འགོད་མི་ཆོག རྗེས་ལུས་ཐོན་སྐྱེད་ནུས་པ་ཕྱིར་འབུད་ཚད་ཇེ་མགྱོགས་སུ་གཏོང་ཞིང་རིམ་བཞིན་ཕྱིར་འབུད་པའི་ཚད་གཞི་ཇེ་མཐོར་གཏོང་བ་དང་།རྗེས་ལུས་ཐོན་སྐྱེད་ནུས་པ་དབུས་ནུབ་རྒྱུད་དུ་སྤོ་བར་གཏན་འགོག་བྱ་དགོས།ཐོན་སྐྱེད་ནུས་པ་ཆེ་དྲགས་པ་ཞི་འཇགས་སུ་གཏོང་བ་དང་རྗེས་ལུས་ཐོན་སྐྱེད་ནུས་པ་ཕྱིར་འབུད་པའི་ཁེ་ལས་ཀྱི་ལས་བཟོ་པའི་བཀོད་སྒྲིག་བྱ་བ་ལེགས་པོར་བསྒྲུབ་དགོས།རྒྱུ་ཆའི་ཐོན་ཁུངས་གོ་ལ་ཧྲིལ་བོར་དམིགས་ནས་བཀོད་སྒྲིག་བྱེད་པ་དང་།ལེགས་ཆ་ལྡན་པའི་ཐོན་ལས་ཕྱིར་འགྲོ་བར་སྐུལ་མ་བཏང་ནས་རྒྱལ་སྤྱིའི་སྟེང་གི་ལས་བགོས་ཆུ་ཚད་ཇེ་མཐོར་གཏོང་དགོས།ནུས་པའི་འབྱུང་ཁུངས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་སྲོལ་རྒྱུན་གྱི་ནུས་པའི་འབྱུང་ཁུངས་བདེ་འཇགས་དང་ལྷད་མེད་ཀྱིས་བེད་སྤྱོད་དང་གཙང་ཞིང་ཐཱན་དམའ་བའི་སྒོ་ནས་བེད་སྤྱོད་བྱེད་དུ་འཇུག་པ།ནུས་པའི་འབྱུང་ཁུངས་གཙང་མ་དང་བསྐྱར་སྐྱེ་ནུས་པའི་འབྱུང་ཁུངས་འཕེལ་རྒྱས་སུ་བཏང་ནས།རྒྱུན་ཆད་མེད་པར་འགྱུར་རྡོ་མིན་པའི་ནུས་པའི་འབྱུང་ཁུངས་དེ་ནུས་པའི་འབྱུང་ཁུངས་ཟད་གྲོན་གྲུབ་ཚུལ་ཁྲོད་ཀྱི་བསྡུར་ཚད་ཇེ་མཐོར་གཏོང་དགོས།

(བཅུ།) ལྷད་མེད་ཐོན་ལས་འཕེལ་རྒྱས་སུ་གཏོང་བ།ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱ་ཐུབ་པའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐོན་རྫས་ཁྱབ་གདལ་དུ་བཏང་ནས་འཛད་སྤྱོད་དགོས་མཁོ་སྐུལ་ཁྲིད་བྱེད་པ་དང་།ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བཟོ་་་་་་་་འགོད་ཀྱི་ལག་རྩལ་ནུས་པ་ཇེ་དྲག་ཏུ་བཏང་ནས་མ་དངུལ་གཏོང་ཤུགས་ཇེ་དྲག་ཏུ་གཏོང་བ།སྲིད་ཇུས་དང་ནང་རྐྱེན་ཆ་ཚང་དུ་བཏང་ནས་ཚོང་རའི་མི་མངོན་པའི་དགོས་མཁོ་གློད་འགྲོལ་བྱེད་པ།ནུས་ཁུངས་གྲོན་ཆུང་ལག་རྩལ་དང་སྒྲིག་ཆས།ཞབས་ཞུའི་ཆུ་ཚད་བཅས་མངོན་གསལ་དུ་མཐོར་འདེགས་བྱེད་དུ་འཇུག་ཅིང་། དཔལ་འབྱོར་འཕར་གནས་གསར་བ་མྱུར་དུ་སྐྱེད་སྲིང་བྱ་དགོས།ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐོན་ལས་ཀྱི་ལག་རྩལ་སྒྲིག་སྦྱོར་གཙོ་བོ་ཐོན་ལས་ཅན་དུ་འགྱུར་བའི་བཟོ་འགོད་ལག་བསྟར་བྱེད་པ་དང་།ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་འཆར་འགོད་བྱས་ཏེ་འཛུགས་སྐྲུན་བྱེད་པ།ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཚོང་རའི་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ།ཐབས་ལམ་མང་པོའི་སྒོ་ནས་སྤྱི་ཚོགས་ཀྱི་མ་དངུལ་གཏོང་བར་སྣེ་ཁྲིད་དེ་རྒྱབ་རྟེན་ཐོན་ལས་གསར་བ་ཆགས་སུ་འཇུག་དགོས།ཉིང་རྡུལ་གློག་འདོན་དང་རླུང་ཤུགས་གློག་འདོན། ཉི་འོད་ནུས་པའི་འོད་ཧྥུ་གློག་འདོན་སོགས་རྒྱུ་ཆ་གསར་བ་དང་སྒྲིག་སྦྱོར་གསར་བའི་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་།སྐྱེ་དངོས་རིགས་ཀྱི་གློག་འདོན་དང་སྐྱེ་དངོས་རིགས་ཀྱི་ནུས་ཁུངས།རྫབ་རླངས།

  ས་འོག་ཚ་ནུས།གཏིང་ཐུང་ས་འོག་དྲོད་ནུས།རྒྱ་མཚོའི་ནུས་པ་སོགས་ཀྱི་བཀོལ་སྤྱོད་སྐུལ་སྤེལ་བྱེད་པ།ཁྱབ་པའི་ཚུལ་གྱི་ནུས་ཁུངས་འཕེལ་རྒྱས་དང་རིག་ནུས་གློག་དྲ་འཛུགས་སྐྲུན།འཁོར་སྐྱོད་དོ་དམ་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བ་བཅས་བྱ་དགོས། ནུས་ཁུངས་གྲོན་ཆུང་དང་ནུས་ཁུངས་གསར་བའི་རླངས་འཁོར་འཕེལ་རྒྱས་ཆེན་པོ་བྱེད་པ།གསར་སྐྲུན་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ།ཆ་སྡེབ་བྱས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།ཁྱབ་གདལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱ་དགོས།སྐྱེ་ལྡན་ཞིང་ལས་དང་སྐྱེ་ཁམས་ཞིང་ལས།དེ་མིན་ཁྱད་ཆོས་ལྡན་པའི་དཔལ་འབྱོར་་་་་ནགས་ཚལ་དང་ནགས་འོག་དཔལ་འབྱོར།ནགས་ཚལ་གནས་སྐོར་སོགས་ནགས་ལས་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས།

བཞི་པ། ཐོན་ཁུངས་གྲོན་ཆུང་དང་འཁོར་རྒྱུག ཕན་འབྲས་མཐོ་བ་བཅས་ཀྱི་སྒོ་ནས་བཀོལ་སྤྱོད་དང་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ།བེད་སྤྱོད་བྱེད་སྟངས་རྩ་བ་ནས་བསྒྱུར་ཐབས་བྱེད་པ།

ཐོན་ཁུངས་གྲོན་ཆུང་བྱེད་པ་ནི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐབས་ཇུས་གལ་ཆེ་ཤོས་ཡིན་ཕྱིར།སྤྱི་ཚོགས་ཡོངས་སུ་ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཇེ་ཉུང་དུ་གཏོང་ཐབས་བྱས་ཏེ།ཐོན་སྐྱེད་དང་འཁོར་རྒྱུག འཛད་སྤྱོད་བཅས་གནད་འགག་སོ་སོར་འཁོར་སྐྱོད་དཔལ་འབྱོར་ཤུགས་ཆེན་པོས་སྤེལ་ཞིང་།ཐོན་ཁུངས་སྣ་ཚོགས་གྲོན་ཆུང་དང་ཕན་འབྲས་མཐོ་བའི་ངང་བེད་སྤྱོད་བྱེད་པ་མངོན་འགྱུར་བྱ་དགོས།

(བཅུ་གཅིག) ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་བྱེད་པ།ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གཉིས་ཀྱི་རོགས་རེས་སྐུལ་འདེད་ནུས་པ་འདོན་སྤེལ་བྱས་ཏེ། གནད་སའི་ཁྱབ་ཁོངས་སུ་ཁྱོན་ཡོངས་ནས་ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་བྱ་དགོས།ནུས་ཁུངས་བེད་སྤྱོད་ལས་ཁུངས་གཙོ་བོར་ནུས་ཁུངས་གྲོན་ཆུང་བྱེད་པའི་ཐཱན་དམའ་འགུལ་སྐྱོད་སྤེལ་བ་དང་།ཐོན་ལས་གཙོ་བོའི་ནུས་ཁུངས་བེད་སྤྱོད་ཕན་འབྲས་ཇེ་མཐོར་གཏོང་བའི་འཆར་གཞི་ལག་བསྟར་བྱ་དགོས།ཨར་ལས་རྒྱག་སྐབས་ནུས་ཁུངས་གྲོན་ཆུང་གི་ཚད་གཞི་ལག་བསྟར་ནན་མོ་བྱེད་པ་དང་།ད་ཡོད་ཨར་ལས་ནུས་ཁུངས་གྲོན་ཆུང་དང་དྲོད་འདོན་ཚད་འཇལ་སྒྱུར་བཀོད་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ།ཚད་གཞི་དང་ཇུས་འགོད།འཛུགས་སྐྲུན་བཅས་ཕྱོགས་ནས་བསྐྱར་སྐྱེ་ནུས་ཁུངས་བརྩིགས་དངོས་ཁྲོད་བཀོལ་སྤྱོད་བྱེད་པར་ཁྱབ་གདལ་ཅི་ཐུབ་དང་།ཨར་ལས་རྒྱག་པ་བཟོ་ལས་ཅན་སོགས་ཀྱི་འཛུགས་སྐྲུན་རྣམ་པ་སྤྱད་པར་སྐུལ་མ་གཏོང་དགོས།དམིགས་སུ་བཀར་ནས་སྤྱི་པའི་འགྲིམ་འགྲུལ་འཕེལ་རྒྱས་དང་།སྐྱེལ་འདྲེན་བྱེད་སྟངས་ཇེ་ལེགས་སུ་གཏོང་བ།ནུང་ཁུངས་གྲོན་ཆུང་དང་ནུས་ཁུངས་གསར་བའི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་སྦྱོར་ཁྱབ་གདལ་དང་འདྲུད་སྒྲོམ་སྐྱེལ་འདྲེན་འཕེལ་རྒྱས་སུ་གཏོང་དགོས། ཕན་འབྲས་མཐོ་ལ་ནུས་ཁུངས་གྲོན་ཆུང་བྱེད་པའི་ཞིང་ལས་ཐོན་སྐྱེད་སྒྲིག་ཆས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས།གྲོན་ཆུང་ཅན་གྱི་སྤྱི་པའི་ལས་ཁུངས་དཔེར་སྟོན་པའི་གསར་སྐྲུན་བྱ་འགུལ་སྤེལ་དགོས།གྲུབ་ཚུལ་དང་བཟོ་སྐྲུན།དོ་དམ་བཅས་ཀྱི་བཙོག་འབུད་ཉུང་གཏོང་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།འབག་བཙོག་དངོས་རྫས་གཙོ་བོ་འབུད་པའི་སྤྱི་འབོར་མུ་མཐུད་དུ་ཇེ་ཉུང་དུ་གཏོང་དགོས།

