ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》བཀྲམ་པ།

ཡོང་ཁུངས། : ཀྲུང་དབྱང་རླུང་བརྙན་འཕྲིན་དྲ་བ།   རྩོམ་པ་པོ། : རྩོམ་སྒྲིག་པ།:ཁོན་ཐར་འཚོ།   སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་ཟིན་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག》ཅེས་པ་བཀྲམ་པ་མ་ཟད། ས་གནས་ཁག་དང་སྡེ་ཚན་ཁག་གིས་དེ་ལག་བསྟར་ནན་པོ་བྱ་དགོས་པའི་བརྡ་བཏང་འདུག བརྡ་ཐོའི་ནང་། ད་ཐེངས་བཟོ་བཅོས་གཏན་འཁེལ་བྱས་པའི་སྲོལ་ཡིག་དེས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། ཏང་གི་སྒྲིག་ཡིག་རྩ་བའི་རྩ་འཛིན་ལ་བརྩིས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་ཞུ་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་དེ་རྩ་བའི་རྩ་དོན་དང་ལས་འགན་ཨང་དང་པོར་བརྩི་དགོས་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིར་གཞིགས་ནས། ནན་པོ་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ལག་ལེན་ཁྲོད་ཐོན་པའི་འགན་འཁྲི་བདའ་འདེད་ཤུགས་ཆེན་མ་བྱུང་བ་དང་། ཁྲལ་སེལ་སྟབས་བདེ་ཅན་ལ་གྱུར་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཏང་གི་འགན་འཁྲི་བདའ་འདེད་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། གནད་འཕིགས་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་ཤུགས་ཆེན་གཏོང་དགོས་པའི་ནན་སྟོན་བྱས་འདུག སྲོལ་ཡིག་ནང་། ཏང་གི་འགན་འཁྲི་བདའ་འདེད་ལས་དོན་གྱིས་གཤམ་གྱི་རྩ་དོན་ཁག་རྒྱུན་འཁྱོངས་བྱ་དགོས་པ་བསྟན་པ་སྟེ།

གཅིག སྲོལ་བསྟུན་སྒྲིག་བསྟུན་དང་། དངོས་ཐོག་བདེན་འཚོལ།

གཉིས། འགན་འཛོལ་ཤོར་ན་བདའ་འདེད་གཏོང་ངེས་པ་དང་། བདའ་འདེད་བཏང་ན་ནན་པོ་གཏོང་ངེས་པ།

གསུམ་པ། དབང་འགན་གཅིག་