(བཅུ་གཉིས།) འཁོར་སྐྱོད་དཔལ་འབྱོར་གོང་དུ་སྤེལ་བ།སྤྱི་འབོར་ཉུང་འཕྲི་དང་བསྐྱར་དུ་བེད་སྤྱོད།ཐོན་ཁུངས་ཅན་བཅས་ཀྱི་རྩ་དོན་ལྟར།འཁོར་སྐྱོད་ཅན་གྱི་བཟོ་ལས་དང་ཞིང་ལས།ཞབས་ཞུ་ལས་རིགས་བཅས་ཀྱི་མ་ལག་མྱུར་དུ་བཙུགས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ལས་ཆོད་ཇེ་མཐོར་གཏོང་དགོས།བསྐྱར་སྐྱེ་ཐོན་ཁུངས་ཕྱིར་བསྡུ་བའི་མ་ལག་ཆ་ཚང་དུ་གཏོང་བ་དང་། གད་སྙིགས་ཀྱི་རིགས་བཀར་ནས་བསྡུ་བ་དང་། "གྲོང་ཁྱེར་གྱི་གཏེར་ཁ"གསར་སྤེལ་དང་བེད་སྤྱོད་བྱ་དགོས།སོག་མ་སོགས་ཞིང་ནགས་བེད་མེད་དངོས་རོ་དང་དེ་མིན ་ཨར་ལས་བརྒྱབ་པའི་གད་སྙིགས།ཟ་ཁང་གི་བེད་མེད་དངོས་རོ་བཅས་ཐོན་ཁུངས་སུ་སྤྱོད་པར་སྐུལ་སྤེལ་བྱེད་ཅིང་།བསྐྱར་བཟོ་དང་བསྐྱར་དུ་བེད་སྤྱོད་ཆོག་པའི་ཐོན་རྫས་འཕེལ་རྒྱས་དང་།འཁེལ་འཐག་ཐོན་རྫས་དང་རླངས་འཁོར་གྱི་འགྱིག་འཁོར་སོགས་བེད་མེད་དངོས་རྫས་རྙིང་བ་ཕྱིར་བསྡུ་བ་དང་བེད་སྤྱོད་བྱེད་པར་སྐུལ་མ་གཏོང་དགོས།སོལ་མ་རྡོ་དང་གཏེར་སྙིགས་སོགས་སྲ་གཟུགས་བེད་མེད་དངོས་རྫས་ཆེ་གྲས་ཕྱོགས་བསྡུས་བེད་སྤྱོད་བྱ་དགོས།འཁོར་སྐྱོད་དཔལ་འབྱོར་དཔེར་སྟོན་པའི་འགུལ་སྐྱོད་རྩ་འཛུགས་བྱེད་པ་དང་།འཁོར་སྐྱོད་དཔལ་འབྱོར་གྱི་དཔེར་འོས་དཔེ་དབྱིབས་ཁྱབ་གདལ་ཅི་ཐུབ་བྱ་དགོས།འཁོར་སྐྱོད་ཅན་གྱིས་ཐོན་ལས་སྒྲིག་འཛུགས་བྱེད་པར་སྐུལ་འདེད་བཏང་ནས། ཐོན་སྐྱེད་དང་འཚོ་བའི་མ་ལག་གཉིས་འཁོར་སྐྱོད་ངང་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་དང་།ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་བྱེད་པ་སྤྱི་ཚོགས་ཡོངས་སུ་ཁེབས་པའི་མ་ལག་འཛུགས་དགོས།

(བཅུ་གསུམ།) ཐོན་ཁུངས་གྲོན་ཆུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།ཆུ་དང་ས་ཞིང་།གཏེར་ཁ་སོགས་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་བྱེད་ཅིང་དེའི་གོ་རིམ་ཧྲིལ་བོར་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།ཐོན་ཁུངས་ཟད་གྲོན་ཆུ་ཚད་ཆེས་ཆེར་ཇེ་དམའ་རུ་གཏོང་དགོས།ཆུ་མཁོའི་དོ་དམ་སྔར་ལས་ཤུགས་སྣོན་པ་དང་།ཆུ་བཞུར་ཚད་ལྟར་མཁོ་ཚད་གཏན་ཁེལ་དང་ཆུ་མང་་་་ཉུང་ལ་བསྟུན་ཐབས་ཀྱིས་ལུགས་དང་མི་མཐུན་པའི་ཆུའི་མཁོ་ཚད་བཀག་འགོག་བྱས་ནས།མི་གྲངས་དང་དཔལ་འབྱོར་སོགས་ཆུའི་ཐོན་ཁུངས་དང་ཆ་སྙོམས་ཡོང་བར་བྱེད་པ་དང་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་དགོས།ཆུ་གྲོན་ཆུང་བྱེད་པའི་ཕན་མཐོའི་ལག་རྩལ་དང་ཐོན་རྫས་ཁྱབ་གདལ་གཏོང་བ་དང་། ཆུ་གྲོན་ཆུང་བྱེད་པའི་ཞིང་ལས་འཕེལ་རྒྱས་སུ་གཏོང་བ། གྲོང་ཁྱེར་ནས་ཆུ་གྲོན་ཆུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།ཁེ་ལས་ཀྱིས་ཆུ་གྲོན་ཆུང་བྱེད་པའི་སྒྱུར་བཀོད་བཅས་བྱ་དགོས།བསྐྱར་སྐྱེ་ཆུ་དང་གཏེར་ཁྲོན་ཆུ།བར་སྣང་སྤྲིན་གྱི་ཆུ།རྒྱ་མཚོའི་ཆུ་བཅས་རྒྱུན་ལྡན་ཆུ་མིན་པའི་ཐོན་ཁུངས་གསར་སྤེལ་ཅི་ཐུབ་དང་།སྒྲིག་ལམ་མེད་པར་ཆུ་གཏོང་བ་དང་མིའི་ཐབས་ཀྱིས་ཆུའི་ཡུལ་ལྗོངས་བཟོ་སྐྲུན་འཛུགས་པར་ཚོད་འཛིན་ནན་མོ་བྱས་ཏེ།ཆུའི་ཐོན་ཁུངས་ཀྱི་བདེ་་་་་་་་འཇགས་འགན་སྲུང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།འཕར་ཚད་ཚོད་འཛིན་ནན་མོ་དང་ད་ཡོད་ཧུར་པོར་གཏོང་བ།གྲུབ་ཚུལ་ལེགས་སྒྲིག ལས་ཆོད་མཐོར་འདེགས་བཅས་ཀྱི་རྩ་དོན་ལྟར།ས་ཞིང་བེད་སྤྱོད་པར་འཆར་གཞི་འགོད་པའི་དོ་དམ་ཚོད་འཛིན་དང་།ཚོང་རའི་སྙོམས་སྒྲིག ཚད་གཞི་ཚོད་འཛིན།ཞིབ་བཤེར་བྱེད་པར་ལྟ་སྐུལ་དོ་དམ་བཅས་སྔར་ལས་ཤུགས་སྣོན་པ་དང་། ས་ཞིང་མཁོ་སའི་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བྱེད་ཅིང་།ས་ཞིང་གྲོན་ཆུང་བྱེད་པའི་ལག་རྩལ་དང་དཔེ་དབྱིབས་ཁྱབ་གདལ་དང་བཀོལ་སྤྱོད་བྱ་དགོས།ལྷད་མེད་གཏེར་ལས་འཕེལ་རྒྱས་སུ་གཏོང་བ་དང་ལྷད་མེད་གཏེར་ཁའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་།གཏེར་ཁའི་ཐོན་ཁུངས་ཕན་འབྲས་མཐོ་བའི་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས།གཏེར་ཁའི་ཐོན་ཁུངས་བསྐྱར་དུ་སྔོག་འདོན་བྱེད་ཚད་དང་གཏེར་རྡོ་ཕྱིར་བསྡུ་ཚད།ཕྱོགས་བསྡུས་བེད་སྤྱོད་ཚད་བཅས་སྔར་ལས་ཇེ་མཐོར་གཏོང་དགོས།

ལྔ་པ།རང་བྱུང་སྐྱེ་ཁམས་མ་ལག་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་དངོས་གནས་ལེགས་བཅོས་བྱེད་པ།

སྐྱེ་ཁམས་ཁོར་ཡུག་བཟང་བོ་ཞིག་ནི་ཆེས་དྲང་སྙོམས་ཡིན་པའི་སྤྱི་པའི་ཐོན་རྫས་ཤིག་ཡིན་ལ།ཀུན་ལ་ཕན་ཁེ་ཐོབ་པའི་དམངས་འཚོའི་བསོད་ནམས་ཤིག་ཀྱང་ཡིན་ཕྱིར།མགོ་ཁུངས་ནས་སྔོན་འགོག་ནན་མོ་བྱས་ཏེ་འབག་བཙོག་གསར་བ་མི་བཟོ་བ་དང་།སྐྱེ་ཁམས་ཁོར་ཡུག་ཕྱོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ་དང་ད་ཡོད་འབག་བཙོག་བཅོས་སྐྱོང་གང་ལེགས་བྱས་འོག མི་དམངས་མང་ཚོགས་ལ་མཁའ་དབུགས་གསར་བ་རྔུབ་ཏུ་འཇུག་པ་དང་།ཆུ་དྭངས་མོ་འཐུང་དུ་འཇུག་པ་བཅས་ཁོར་ཡུག་བཟང་བའི་འོག་ཐོན་སྐྱེད་དང་འཚོ་བ་རོལ་ཏུ་འཇུག་དགོས།

(བཅུ་བཞི།) རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་པ།སྐྱེ་ཁམས་བདེ་འཇགས་ཀྱི་བཀག་དངོས་མྱུར་དུ་འཛུགས་སྐྲུན་བྱས་ཏེ།མཚོ་བོད་མཐོ་སྒང་དང་ས་སེར་མཐོ་སྒང་།སི་ཁྲོན་དང་ཡུན་ནན།བྱང་ཤར་ནགས་ཚལ་རྒྱུད།བྱང་ཕྱོགས་བྱེ་འགོག་རྒྱུད།ལྷོ་ཕྱོགས་རི་མ་ཐང་རྒྱུད།མཚོ་རྒྱུད་སྐྱེ་ཁམས་ཁུལ།དེ་མིན་གཙང་བོ་ཆེན་པོ་དང་ཆུ་བོ་ཆེན་པོ་བཅས་ཆུ་རྒྱུན་གཙོ་བོ་སྒྲོམ་གཞི་བྱས་ཤིང་།སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་གཞན་དག་གིས་འདེགས་སྐྱོར་བྱེད་པ།གསར་སྤེལ་བྱེད་མི་ཆོག་པའི་ས་ཁོངས་གྲུབ་ཆ་གཙོ་བོ་ཡིན་པའི་སྐྱེ་ཁམས་བདེ་འཇགས་ཀྱི་འཐབ་ཇུས་རྣམ་པ་ཞིག་ཆགས་སུ་འཇུག་དགོས།སྐྱེ་ཁམས་ཉམས་གསོའི་བཟོ་འགོད་ཆེན་པོ་ལག་བསྟར་བྱས་པ་བརྒྱུད་ནགས་ཚལ་དང་མཚེའུ།བརླན་ས་བཅས་ཀྱི་རྒྱ་ཁྱོན་ཆེ་རུ་གཏོང་ཞིང་།བྱེ་ཁུལ་དང་རྩྭ་ཐང་གི་སྔོ་ཁེབས་ཀྱི་ཁེབས་ཚད་རྒྱ་བསྐྱེད་དེ།གོ་རིམ་ལྡན་པའི་ངང་ཉམས་པ་སོར་ཆུད་དང་མི་་་་་་ཉམས་སྐྱེ་འཕེལ་མངོན་འགྱུར་བྱ་དགོས།ནགས་ཚལ་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་རྒྱ་ཁྱོན་དེ་རྒྱལ་ཡོངས་སུ་རྒྱ་བསྐྱེད་དགོས།ཤུགས་ཆེན་པོས་སྡོང་འཛུགས་ནགས་བཟོ་དང་ནགས་ཚལ་བདག་གཉེར་བྱེད་པ་དང་། རྨོ་བསྐྱུར་ནགས་གསོའི་བརྟན་འཇགས་དང་རྒྱ་བསྐྱེད་པ།འགོག་སྲུང་ནགས་ཚལ་མ་ལག་གཙོ་བོ་མྱུར་དུ་འཛུགས་སྐྲུན་བྱེད་པ།རྒྱལ་དབང་ནགས་ར་དང་རྒྱལ་དབང་ནགས་ཁུལ་གྱི་བདག་གཉེར་དོ་དམ་སྒྲིག་སྲོལ་ཆ་ཚང་དུ་གཏོང་བ།ཐུན་མོང་གི་ནགས་ཚལ་ཁེ་དབང་ལམ་ལུགས་བཅོས་བསྒྱུར་ཇེ་ཟབ་ཏུ་གཏོང་དགོས།ཕྱུགས་བཀག་ཕྱུགས་མཚམས་འཇོག་པ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་།གཞི་རྩའི་རྩྭ་སའི་དབྱེ་མཚམས་གཅོད་པ་དང་སྲུང་སྐྱོང་བྱེད་པའི་བྱ་བ་སྤེལ་ཚད་ཇེ་མགྱོགས་སུ་གཏོང་དགོས། ཕྱུགས་བསྐྱུར་རྩྭ་གསོ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཁ་གསབ་བྱ་དགའ་སྤྲོད་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས། རྩྭ་ས་འགན་ལེན་བདག་གཉེར་བྱེད་པའི་ལམ་ལུགས་བརྟན་འཇགས་དང་ཆ་ཚང་དུ་གཏོང་དགོས།

བརླན་སའི་སྐྱེ་ཁམས་ཕན་འབྲས་ལ་ཁ་གསབ་བྱེད་པ་དང་རྨོ་བསྐྱུར་བརླན་གསོ་བྱ་བ་སྤེལ་མགོ་བརྩམ་དགོས། ཆུ་གནས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།ཆུ་རྒྱུད་གཙོ་བོར་རིན་ཐང་འཕར་བའི་ཚེ་ཐར་གཏོང་བའི་བྱ་འགུལ་སྤེལ་དགོས།པེ་ཅིན་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྐྱོང་དང་།ས་སེར་མཐོ་སྒང་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་།རྡོ་བྱེ་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་བཅས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་།བྱེ་འགྱུར་ས་ཞིང་ལ་བཀག་སྡོམ་སྲུང་སྐྱོང་བྱེད་པའི་ཚོད་ལྟའི་བྱ་བ་སྤེལ་དགོས།

ཚད་གཞི་རིམ་སྤར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།བརྩིགས་དངོས་དང་འགྲོ་ལམ།ཟམ་པ་སོགས་འཛུགས་སྐྲུན་བྱེད་པའི་ཚད་གཞི་ཇེ་མཐོར་གཏོང་དགོས།ཁོར་ཡུག་གི་ཤོང་ཚད་ཆུང་ལ་སྐྱེ་ཁམས་ཁོར་ཡུག་ཞན་པ།ཁོར་ཡུག་གི་ཉེན་ཁ་ཆེ་བ་བཅས་ཀྱི་ས་ཁུལ་དུ་བཙོག་དངོས་དམིགས་བསལ་དུ་འབུད་པའི་གྲངས་ཚད་ལག་བསྟར་བྱ་དགོས། ས་ཁུལ་སོ་སོར་སྐུལ་མ་བཏང་ནས་ཁྲིམས་ལྟར་སྔར་ལས་ནན་མོ་ཡིན་པའི་ས་གནས་ཀྱི་ཚད་གཞི་གཏན་འབེབས་བྱ་དགོས་པར་མ་ཟད།རྒྱལ་སྤྱི་དང་སྦྲེལ་་་་་་་མཐུད་བྱེད་ཐུབ་ལ།རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཕན་ནུས་དང་ཁོར་ཡུག་སྲུང་སྐྱོང་གི་མཚོན་རྟགས་ངོས་ལེན་ལམ་ལུགས་འཛུགས་དགོས།

(བཅོ་ལྔ།) ཁྱོན་ཡོངས་ནས་འབག་བཙོག་བཅོས་སྐྱོང་བྱེད་པ། མི་ནི་གཞི་རྩ་ཡིན་པ་དང་འགོག་བཅོས་ཟུང་དུ་སྦྲེལ་བ།ཡན་ལག་དང་རྩ་བ་མཉམ་བཅོས། ཕྱོགས་བསྡུས་སྲིད་ཇུས་ལག་ཏུ་བསྟར་པ་བཅས་ཀྱི་རྩ་དོན་ལྟར།མིའི་ལུས་ཁམས་བདེ་ཐང་ལ་འགན་སྲུང་བྱེད་པ་སྲོག་ཤིང་ཡིན་པ་དང་ཁོར་ཡུག་གི་སྤུས་ཀ་ལེགས་བཅོས་བྱེད་པ་དམིགས་འབེན་ཡིན་པ།ཁོར་ཡུག་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པ་་་་རྨང་གཞི་ཡིན་པའི་ཁོར་ཡུག་དོ་དམ་མ་ལག་འཛུགས་དགོས་ཤིང་།ས་ཁོངས་ལས་བརྒལ་བའི་འབག་བཙོག་བཅོས་སྐྱོང་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་དུ་བཏང་ནས།མི་དམངས་མང་ཚོགས་ལ་བསམ་འཆར་ཆེ་བའི་རླུང་ཁམས་ཆེན་པོ་དང་ཆུ།ས་གཤིས་བཅས་འབག་བཙོག་བཟོས་པའི་ཁོར་ཡུག་འབུར་ཐོན་གནད་དོན་སོགས་མྱུར་དུ་ཐག་གཅོད་དགོས། རླུང་ཁམས་ཆེན་པོའི་འབག་བཙོག་བཅོས་སྐྱོང་འགུལ་སྐྱོད་འཆར་གཞི་མུ་མཐུད་དུ་དངོས་འབེབས་བྱས་ཏེ།རིམ་བཞིན་འབག་བཙོག་ཚབས་ཆེན་ཐེབས་པའི་གནམ་གཤིས་མེད་པར་བྱེད་པ་དང་། རླུང་ཁམས་ཆེན་པོའི་ཁོར་ཡུག་སྤུས་ཀ་དངོས་གནས་་ལེགས་བཅོས་བྱ་དགོས།ཆུའི་འབག་བཙོག་བཅོས་སྐྱོང་འགུལ་སྐྱོད་འཆར་གཞི་ལག་ཏུ་བསྟར་པ་དང་འཐུང་ཆུའི་མགོ་ཁུངས་སྲུང་སྐྱོང་ནན་མོ་བྱེད་ཅིང་།ཆུ་གསོ་ཁུལ་དང་མགོ་ཁུངས་ཁུལ་སོགས་ཆུའི་མགོ་ཁུངས་གི་ཁོར་ཡུག་བཅོས་སྐྱོང་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས།ཆུ་འདོན་པའི་གོ་རིམ་ཧྲིལ་བོའི་དོ་དམ་ལ་ཤུགས་བསྣན་ནས།བཏུང་ཆུའི་བདེ་འཇགས་ལ་ཁག་ཐེག་ནན་ཏན་བྱ་དགོས།གནད་ཆེའི་འབབ་རྒྱུད་དང་ས་ཁོངས།ཉེ་ངོགས་མཚོ་རྒྱུད་ཀྱི་ཆུའི་འབག་བཙོག་བཅོས་སྐྱོང་དང་མཚེའུ་བཟང་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཤུགས་བསྣན་དགོས་པར་མ་ཟད། ཚྭ་མེད་ཆུ་ནང་དུ་གསོ་སྤེལ་བྱེད་པ་ཚོད་འཛིན་དང་ཚད་ལྡན་དུ་བཏང་ནས། ཆུ་བོའི(མཚེའུ་དང་རྒྱ་མཚོ)ནང་བཙོག་དངོས་འབུད་པའི་དོ་དམ་ནན་མོ་བྱེད་པ་དང་ས་འོག་གི་ཆུ་འབག་བཙོག་བྱས་པར་བཅོས་སྐྱོང་བྱ་དགོས། ས་གཤིས་ཀྱི་འབག་བཙོག་བཅོས་སྐྱོང་བྱ་འགུལ་སྤེལ་བའི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱས་ནས།རྨོ་ཞིང་གི་ས་གཤིས་ཁོར་ཡུག་དམིགས་སུ་བཀར་ནས་སྲུང་སྐྱོང་དང་། བཟོ་ལས་འབག་བཙོག་བྱེད་ས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།ས་གཤིས་་་་འབག་བཙོག་ཐེབས་པར་བཅོས་སྐྱོང་དང་ཉམས་གསོ་ཚོད་ལྟ་བྱ་དགོས། ཞིང་ལས་ཕྱོགས་ཀྱི་འབག་བཙོག་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་འདེབས་གསོ་ལས་རིགས་དང་སྒོས་སུ་གཞི་ཁྱོན་ཅན་གྱི་ཕྱུགས་ཟོག་དང་ཁྱིམ་བྱ་གསོ་སྤེལ་ལས་འབག་བཙོག་བཟོས་པ་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས།ཚན་རིག་དང་མཐུན་པར་ལུད་རྫས་འཇོག་པ་དང་ཞིང་སྨན་བེད་སྤྱོད་དང་ནུས་བསྲི་ཁོར་སྲུང་ཅན་གྱི་ཐབ་ཁ་ཁྱབ་གདལ་དུ་བཏང་ནས།ཞིང་ལས་ཐོན་རྫས་ཀྱི་ཐོན་ས་དང་ཞིང་སྡེའི་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་གཙང་དག་བྱ་དགོས། མཁར་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ལྕགས་རིགས་ལྗིད་གྲས་ཀྱི་འབག་བཙོག་བཅོས་སྐྱོང་བྱ་དགོས།གཏེར་ཁ་དང་ས་གཤིས་ཁོར་ཡུག་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་སྤེལ་བ་དང་།གཏེར་རོའི་བདེ་འཇགས་དང་ཁོར་སྲུང་ཉར་གསོག་གི་བྱ་བ་སྤེལ་ནས།གཏེར་རོ་སོགས་གཟུགས་ལྡན་སྙིགས་རོ་ཆེ་རིགས་ཐག་གཅོད་ལེགས་པོ་བྱ་དགོས།རྫས་འགྱུར་ཐོན་རྫས་དང་ཡུན་རིང་བོར་གནས་པའི་སྐྱེ་ལྡན་བཙོག་དངོས།ཉེན་ཁ་ཆེ་བའི་སྙིགས་རོ་སོགས་ཁོར་ཡུག་ཉེན་ཁ་སྔོན་འགོག་དང་བྲེལ་བསྟུན་དོ་དམ་བྱ་བའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཉིང་རྡུལ་སྒྲིག་བཀོད་འཁོར་སྐྱོད་དང་ལྟ་སྐུལ། དོ་དམ་བཅས་བྱེད་ཤུགས་དངོས་གནས་ཇེ་དྲག་ཏུ་བཏང་ནས།ཉིང་རྡུལ་བདེ་འཇགས་ཐད་གནོད་པ་གཏན་ནས་མི་འབྱུང་བར་ཁག་ཐེག་བྱ་དགོས།

(བཅུ་དྲུག) ཧུར་ཐག་གིས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ལན་འཇལ་དགོས།མིག་སྔར་དང་ཡུན་རིང་གཉིས་ཕན་ཚུན་ལྟ་རྟོག་དང་ཞི་འཇགས་དང་མཐུན་ཐབས་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་ཅིང་།ནུས་ཁུངས་གྲོན་ཆུང་དང་ཕན་ནུས་ཇེ་མཐོར་བཏང་བ་བརྒྱུད།ནུས་ཁུངས་ཀྱི་གྲུབ་ཚུལ་ལེགས་སྒྱུར་དང་ནགས་ཚལ་དང་རྩྭ་ཐང་། བརླན་ས།རྒྱ་མཚོའི་ཐཱན་བསྡུ་སོགས་ཀྱི་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས། དབྱང་གཉིས་ཐཱན་འགྱུར་དང་ཅ་ཝན།ཆིང་ཧྥུལ་ཐཱན་འགྱུར་དངོས་རྫས། ཧྥུལ་ཐཱན་འགྱུར། ཧྥུལ་དྲུག་མུ་ཟི་འགྱུར་སོགས་དྲོད་ཁང་རླུང་གཟུགས་འབུད་པ་ནུས་ལྡན་སྒོས་ཚོད་འཛིན་བྱ་དགོས། གནམ་གཤིས་ཀྱི་འགྱུར་ལྡོག་ལ་འཕྲོད་པ་དང་སྒོས་སུ་ཐལ་དྲགས་གནམ་གཤིས་དང་གནམ་གཤིས་དོན་རྐྱེན་འབྱུང་བར་ལན་འཇལ་བའི་ནུས་པ་ཇེ་མཐོར་གཏོང་དགོས།ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ།སྔོན་འགོག་བཅས་ལ་ཤུགས་བསྣན་ནས།ཞིང་ལས་དང་ནགས་ལས།ཆུའི་ཐོན་ཁུངས་སོགས་གནད་ཆེའི་ཁྱབ་ཁོངས་དང་སྐྱེ་ཁམས་ཞན་པའི་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་ལ་འཕྲོད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིང་ལྗོངས་དང་གྲོང་ཁྱེར།གྲོང་རྡལ།ཐོན་ལས་ར་བ།སྡེ་ཁུལ་བཅས་སུ་ཐཱན་དམའ་བའི་ཚོད་ལྟ་བྱེད་པ་དངོས་གནས་སྐུལ་སྤེལ་གཏོང་དགོས།ཐུན་མོང་དང་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་དང་དྲང་སྙོམས་ཀྱི་རྩ་དོན།རང་རང་གི་ནུས་པའི་རྩ་དོན་བཅས་རྒྱུན་འཁྱོངས་བྱེད་པ་དང་།ཧུར་བརྩོན་དང་འཛུགས་སྐྲུན་རང་བཞིན་གྱི་སྒོ་ནས་གནམ་གཤིས་འགྱུར་ལྡོག་ལ་ལན་འཇལ་བའི་རྒྱལ་སྤྱིའི་གྲོས་མོལ་ནང་ཞུགས་ཏེ།དྲང་སྙོམས་དང་ལུགས་དང་མཐུན་པའི་གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་ལ་ལན་འཇལ་བའི་རྣམ་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

དྲུག་པ། སྐྱེ་ཁམས་དཔལ་ཡོན་ལམ་ལགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ།

མ་ལག་ཆ་ཚང་བའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་མྱུར་དུ་འཛུགས་པ་དང་།རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད།སྲུང་སྐྱོང་བཅས་བྱེད་པའི་བྱ་སྤྱོད་སྣ་ཚོགས་ལ་སྣེ་ཁྲིད་དང་ཚད་ལྡན་དུ་གཏོང་བ།གཅུན་འཛིན་བཅས་བྱས་ཏེ།ལམ་ལུགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་དགོས།

(བཅུ་བདུན།) བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ།ད་ལྟར་སྤྱོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་མི་མཐུན་པའི་ནང་དོན་ཁྱོན་ཡོངས་ནས་གཙང་བཤེར་བྱས་ཏེ།བཅའ་ཁྲིམས་དང་ཁྲིམས་སྲོལ་བར་གྱི་སྦྲེལ་མཐུད་ལ་ཤུགས་བསྣན་དགོས།ནུས་བསྲི་དང་དཔྱད་དཔག ཞིབ་བཤེར། ཆུ་གྲོན་ཆུང་།གནམ་གཤིས་འགྱུར་ལྡོག་ལ་ལན་འཇལ་བ། སྐྱེ་ཁམས་ཁ་གསབ། བརླན་ས་སྲུང་སྐྱོང་།སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་།ས་གཤིས་ཁོར་ཡུག་སྲུང་སྐྱོང་སོགས་ཕྱོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཞིབ་འཇུག་དང་གཏན་འབེབས་བྱེད་པ་དང་།ས་ཞིང་གི་དོ་དམ་བཅའ་ཁྲིམས་དང་རླུང་ཁམས་ཆེན་པོའི་འབག་བཙོག་བཅོས་སྐྱོང་བཅའ་ཁྲིམས།ཆུའི་འབག་བཙོག་བཅོས་སྐྱོང་བཅའ་ཁྲིམས།ནུས་ཁུངས་གྲོན་ཆུང་བཅའ་ཁྲིམས།འཁོར་རྒྱུག་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས།གཏེར་ཁ་ཐོན་ཁུངས་བཅའ་ཁྲིམས།ནགས་ཚལ་བཅའ་ཁྲིམས།རྩྭ་ཐང་བཅའ་ཁྲིམས།རི་སྐྱེ་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་སོགས་བཟོ་བཅོས་བྱ་དགོས།

(བཅོ་བརྒྱད།) ཚད་གཞིའི་མ་ལག་ཆ་ཚང་དུ་གཏོང་བ།ནུས་ཁུངས་ཟད་གྲོན་དང་ཆུའི་ཟད་གྲོན།ས་ཞིང་ཟད་གྲོན།བཙོག་དངོས་འབུད་པ།ཁོར་ཡུག་གི་སྤུས་ཀ་སོགས་ཕྱོགས་ཀྱི་ཚད་གཞི་སྐོར་ཞིག་མྱུར་དུ་བཟོ་བཅོས་བྱ་དགོས།ཕན་ནུས་དང་བཙོག་དངོས་འབུད་ཚད་ཀྱི"སྣེ་ཁྲིད་པའི"ལམ་ལུགས་ལག་ཏུ་བསྟར།

(བཅུ་དགུ) རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཐོན་དབང་ལམ་ལུགས་དང་མཁོ་སའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ།འབབ་རྒྱུན་དང་ནགས་ཚལ།རི་ལུང་།རྩྭ་ཐང་། ཐང་རྒོད། གྲམ་ཐང་སོགས་རང་བྱུང་སྐྱེ་ཁམས་ཀྱི་བར་གསེང་ལ་གཅིག་གྱུར་སྒོས་དབང་ཆ་གཏན་ཁེལ་བྱེད་པའི་ཐོ་འགོད་བྱས་ཏེ།རྒྱལ་ཁབ་མངའ་ཁོངས་བར་གསེང་གི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དབང་མཁན་དང་ལྟ་སྐུལ་དོ་དམ་བྱེད་མཁན་དང་དེའི་འགན་ཁུར་གསལ་བོར་བྱ་དགོས།རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་མཁོ་སའི་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་།རྒྱལ་ཁབ་མངའ་ཁོངས་བར་གསེང་སྣ་ཚོགས་གསར་སྤེལ་དང་བེད་སྤྱོད།སྲུང་སྐྱོང་་་་བྱེད་པའི་ས་མཚམས་བཅས་གསལ་བོར་བྱ་དགོས་པར་མ་ཟད།ནུས་ཁུངས་དང་ཆུའི་ཐོན་ཁུངས།གཏེར་ཁའི་ཐོན་ཁུངས་བཅས་ཀྱི་སྤུས་ཀ་ལྟར་རིམ་པ་བགོས་པ་དང་སྐས་རིམ་ལྟར་བེད་སྤྱོད་བྱ་དགོས།ནུས་ཁུངས་གྲོན་ཆུང་གནས་ཚུལ་ལ་དཔྱད་དཔག་ཞིབ་བཤེར་དང་ཆུའི་ཐོན་ཁུངས་ལ་རིགས་པས་སྒྲུབ་པ། ཆུ་ལེན་ཆོག་འཐུས་ལམ་ལུགས་ལག་བསྟར་ནན་མོ་བྱ་དགོས།ཆེས་གཟབ་ནན་ཡིན་པའི་རྨོ་ཞིང་སྲུང་སྐྱོང་དང་ས་ཞིང་གྲོན་ཆུང་སྒོས་སྤྱོད་པའི་ལམ་ལུགས་རྒྱུན་འཁྱོངས་དང་ཆ་ཚང་དུ་གཏོང་བ་དང་ས་ཞིང་སྤྱོད་པའི་སྤྱིའི་འཆར་འགོད་དང་ལོ་རེའི་འཆར་གཞི་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཞིང་། ས་ཞིང་མཁོ་ས་བསྒྱུར་པའི་ཆོག་འཐུས་དོ་དམ་ལ་ཤུགས་བསྣན་དགོས།གཏེར་ཁ་ཐོན་ཁུངས་ཀྱི་འཆར་འགོད་ལམ་ལུགས་ཆ་ཚང་དུ་བཏང་ནས།གཏེར་ཁ་གསར་སྤེལ་ཆོག་མིན་གྱི་དོ་དམ་ཇེ་དྲག་ཏུ་གཏོང་དགོས་པ་དང་།གོ་རིམ་ཡོད་པའི་སྒོ་ནས་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་བྱ་དགོས།

(ཉི་ཤུ།) སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་བ།བཙོག་དངོས་ཡོད་ཚད་འབུད་པར་ལྟ་སྐུལ་དོ་དམ་ནན་མོ་བྱེད་པའི་ཁོར་ཡུག་སྲུང་སྐྱོང་དོ་དམ་ལམ་ལུགས་འཛུགས་པ།བཙོག་དངོས་འབུད་པའི་ཆོག་འཐུས་དཔང་ཡིག་གི་ལམ་ལུགས་ཆ་ཚང་དུ་བཏང་ནས།དཔང་ཡིག་མེད་པར་བཙོག་དངོས་འབུད་པ་དང་ཚད་གཞི་དང་སྤྱི་གྲངས་ལས་བརྒལ་ནས་བཙོག་དངོས་འབུད་པར་བཀག་འགོག་བྱ་དགོས།ཁྲིམས་དང་འགལ་ནས་བཙོག་དངོས་འབུད་པའམ་འབག་བཙོག་ཚབས་ཆེན་བཟོ་པའམ་འབག་བཙོག་ཚབས་ཆེན་བཟོས་ན། བཙོག་དངོས་འབུད་པའི་སྒྲིག་འགོད་དང་སྒྲིག་ཆས་ལ་ཁྲིམས་ལྟར་སྒོ་ཐེལ་རྒྱག་པ་དང་བཀག་ཉར་བྱ་དགོས།ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་བཟོས་པའི་བཟོ་རྩལ་དང་སྒྲིག་ཆས།ཐོན་རྫས་བཅས་འདོར་བའི་ལམ་ལུགས་འཛུགས་དགོས།ཁེ་དོན་ལས་སྡེ་ཚན་གྱིས་་་་བཙོག་དངོས་འབུད་པའི་སྤྱི་གྲངས་ཚོད་འཛིན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས།བཙོག་དངོས་གཙོ་བོའི་དམིགས་ཚད་ཀྱི་རིགས་ལེགས་སྒྲིག་བྱེད་ཅིང་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ནང་འཇོག་དགོས། ཁོར་ཡུག་ལ་གནོད་འཚེ་ཐེབས་པར་གདེང་འཇོག་དང་གཙང་མའི་ཐོན་སྐྱེད་ཞིབ་བཤེར།ཁོར་ཡུག་ཆ་འཕྲིན་ཡོངས་བསྒྲགས་གཏོང་བ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་འབག་བཙོག་བཅོས་སྐྱོང་བྱེད་པའི་ས་ཁོངས་སུ་མཉམ་སྒུལ་ནང་རྐྱེན་ཞིག་འཛུགས་དགོས།

(ཉེར་གཅིག) ཐོན་ཁུངས་དང་ཁོར་ཡུག སྐྱེ་ཁམས་བཅས་ཀྱི་དམར་ཐིག་ནན་སྲུང་བྱ་དགོས། དམར་ཐིག་ནན་སྲུང་བྱེད་པའི་བསམ་གཞིགས་འཛུགས་པ་དང་།ཐོན་ཁུངས་ཟད་གྲོན་གྱི་ཚད་མང་ཤོས་དང་ཁོར་ཡུག་སྤུས་ཀའི་ཚད་ཉུང་ཤོས།སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་དམར་ཐིག་བཅས་བཙུགས་ཏེ།གསར་སྤེལ་བྱ་འགུལ་སྣ་ཚོགས་དེ་ཐོན་ཁུངས་་་་དང་ཁོར་ཡུག་གི་ཐེག་བྱེད་ནུས་པའི་འོག་ཚོད་འཛིན་བྱ་དགོས།ཐོན་ཁུངས་ཟད་གྲོན་གྱི་ཚད་མཐོ་ཤོས་ལུགས་དང་་་་མཐུན་པར་འཛུགས་པ་དང་།ནུས་ཁུངས་དང་ཆུ།ས་ཞིང་སོགས་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།ནུས་ཁུངས་ཟད་གྲོན་གྱི་དྲག་ཚད་ཚོད་འཛིན་ནན་མོ་བྱེད་པ་དང་ནུས་ཁུངས་འཛད་སྤྱོད་བྱེད་པའི་སྤྱི་གྲངས་དོ་དམ་གང་ལེགས་བྱ་དགོས།མུ་མཐུད་དུ་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་ཚོད་འཛིན། ཆུ་བཀོལ་བའི་ལས་ཆོད་ཚོད་འཛིན།ཆུའི་བྱེད་ནུས་ཁུལ་དུ་འབག་བཙོག་ཚོད་འཛིན་བྱེད་པ་བཅས་དམར་ཐིག་གསུམ་གྱི་དོ་དམ་ལག་ཏུ་བསྟར་དགོས།དུས་གཏན་ཅན་གྱི་གཞི་རྩའི་ཞིང་ཁ་དབྱེ་མཚམས་གཅོད་པ་དང་དུས་གཏན་ཅན་གྱི་སྲུང་སྐྱོང་ལག་བསྟར་ནན་མོ་བྱ་དགོས།འཛུགས་སྐྲུན་གྱི་ཆེད་དུ་རྨོ་ཞིང་བདག་བཟུང་བྱེད་པའི་རྒྱ་ཁྱོན་འཕར་སྣོན་བྱེད་པའི་སྤྱི་འབོར་ཚོད་འཛིན་དང་།རྨོ་ཞིང་བདག་བཟུང་དང་ཁ་གསབ་བྱེད་པའི་བར་དོ་མཉམ་བྱས་ཏེ།རྨོ་ཞིང་གི་་་་་གྲངས་ཀ་ཇེ་ཉུང་དུ་མི་འགྲོ་བ་དང་སྤུས་ཀ་ཇེ་དམའ་རུ་མི་འགྲོ་བར་ཁག་ཐེག་ནན་ཏན་བྱ་དགོས།ཁོར་ཡུག་སྤུས་ཀའི་དམར་ཐིག་ནན་སྲུང་བྱས་ཏེ།རླུང་ཁམས་ཆེན་པོ་དང་ཆུ། ས་གཤིས་སོགས་ཁོར་ཡུག་གི་སྤུས་ཀ"སྔར་ལས་ཇེ་བཟང་དུ་འགྲོ་བ་ལས་ཇེ་ཞན་དུ་འགྱུར་མི་ཆོག་པ"དེ་ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དམར་ཐིག་ཏུ་བརྩིས་ཏེ། བཙོག་དངོས་འབུད་པའི་སྤྱི་འབོར་ཚོད་འཛིན་དང་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་འོས་འཚམ་གྱིས་གཏན་ཁེལ་བྱ་དགོས།སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་དང་སྐྱེ་ཁམས་ཁོར་ཡུག་གི་ཚོར་སྣང་ས་ཁུལ། ཁོར་ཡུག་ཞན་པའི་ཁུལ་བཅས་སུ་སྐྱེ་ཁམས་ཀྱི་དམར་ཐིག་གཏན་ཁེལ་བྱས་ནས།སྐྱེ་ཁམས་བྱེད་ནུས་མི་དམའ་བ་དང་རྒྱ་ཁྱོན་ཇེ་ཉུང་དུ་མི་འགྲོ་བ། ངོ་བོ་མི་བསྒྱུར་བ་བཅས་བྱ་དགོས་ལ།ཚན་རིག་དང་མཐུན་པར་ནགས་ཚལ་དང་རྩྭ་ཐང་། བརླན་ས།རྒྱ་མཚོ་སོགས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་དམར་ཐིག་གཏན་ཁེལ་བྱེད་པ་དང་།རང་བྱུང་སྐྱེ་ཁམས་བར་གསེང་གིས་ས་ཞིང་བདག་བཟུང་་བྱེད་པར་དོ་དམ་ནན་མོ་བྱས་ཏེ།སྐྱེ་ཁམས་མ་ལག་ཇེ་ཞན་དུ་འགྱུར་བར་བཀག་འགོག་ནུས་ལྡན་བྱ་དགོས།ཐོན་ཁུངས་ཁོར་ཡུག་གི་ཐེག་བྱེད་ནུས་པར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ནང་རྐྱེན་འཛུགས་པར་འཚོལ་ཞིབ་བྱས་ནས། ཐོན་ཁུངས་ཀྱི་ཟད་གྲོན་དང་ཁོར་ཡུག་གི་ཤོང་ཚད་ཐེག་བྱེད་ནུས་པར་ཉེ་བའམ་ཡང་ན་དེ་ལས་བརྒལ་བའི་ས་ཁུལ་གྱིས་དུས་ཐོག་ཏུ་ས་ཁོངས་ནས་ཆོག་མཆན་མི་འགོད་པ་སོགས་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ལག་བསྟར་བྱ་དགོས།

(ཉེར་གཉིས།) དཔལ་འབྱོར་སྲིད་ཇུས་ཆ་ཚང་དུ་གཏོང་བ།རིན་གོང་དང་ནོར་ཁྲལ།དངུལ་རྩ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས།གཙོ་གཞི་སྣ་ཚོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནང་ཞུགས་པར་སྣེ་ཁྲིད་དང་སྐུལ་མ་གཏོང་དགོས།རང་བྱུང་ཐོན་ཁུངས་དང་དེའི་ཐོན་རྫས་ཀྱི་རིན་གོང་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།ཚོང་རས་རིན་གོང་ཐག་གཅོད་པ་ཚང་མ་ཚོང་རར་སྤྲོད་པ་དང་།སྲིད་གཞུང་གིས་རིན་གོང་གཏན་ཁེལ་བྱེད་པ་དེས་གཞི་རྩའི་དགོས་མཁོ་དང་གཞི་རྩ་མིན་པའི་དགོས་མཁོ་དང་དེ་མིན་ཐོན་ཁུངས་བེད་སྤྱོད་པའི་ལས་ཆོད་མང་ཉུང་གི་ཧེ་བག་མཚོན་དགོས་ལ།སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཐེབས་པའི་མ་གནས་དང་ཉམས་གསོ་བྱེད་པའི་ཕན་འབྲས་ཀྱང་མཚོན་ཐབས་བྱ་དགོས།གཏེར་ཁ་ཐོན་ཁུངས་ལ་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་པའི་ལམ་ལུགས་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ།གཏེར་ལས་ཀྱི་དབང་ཆ་བེད་སྤྱོད་པའི་འགྲོ་གྲོན་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱ་དགོས།ནོར་སྲིད་མ་དངུལ་གཏོང་ཚད་འཕར་སྣོན་དང་འབྲེལ་ཡོད་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ཏེ།ཐོན་ཁུངས་གྲོན་ཆུང་དང་འཁོར་སྐྱོད་བེད་སྤྱོད། ནུས་ཁུངས་གསར་བ། བསྐྱར་སྐྱེ་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད།ཁོར་ཡུག་གི་རྨང་གཞིའི་སྒྲིག་འགོད་འཛུགས་སྐྲུན།སྐྱེ་ཁམས་ཉམས་གསོ་དང་འཛུགས་སྐྲུན། སྔོན་ཐོན་སྤྱོད་འཐུས་ལག་རྩལ་ཞིབ་འཇུག་གསར་སྤེལ།དཔེ་སྟོན་སོགས་ལ་རྒྱབ་སྐྱོར་བྱ་དགོས།ནུས་ཁུངས་ཟད་གྲོན་ཆེ་བ་དང་འབག་བཙོག་ཆེ་བའི་ཐོན་རྫས་དེ་འཛད་སྤྱོད་ཁྲལ་དངུལ་བསྡུ་བའི་ཁྱབ་ཁོངས་ནང་འགོད་དགོས།ཁོར་ཡུག་སྲུང་སྐྱོང་གྲོན་དངུལ་དེ་ཁྲལ་དངུལ་དུ་བསྒྱུར་དགོས།ཐོན་ཁུངས་ཁྲལ་དངུལ་རིན་གོང་ལྟར་བསྡུ་བའི་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་བ་དང་འབྲེལ་ཡོད་དངུལ་བསྡུ་ཐེབས་རྩ་གཙང་སེལ་དང་མེད་པར་བཟོས་ནས། ཐོན་ཁུངས་ཀྱི་འགྲོ་གྲོན་བསྡུ་བའི་ཁྱབ་ཁོངས་དེ་རིམ་བཞིན་རང་བྱུང་གི་སྐྱེ་ཁམས་བར་གསེང་སྣ་ཚོགས་བདག་བཟུང་བྱེད་པར་རྒྱ་བསྐྱེད་དགོས།ནུས་ཁུངས་གྲོན་ཆུང་དང་ནུས་ཁུངས་གསར་བ།སྐྱེ་ཁམས་འཛུགས་སྐྲུན་བཅས་ཀྱི་ཁྲལ་བསྡུ་གཟིགས་སྐྱོང་སྲིད་ཇུས་ཆ་ཚང་དུ་གཏོང་དགོས།ལྷད་མེད་ཡིད་རྟོན་དངུལ་བུན་གཏོང་བ་ཁྱབ་གདལ་དུ་གཏོང་བ་དང་ཆ་རྐྱེན་དང་མཐུན་པའི་ལས་གཞི་རྣམས་མ་རྩའི་ཚོང་ར་བརྒྱུད་དེ་མ་དངུལ་བསྡུ་བར་རྒྱབ་སྐྱོར་བྱ་དགོས།བཙོག་དངོས་འབུད་པའི་དབང་ཆ་གཏའ་མ་འཇོག་པ་སོགས་མ་དངུལ་བསྡུ་བའི་དཔེ་དབྱིབས་འཚོལ་ཞིབ་བྱ་དགོས།ཁོར་ཡུག་ལ་འབག་་་་་་་བཙོག་བཟོས་པའི་འགན་འཁྲི་ཉེན་འགོག་གི་ཚོད་ལྟ་གཏིང་ཟབ་ཏུ་གཏོང་བ་དང་གནོད་སྐྱོན་ཚབས་ཆེན་གྱི་ཉེན་འགོག་ལམ་ལུགས་འཛུགས་པར་ཞིབ་འཇུག་བྱ་དགོས།

(ཉེར་གསུམ།) ཚོང་ར་ཅན་གྱི་ནང་རྐྱེན་ཁྱབ་གདལ་དུ་གཏོང་བ།གན་རྒྱ་བཞག་པ་ལྟར་ནུས་ཁུངས་དོ་དམ་དང་ནུས་ཁུངས་གྲོན་ཆུང་བྱེད་པའི་ཐཱན་དམའ་བའི་ཐོན་རྫས་དང་སྐྱེ་ལྡན་ཐོན་རྫས་ཀྱི་ངོས་འཛིན།ཕན་ནུས་མཚོན་རྟགས་དོ་དམ་སོགས་ནང་རྐྱེན་མྱུར་དུ་ཁྱབ་གདལ་དུ་གཏོང་དགོས།ནུས་ཁུངས་གྲོན་ཆུང་བྱེད་པའི་གློག་འདོན་བཀོད་གཏོང་དང་།བསྐྱར་སྐྱེ་ནུས་ཁུངས་ཀྱིས་གློག་འདོན་པའི་ཐོན་ཁུངས་དམིགས་སུ་བཀར་ནས་བཀོད་གཏོང་བྱས་ཏེ།གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་མ་ལག་གི་ནུས་ཁུངས་ཟད་གྲོན་དང་བཙོག་དངོས་འབུད་པའི་མང་ཉུང་ལྟར།

འགྱུར་རྡོ་རིགས་ཀྱི་ནུས་ཁུངས་གློག་འདོན་ཐོན་ཁུངས་རིམ་བཞིན་བཀོལ་དགོས།ནུས་ཁུངས་གྲོན་ཆུང་བྱེད་པའི་ཚད་དང་ཐཱན་འབུད་པའི་དབང་ཆའི་ཉོ་འཚོང་ལམ་ལུགས་འཛུགས་པ་དང་། ཉོ་འཚོང་བྱེད་པའི་ཚོད་ལྟ་སྤེལ་བ་དང་རྒྱལ་ཡོངས་ཀྱི་ཐཱན་འབུད་པའི་དབང་ཆའི་ཉོ་འཚོང་ཚོང་ར་འཛུགས་དགོས། ཆུའི་དབང་ཆའི་ཉོ་འཚོང་བྱེད་པའི་ཚོད་ལྟ་ཇེ་མགྱོགས་སུ་བཏང་ནས། ཆུའི་དབང་ཆའི་ཚོང་ར་གསོ་སྦྱོང་དང་ཚད་ལྡན་དུ་གཏོང་དགོས།གཏེར་ལས་དབང་ཆའི་ཚོང་རའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།རིན་དོད་ཡོད་པའི་སྒོ་ནས་བཙོག་དངོས་འབུད་པའི་དབང་ཆ་སྤྱོད་པ་དང་ཉོ་འཚོང་བྱེད་པའི་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་དུ་བཏང་ནས། བཙོག་དངོས་འབུད་པའི་དབང་ཆའི་ཉོ་འཚོང་ཚོང་ར་གོང་དུ་སྤེལ་དགོས།ཕྱོགས་གསུམ་པས་ཁོར་ཡུག་འབག་བཙོག་བཅོས་སྐྱོང་བྱེད་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཁོར་ཡུག་འབག་བཙོག་བཅོས་སྐྱོང་བྱ་དགོས།

(ཉེར་བཞི།) སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ།ཚན་རིག་དང་མཐུན་པར་སྐྱེ་ཁམས་སྲུང་སྐྱོང་མཁན་དང་ཁེ་ཕན་ཐོགས་མཁན་བར་གྱི་ཁེ་དབང་དང་འོས་འགན་གྱི་དབྱེ་མཚམས་གཅོད་པ་དང་།སྐྱེ་ཁམས་ལ་གཏོར་བརླག་བཟོ་མཁན་གྱིས་སྐྱིན་ཚབ་སྤྲོད་པ་དང་ཁེ་ཕན་ཐོབ་མཁན་གྱིས་གྲོན་དངུལ་སྤྲོད་པ།སྲུང་སྐྱོང་མཁན་ལ་ལུགས་དང་མཐུན་པའི་ཁ་གསབ་བྱེད་པ་བཅས་ཀྱི་འཁོར་སྐྱོད་ནང་རྐྱེན་མྱུར་དུ་ཆགས་སུ་འཇུག་དགོས། ནོར་ཁྲལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཟུང་འབྲེལ་བྱས་ནས་སྤོ་བསྒྱུར་གཏོང་སྤྲོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ད་ཡོད་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱེད་ཐབས་ཟླ་སྒྲིལ་དང་ཚད་ལྡན་དུ་བཏང་ནས།གནད་ཆེའི་སྐྱེ་ཁམས་བྱེད་ནུས་ཁུལ་ལ་སྤོ་བསྒྱུར་གཏོང་སྤྲོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དེའི་གཞི་རྩའི་སྤྱི་སྤྱོད་ཞབས་ཞུ་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་དགོས། ས་ཁུལ་བར་གྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ནང་རྐྱེན་འཛུགས་པ་དང་།སྐྱེ་ཁམས་ཀྱི་ཁེ་ཕན་ཐོབ་པའི་ས་ཁུལ་དང་སྲུང་སྐྱོང་ས་ཁུལ་གྱི་བར་དང་།སྟོད་རྒྱུད་དང་སྨད་རྒྱུད་བར་བཅས་ལ་མ་དངུལ་གྱིས་ཁ་གསབ་དང་ཐོན་ལས་སྤོ་བསྒྱུར།འཇོན་མི་གསོ་སྦྱོང་།ར་བ་མཉམ་སྐྲུན་བཅས་བྱེད་པའི་བྱེད་ཐབས་སྤྱད་དེ་ཁ་གསབ་བྱ་དགོས། རང་ཚུགས་དང་གཞུང་དྲང་ཡིན་པའི་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་བཟོས་ཚུལ་ལ་དཔྱད་དཔག་བྱེད་པའི་ལམ་ལུགས་འཛུགས་དགོས།

(ཉེར་ལྔ།) སྲིད་སྐྱོང་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།སྐྱེ་ཁམས་དཔལ་ཡོན་གྱི་བླང་བྱ་མཚོན་པའི་དམིགས་འབེན་མ་ལག་དང་དཔྱད་ཞིབ་བྱེད་ཐབས།བྱ་དགའ་སྟེར་བའམ་ཆད་པ་གཅོད་པའི་ནང་རྐྱེན་འཛུགས་དགོས།ཐོན་ཁུངས་ཟད་གྲོན་དང་ཁོར་ཡུག་ལ་གནོད་པ་བཟོ་བ།སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཀྱི་དམིགས་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་གདེང་འཇོག་མ་ལག་ནང་བཀོད་ནས།དཔྱད་ཞིབ་བྱེད་པའི་དབང་ཆ་ཇེ་ཆེར་གཏོང་བ་དང་དམིགས་ཚད་ཀྱི་གཅུན་ནུས་ཇེ་དྲག་ཏུ་བཏང་ནས།དཔལ་འབྱོར་འཕར་ཚད་མགྱོགས་པ་ཁོ་ནར་བརྟེན་མི་ཆོག སྲིད་སྐྱོང་བྱས་རྗེས་དཔྱད་ཞིབ་བྱེད་པའི་བྱེད་ཐབས་ཆ་ཚང་དུ་གཏོང་བ་དང་ས་ཁོངས་ཀྱི་གཙོ་གཞིའི་ནུས་པ་ལྟར་ཁྱད་པར་ཡོད་པའི་དཔྱད་ཞིབ་ལམ་ལུགས་ལག་བསྟར་བྱ་དགོས།གསར་སྤེལ་ཚོད་འཛིན་བྱེད་པའི་ས་ཁོངས་དང་གསར་སྤེལ་བྱེད་མི་ཆོག་པའི་ས་ཁོངས།སྐྱེ་ཁམས་ཞན་པའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བ་གཙོ་ཡིན་པའི་རྫོང་བཅས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་དཔྱད་ཞིབ་མེད་པར་བཟོ་དགོས།ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུལ་གཙོ་བོ་དང་གནད་ཆེའི་སྐྱེ་ཁམས་བྱེད་ནུས་ཁུལ་དུ་ཞིང་ལས་དམིགས་སུ་བཀར་བ་དང་སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་བཀར་བའི་ཕན་ནུས་གདེང་འཇོག་བྱེད་ཐབས་ལག་ཏུ་བསྟར་དགོས།གསར་སྤེལ་བྱེད་མི་ཆོག་པའི་གནད་ཆེའི་སྐྱེ་ཁམས་བྱེད་ནུས་ཁུལ་དུ་གཙོ་བོར་དེའི་རང་བྱུང་རིག་གནས་ཐོན་ཁུངས་ཀྱི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་གདེང་འཇོག་བྱ་དགོས།དཔྱད་ཞིབ་དང་གདེང་འཇོག་བྱས་པའི་མཇུག་འབྲས་ལྟར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བྱས་རྗེས་ཆེན་པོ་བཞག་པའི་ས་ཁུལ་དང་སྡེ་ཚན། མི་སྒེར་བཅས་ལ་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།རང་བྱུང་ཐོན་ཁུངས་རྒྱུ་ནོར་ཐད་དོམ་ཁུར་བའི་རེའུ་མིག་སྒྲིག་བཟོ་བྱེད་པར་འཚོལ་ཞིབ་བྱེད་པ་དང་།མགོ་ཁྲིད་ལས་བྱེད་པར་ལས་བཞག་བྱེད་སྐབས་རང་བྱུང་ཐོན་ཁུངས་རྒྱུ་ནོར་དང་ཁོར་ཡུག་གི་འགན་འཁྲི་ཡོད་མེད་རྩིས་བཤེར་བྱ་དགོས།

(ཉེར་དྲུག) འགན་འཁྲི་རྩད་གཅོད་ལམ་ལུགས་ཆ་ཚང་དུ་གཏོང་བ།མགོ་ཁྲིད་ལས་བྱེད་པས་ལས་འགན་ཁུར་སྐབས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་ནུས་བསྲི་གཏོང་འཕྲིའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་དང་ཁག་འགན་འདྲི་རྩད་ལམ་ལུགས་ཆ་ཚང་དུ་གཏོང་དགོས།འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་བླང་བྱ་དང་འགལ་ཏེ་ཐོན་ཁུངས་དང་ཁོར་ཡུག སྐྱེ་ཁམས་བཅས་ལ་གཏོར་བརླག་ཚབས་ཆེན་བཟོས་པ་དག་ཟིན་ཐོར་འགོད་དགོས་པ་དང་། ཚེ་གོང་བོར་འགན་འཁྲི་རྩད་གཅོད་བྱ་དགོས་པ་ལས། ལས་གནས་གལ་ཆེན་གཞན་པ་ཁུར་མི་ཆོག་པའམ་ཡང་ན་གོ་གནས་ཡར་འཐེན་བྱེད་མི་ཆོག ལས་གནས་འཕོས་ནའང་འགན་འཁྲི་རྩད་གཅོད་བྱ་དགོས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་འབད་པ་མི་བྱེད་མཁན་ལ་དུས་ཐོག་ཏུ་བསླབ་བྱ་གཏོང་བའི་ཁ་བརྡ་བྱེད་དགོས།ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་མི་བལྟ་བར་མུན་འཐོམས་སྒོས་ཇུས་ཐག་གཅོད་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་བཟོས་ན་འབྲེལ་ཡོད་མི་སྣའི་མགོ་ཁྲིད་འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས།ལས་འགན་དང་ལེན་མི་བྱེད་པ་དང་ལྟ་སྐུལ་དོ་དམ་གཟབ་ནན་མིན་པ།ལས་ཤོར་དང་འགན་འཛོལ་བྱེད་མཁན་བཅས་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་འབྲེལ་ཡོད་མི་སྣའི་ལྟ་སྐུལ་དོ་དམ་འགན་འཁྲི་རྩད་གཅོད་བྱ་དགོས།

བདུན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྡོམ་རྩིས་ལྟ་ཞིབ་ཚད་ལེན་དང་ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་སྣོན་པ།

གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་གནད་འགག་ཞན་སར་དམིགས་ནས།སྡོམ་རྩིས་ལྟ་ཞིབ་ཚད་ལེན་དང་ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་བསྣན་ནས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནུས་ལྡན་སྒོས་འགན་སྲུང་བྱ་དགོས།

(ཉེར་བདུན།) སྡོམ་རྩིས་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་པ།སྐྱེ་ཁམས་དཔལ་ཡོན་གྱི་ཕྱོགས་བསྡུས་གདེང་འཇོག་དམིགས་ཚད་མ་ལག་འཛུགས་དགོས།ནུས་ཁུངས་དང་གཏེར་ཁའི་ཐོན་ཁུངས།ཆུ།རླུང་ཁམས་ཆེན་པོ།ནགས་ཚལ།རྩྭ་ཐང་།བརླན་ས།རྒྱ་མཚོ།ས་ཆུ་ཤོར་བ།བྱེ་འགྱུར་ས་ཞིང་།ཞིང་སའི་ཁོར་ཡུག ས་གཤིས་ཁོར་ཡུག དྲོད་ཁང་གི་རླངས་གཟུགས་ལ་སོགས་པར་སྡོམ་རྩིས་དང་ལྟ་ཞིབ་ཚད་ལེན།རྩིས་ཞིབ་བཅས་བྱེད་པའི་ནུས་པའི་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ནས།ཆ་འཕྲིན་ཅན་གྱི་ཆུ་ཚད་དང་ཡང་དག་རང་བཞིན། དུས་ཐོག་རང་བཞིན་བཅས་ཇེ་མཐོར་གཏོང་དགོས་པར་མ་ཟད། ཆ་འཕྲིན་མཉམ་སྤྱོད་བྱ་དགོས། ནུས་ཁུངས་བེད་སྤྱོད་བྱེད་པའི་སྡེ་ཚན་གཙོ་བོའི་ནུས་ཁུངས་ཟད་གྲོན་བྱེད་ཚུལ་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་མྱུར་དུ་འཛུགས་དགོས།འཁོར་རྒྱུག་དཔལ་འབྱོར་གྱི་སྡོམ་རྩིས་དམིགས་ཚད་མ་ལག་དང་གཏེར་ཁའི་ཐོན་ཁུངས་ལུགས་དང་མཐུན་པར་གསར་སྤེལ་དང་བེད་སྤྱོད་བྱེད་པའི་གདེང་འཇོག་དམིགས་ཚད་མ་ལག་འཛུགས་དགོས།འཁོར་སྐར་གཡོ་འགུལ་སོགས་ལག་རྩལ་ལ་བརྟེན་ནས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་ལ་ཉིན་ཧྲིལ་བོར་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཐོན་ཁུངས་ཁོར་ཡུག་རྒྱུ་རྐྱེན་ཡོད་ཚད་ལ་ཁེབས་པའི་ལྟ་སྐུལ་ཚད་ལེན་དྲ་རྒྱའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་བྲེལ་བསྟུན་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ་དང་།ཁོར་ཡུག་དང་བདེ་ཐང་གི་བརྟག་དཔྱད།ལྟ་སྐུལ་ཚད་ལེན།ཉེན་ཁའི་དཔྱད་དཔག་བཅས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།དུས་བཅད་ལྟར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་གནས་ཚུལ་བརྟག་དཔྱད་དང་གདེང་འཇོག་བྱ་དགོས།རིམ་པ་སོ་སོའི་སྲིད་གཞུང་གིས་སྔོན་རྩིས་ནང་མ་དངུལ་གཏོང་བ་སོགས་ཀྱི་ནོར་སྲིད་ཅན་གྱི་མ་དངུལ་ཇེ་མང་དུ་བཏང་ནས།སྡོམ་རྩིས་དང་ལྟ་སྐུལ་ཚད་ལེན་སོགས་ཀྱི་རྨང་གཞིའི་ནུས་པའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

(ཉེར་བརྒྱད།) ཁྲིམས་བསྟར་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ།བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་སྲིད་འཛིན་གྱི་ལྟ་ཞིབ་ལ་ཤུགས་བསྣན་ནས།ཁོར་ཡུག་ཐད་ཀྱི་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་གཏན་ནས་གུ་ཡངས་མི་བྱེད་པ་དང་།ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ལ་ཆད་གཅོད་ནན་མོ་བྱ་དགོས།ནུས་འབྱུང་ཐོན་ཁུངས་ཆུད་ཟོས་སུ་གཏོང་བ་དང་ཁྲིམས་འགལ་བཙོག་དངོས་འབུད་པ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོ་བ་ལ་སོགས་པའི་བྱ་སྤྱོད་ལ་ཁྲིམས་བསྟར་ལྟ་ཞིབ་དང་ཆེད་དམིགས་ལྟ་སྐུལ་བྱ་དགོས། ཐོན་ཁུངས་དང་ཁོར་ཡུག་ལྟ་སྐུལ་དོ་དམ་ལས་ཁུངས་རང་གིས་སྲིད་འཛིན་ཁྲིམས་བསྟར་བྱ་བ་སྤེལ་ནས།མགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ཁྲིམས་འགལ་གྱིས་ཁྲིམས་བསྟར་བྱ་འགུལ་ལ་ཐེ་གཏོགས་བྱེད་པར་བཀག་འགོག་བྱ་དགོས།སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་བར་གྱི་འབྲེལ་མཐུན་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཁྲིམས་བསྟར་དཔུང་སྡེ་དང་ཁོར་ཡུག་བྲེལ་བསྟུན་རོགས་སྐྱོབ་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།ཐོན་ཁུངས་གསར་སྤེལ་དང་འགྲིམ་འགྲུལ་འཛུགས་སྐྲུན།གནས་སྐོར་གསར་སྤེལ་སོགས་བྱ་འགུལ་སྤེལ་བའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་དགོས།

བརྒྱད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་དར་སྲོལ་བཟང་བོ་མྱུར་དུ་ཆགས་སུ་འཇུག་པ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ལས་རིགས་ཁག་དང་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།གསར་སྐྲུན་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་།དམངས་སེམས་གོང་བུར་བསྒྲིལ་བ་དང་མི་དམངས་ཀྱི་བློ་རིག་གཅིག་བསྡུས་བྱེད་པ། མི་དམངས་ཀྱི་སྟོབས་ཤུགས་ཕྱོགས་བསྡུས་བཅས་བྱས་ཏེ།འཚོ་བའི་བྱེད་སྟངས་ལྷད་མེད་ཅན་དུ་འགྱུར་བར་བྱ་དགོས།

(ཉེར་དགུ) དམངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཇེ་མཐོར་གཏོང་བ།ཧུར་ཐག་གིས་སྐྱེ་ཁམས་རིག་གནས་དང་སྐྱེ་ཁམས་ཀུན་སྤྱོད་གསོ་སྦྱོང་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་དེ་སྤྱི་ཚོགས་ཀྱི་རིན་ཐང་ལྟ་ཚུལ་གཙོ་བོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་ཚུལ་གྱི་ནང་དོན་གཙོ་བོར་འགྱུར་དུ་འཇུག་དགོས།བྱིས་པ་དང་ན་གཞོན་ལོ་ཆུང་ནས་འཛིན་པ་དང་ཁྱིམ་ཚང་དང་སློབ་གྲྭའི་སློབ་གསོ་ནས་བཟུང་སྟེ།སྤྱི་ཚོགས་ཡོངས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་འཛུགས་དགོས།སྐྱེ་ཁམས་དཔལ་ཡོན་སློབ་གསོ་དེ་སྤུས་མཚག་སློབ་གསོའི་ནང་དོན་གཙོ་བོར་བརྩིས་ཏེ། རྒྱལ་དམངས་སློབ་གསོའི་མ་ལག་དང་ལས་བྱེད་པ་སློབ་གསོ་དང་གསོ་སྦྱོང་བྱེད་པའི་མ་ལག་ནང་འཇོག་དགོས།སྐྱེ་ཁམས་རིག་གནས་དེ་དེང་རབས་སྤྱི་སྤྱོད་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོར་བརྩིས་ཤིང་།ཕུལ་བྱུང་ཅན་གྱི་སྲོལ་རྒྱུན་སྐྱེ་ཁམས་རིག་གནས་བསམ་བློ་དང་ཐོན་ཁུངས་སྔོག་འདོན་བྱས་ཏེ།རིག་གནས་བརྩམས་ཆོས་འབོར་ཆེན་ཞིག་བསྐྲུན་པ་དང་སློབ་གསོའི་རྟེན་གཞི་འབོར་ཆེན་ཞིག་གསར་སྐྲུན་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་རིག་གནས་གྱི་དགོས་མཁོ་ཚིམ་ཐབས་བྱ་དགོས། མིག་དཔེ་ཡིས་དཔེ་སྟོན་དང་འགྲེམ་སྟོན་བྱེད་པ།

ལས་རྐང་གསར་སྐྲུན་བཅས་ཀྱི་རྣམ་པ་བརྒྱུད་དེ།མི་དམངས་ཡོངས་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པར་སྐུལ་སློང་གཏོང་དགོས། འཛམ་གླིང་གི་སའི་གོ་ལའི་ཉིན་མོ་དང་འཛམ་གླིང་གི་ཁོར་ཡུག་ཉིན་མོ།འཛམ་གླིང་གི་ནགས་ཚལ་ཉིན་མོ། འཛམ་གླིང་གི་ཆུའི་ཉིན་མོ།འཛམ་གླིང་གི་རྒྱ་མཚོའི་ཉིན་མོ་བཅས་དང་དེ་མིན་རྒྱལ་ཡོངས་ཀྱི་ནུས་བསྲི་དྲིལ་བསྒྲགས་གཟའ་འཁོར་སོགས་ཀྱི་བརྗོད་གཞིའི་དྲིལ་བསྒྲགས་བྱ་འགུལ་རྩ་འཛུགས་བཟང་བོ་བྱ་དགོས།གསར་འགྱུར་སྨྱན་བྱེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།སྟངས་འཛིན་དང་དགེ་མཚན་ལྡན་པའི་གླེང་ཕྱོགས་ཁྲིད་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་ཐོན་ཁུངས་ཁོར་ཡུག་གི་གནས་ཚུལ་དྲིལ་བསྒྲགས་བྱེད་པར་ཤུགས་སྣོན་པ་དང་།སྐྱེ་ཁམས་དཔལ་ཡོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཚན་རིག་གི་ཤེས་བྱ་སོགས་ཁྱབ་གདལ་དུ་གཏོང་བ།སྔོན་ཐོན་མིག་དཔེའི་བྱས་རྗེས་འགོད་པ།དཔེར་འཇོག་འོས་པའི་ལྡོག་ཕྱོགས་ཀྱི་དོན་རྐྱེན་ཡོངས་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་གྲོན་ཆུང་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས།སྐྱེ་ཁམས་ཀྱི་འདུ་ཤེས་བཅས་ཇེ་མཐོར་བཏང་ནས། མི་རེ་རེ་དང་དོན་དག་རེ་རེ།དུས་རེ་རེར་སྐྱེ་ཁམས་དཔལ་ཡོན་བསྙེག་པའི་སྤྱི་ཚོགས་ཉམས་སྣང་ཞིག་ཆགས་སུ་འཇུག་དགོས།

(སུམ་ཅུ།) ལྷད་མེད་ཀྱི་འཚོ་བའི་བྱེད་སྟངས་གསོ་སྦྱོང་བྱེད་པ།བརྩོན་བསྲི་གྲོན་ཆུང་གི་འཛད་སྤྱོད་ལྟ་ཚུལ་དར་སྤེལ་གཏོང་བ།ལྷད་མེད་འཚོ་བའི་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་བ་དང་དམངས་ཡོངས་ཀྱིས་ཟས་གོས་འགྲོ་སྡོད་གནས་སྐོར་ལྔའི་ཐད་བརྩོན་བསྲི་གྲོན་ཆུང་དང་ལྷད་མེད་ཐཱན་དམའ།དཔལ་ཡོན་དང་སྐྱོན་བྲལ་བཅས་ཀྱི་བྱེད་སྟངས་མྱུར་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱས་སྤྲོས་དང་ཆུད་ཟོས་སུ་གཏོང་བ་སྣ་ཚོགས་དང་ལུགས་མཐུན་མིན་པའི་འཛད་སྤྱོད་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་དང་ངོ་རྒོལ་བྱ་དགོས།འཛད་སྤྱོད་པ་རྣམས་ཀྱི་སྣེ་ཁྲིད་དེ་ནུས་བསྲི་དང་ནུས་ཁུངས་གསར་བའི་རླངས་འཁོར་དང་ལས་ཆོད་མཐོ་བའི་ཁྱིམ་སྤྱོད་གློག་ཆས།ཆུ་བསྲིའི་ཡོ་བྱད་སོགས་ནུས་བསྲི་དང་ཁོར་ཡུག་སྲུང་སྐྱོང་།ཐཱན་དམའ་བའི་ཐོན་རྫས་ཉོ་རུ་འཇུག་དགོས་པར་མ་ཟད།རེབ་ཐེངས་གཅིག་ཏུ་བཀོལ་བའི་ཐོན་རྫས་ཉུང་དུ་བཀོལ་བ་དང་ཕྱི་ཐུམ་རྒྱས་སྤྱོད་ཚོད་འཛིན་བྱ་དགོས།ལྷད་མེད་དང་ཐཱན་དམའ་བའི་ངང་ཕྱིར་འགྲོ་བ་དང་ལྷད་མེད་འཚོ་བ་དང་སྤྲོ་གསེང་གཏོང་བའི་དཔེ་དབྱིབས་ཤུགས་ཆེན་པོས་དར་སྤེལ་བཏང་ནས། ནུས་ཁུངས་དང་ཆུ་ཟད་གྲོན་ཆེ་བའི་ཞབས་ཞུ་ལས་རིགས་ཚོད་འཛིན་ནན་མོ་བྱ་དགོས། བཟའ་བཏུང་ཁེ་ལས་དང་སྡེ་ཚན་གྱི་ཟ་ཁང་།ཁྱིམ་ཚང་བཅས་ནས་ཟ་མ་ཆུད་ཟོས་བྱེད་པར་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་དགོས། ཏང་སྲིད་ལས་ཁུངས་དང་རྒྱལ་དབང་ཁེ་ལས་ཀྱིས་སྣེ་ཁྲིད་དེ་བརྩོན་བསྲི་གྲོན་ཆུང་ལག་བསྟར་ནན་མོ་བྱ་དགོས།

(སོ་གཅིག) མང་ཚོགས་ཧུར་བརྩོན་སྒོས་ཞུགས་པར་སྐུལ་མ་གཏོང་བ།མང་ཚོགས་ཞུགས་པའི་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་།དུས་ཐོག་དང་ཡང་དག་པའི་སྒོ་ནས་ཁོར་ཡུག་གི་ཆ་འཕྲིན་སྣ་ཚོགས་བསྒྲགས་པ། ཁྱབ་བསྒྲགས་བྱེད་རྒྱ་རྒྱ་བསྐྱེད་དུ་བཏང་ནས། མང་ཚོགས་ཀྱིས་གནས་ཚུལ་ཤེས་པའི་དབང་ཆ་འགན་སྲུང་དང་མང་ཚོགས་ཀྱི་ཁོར་ཡུག་ཁེ་དབང་སྲུང་སྐྱོང་བྱ་དགོས།ཐེར་འདོན་དང་གསན་སྒྲུབ།གླེང་ཕྱོགས།མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པ་ལ་སོགས་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས།དམངས་ཡོངས་སྤྱི་ཚོགས་འགུལ་སྐྱོད་ནང་ཞུགས་པའི་མ་ལག་འཛུགས་དགོས།ཁོར་ཡུག་སྤྱི་ཕན་ཕྱོགས་ཀྱི་ཞུ་གཏུག་ལམ་ལུགས་འཛུགས་པ་དང་།ཁོར་ཡུག་ལ་འབག་བཙོག་དང་སྐྱེ་ཁམས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ཚང་མར་འབྲེལ་ཡོད་རྩ་འཛུགས་ཀྱིས་སྤྱི་ཕན་གྱི་ཞུ་གཏུག་བྱེད་ཆོག ལས་གཞི་འཛུགས་པ་དང་ལག་བསྟར། རྗེས་སུ་གདེང་འཇོག་བཅས་བྱས་པ་བརྒྱུད། གོ་རིམ་ཡོད་པའི་སྒོ་ནས་མང་ཚོགས་ཞུགས་པའི་ཤུགས་ཚད་ཇེ་དྲག་ཏུ་གཏོང་དགོས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྤྱི་ཚོགས་རྩ་འཛུགས་སོ་སོར་སྣེ་ཁྲིད་དེ་སྐྱོན་བྲལ་དང་གོ་རིམ་ཡོད་པའི་སྒོ་ནས་གོང་དུ་སྤེལ་བ་དང་།དམངས་ཁྲོད་རྩ་་་་་་་་་འཛུགས་དང་དང་བླངས་པའི་དགེ་མཚན་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

དགུ་པ། རྩ་འཛུགས་མགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་པ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་ཞིང་།འཚོལ་ཞིབ་དང་གསར་སྐྲུན་བྱེད་ཕོད་པ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཆར་གཞི་རིམ་བཞིན་དོན་དངོས་སུ་བསྒྱུར་དགོས།

(སོ་གཉིས) གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཡོང་བར་ཤུགས་སྣོན་པ།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་རེའི་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྤྱིའི་འགན་ཁུར་ཏེ།མཐུན་སྦྱོར་ནང་རྐྱེན་བཙུགས་ནས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བར་ཕན་ཐོགས་པའི་རྣམ་པ་ཆགས་སུ་འཇུག་དགོས།འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲི་བགོས་པ་ལྟར་མཐུན་སྦྱོར་དང་རམ་འདེགས་དམ་པོ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྒྲིལ་ཤུགས་ཆེན་པོ་ཞིག་ཆགས་སུ་འཇུག་དགོས།

(སོ་གསུམ) ཕན་ནུས་ལྡན་པའི་དཔེ་དབྱིབས་འཚོལ་ཞིབ་བྱེད་པ།སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པའི་སྤྱི་ཁོག་འཆར་གཞི་མྱུར་དུ་གཏན་ཁེལ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་།འཕེལ་རྒྱས་དུས་རིམ་དང་ཐོན་ཁུངས་ཁོར་ཡུག་གི་སྐྱེ་ཐོབ་ཀྱི་རིག་པ།གཙོ་གཞི་བྱེད་ནུས་བཅས་མི་འདྲ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་ནུས་ལྡན་པའི་དཔེ་དབྱིབས་ཞིབ་འཇུག་བྱ་དགོས། ས་ཁུལ་སོ་སོས་རང་རེའི་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བཀག་སྡོམ་བྱེད་པའི་འགག་རྩ་དམ་པོར་དམིགས་ནས།སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་སྐྲུན་ཕྱོགས་ཧུར་བརྩོན་གྱིས་ལག་ལེན་བྱས་ཏེ། འགག་སྒྲོལ་ཆེན་པོ་ལེན་གང་ཐུབ་བྱ་དགོས། དུས་ཐོག་ཏུ་ནུས་ལྡན་གྱི་བྱེད་ཐབས་དང་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་སྡོམ་དང་།སྲིད་ཇུས་དང་བྱེད་ཐབས་ཆ་ཚང་དུ་བཏང་ནས།ནུས་ལྡན་གྱི་དཔེ་དབྱིབས་ཆགས་སུ་འཇུག་ཅིང་།ཁྱབ་སྤེལ་ཤུགས་ཚད་ཇེ་དྲག་ཏུ་གཏོང་དགོས།

(སོ་བཞི།) རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་བ།རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཞིགས་ཏེ། གོ་ལ་ཧྲིལ་བོའི་མཐོང་རྒྱ་ཡིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་ལས་འགན་འཁུར་ཕོད་པའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་བཞེངས་ནས།ལྷད་མེད་འཕེལ་རྒྱས་དེ་ཕྱོགས་བསྡུས་རྒྱལ་སྟོབས་དང་ཕྱོགས་བསྡུས་འགུག་ཤུགས་གསར་བ་དང་། རྒྱལ་སྤྱིའི་སྟེང་འགྲན་རྩོད་བྱེད་པའི་ལེགས་ཆ་གསར་བར་བསྒྱུར་དགོས།གུ་ཡངས་དང་ཕན་ཚུན་མིག་དཔེར་འཛིན་པ།མཉམ་ལས་མཉམ་ཕན་བཅས་ཡིན་པའི་བསམ་བློ་དར་སྤེལ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་དང་དངོས་གཉེར་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།སྔོན་ཐོན་ཅན་གྱི་ལག་རྩལ་སྒྲིག་ཆས་དང་དོ་དམ་ཉམས་མྱོང་ནང་འདྲེན་བྱས་ཏེ།གོ་ལ་ཧྲིལ་བོའི་སྐྱེ་ཁམས་བདེ་འཇགས་ཡོང་བར་སྐུལ་སྤེལ་གཏོང་དགོས།དར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་ལྷད་མེད་རོགས་སྐྱོར་བྱས་ཏེ།འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་རྒྱབ་སྐྱོར་དང་རོགས་རམ་བྱ་དགོས།

(སོ་ལྔ།) དངོས་འབེབས་ནན་ཏན་བྱེད་པ།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་བསམ་འཆར་དང་བླང་བྱ་འདི་ལྟར་ལག་ཏུ་བསྟར་བའི་འཆར་གཞི་མྱུར་དུ་འདོན་དགོས་པར་མ་ཟད།བསམ་འཆར་འདི་དང་མཐུད་པའི་ས་ཁོངས་རང་བཞིན་དང་ལས་རིགས་རང་བཞིན།ཆེད་དམིགས་རང་བཞིན་བཅས་ཀྱི་འཆར་འགོད་ཞིབ་འཇུག་གཏན་འབེབས་བྱ་དགོས་པ་དང་།དམིགས་འབེན་དང་ལས་འགན།འགན་འཁྲི་ལས་བགོས།དུས་ཡུན་དང་བླང་བྱ་བཅས་གསལ་བོར་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལག་ལེན་མཐར་ཕྱིན་བྱས་ཚུལ་དེ་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཡར་ཞུ་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལ་བཤུས་འབུལ་བྱ་དགོས།ཀྲུང་དབྱང་གིས་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་ལྟར།དུས་དང་མཐུན་པའི་སྒོ་ནས་རྩ་འཛུགས་བྱས་ནས་ཆེད་དོན་ལྟ་སྐུལ་དང་ཞིབ་བཤེར་བྱ་བ་སྤེལ་དགོས། །

ས་ཆུ་སྲུང་འཛིན་ལ་ཤུགས་སྣོན་པ་དང་།ཡུལ་བབ་དང་བསྟུན་ནས་འབབ་རྒྱུད་ཆུང་བའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།ས་འོག་གི་ཆུའི་སྲུང་སྐྱོང་དང་ཚད་ལས་བརྒལ་ཏེ་ཆུ་ལེན་པའི་ས་ཁུལ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ།རིམ་བཞིན་ས་འོག་གི་ཆུ་ལེན་པ་དང་ཁ་གསབ་བྱེད་པ་གཉིས་དོ་མཉམ་ཡོང་བར་བྱ་དགོས།ཞིང་ཁའི་སྐྱེ་་་་་་་་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་རྨོ་ཞིང་གི་སྤུས་ཀ་སྲུང་སྐྱོང་དང་ཇེ་མཐོར་གཏོང་ཞིང་། ཞན་འགྱུར་དང་འབག་བཙོག གཏོར་བརླག་ཐེབས་པའི་ཞིང་ཁ་ལེགས་བཅོས་དང་ཉམས་གསོ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།རྨོ་ཞིང་གི་སྤུས་ཀར་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན།གདེང་འཇོག་བཅས་ཀྱི་ཤུགས་ཚད་ཇེ་དྲག་ཏུ་གཏོང་དགོས།སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་བྱེད་པའི་བཟོ་བཀོད་ཆེན་པོ་ལག་ཏུ་བསྟར་པ་དང་། ལྟ་ཞིབ་ཚད་ལེན་དང་དཔྱད་དཔག ཉེན་བརྡ་གཏོང་བའི་མ་ལག་འཛུགས་ཤིང་མངའ་ཁོངས་ནང་གི་སྐྱེ་དངོས་ཞིབ་བཤེར་ནང་རྐྱེན་འཐུས་ཚང་དུ་བཏང་ནས། དངོས་རིགས་ཐོན་ཁུངས་ཤོར་བ་དང་མངའ་ཁོངས་ཕྱིའི་དངོས་རིགས་འཛུལ་བར་བཀག་འགོག་ནུས་ལྡན་བྱེད་པ་དང་།སྐྱེ་དངོས་སྣ་མང་ཅན་གྱི་རྒྱལ་སྤྱིའི་སྤྱི་ཆིངས་གྲོས་མོལ་དང་ཁ་ཆད་ལག་ཏུ་བསྟར་བའི་བྱ་བའི་ནང་ཞུགས་དགོས། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་མ་ལག་དང་དངོས་རིགས་ཐོན་ཁུངས་གཙོ་བོར་བཙན་ཐབས་ཀྱིས་སྲུང་སྐྱོང་བྱས་ཏེ། དཀོན་ཞིང་རྩ་ཆེ་ལ་ཚར་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་གནའ་སྡོང་།རང་བྱུང་སྐྱེ་ཁམས་བཅས་ལ་དངོས་གནས་སྲུང་སྐྱོང་བྱ་དགོས།རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཛུགས་པ་དང་།རིམ་བགོས་དང་གཅིག་གྱུར་དོ་དམ་བྱས་ཏེ།རང་བྱུང་སྐྱེ་ཁམས་དང་རང་བྱུང་རིག་གནས་ཀྱི་ཤུལ་དངོས་ཀྱི་གདོད་མའི་རང་བཞིན་དང་ཆ་ཚང་བའི་རང་བཞིན་སྲུང་སྐྱོང་བྱ་དགོས།ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཀྱི་ཆུ་བཞུར་ཚད་འགན་སྲུང་བྱེད་པའི་ནང་རྐྱེན་འཛུགས་པར་ཞིབ་འཇུག་བྱ་དགོས།གནོད་སྐྱོན་ཐེབས་ཚུལ་བརྟག་དཔྱད་དང་གདེང་འཇོག ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ། འགོག་བཅོས་དང་བྲེལ་བསྟུན་བྱེད་ཐབས་སྤྱད་པ་སོགས་ཀྱི་གནོད་འགོག་གནོད་སེལ་མ་ལག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།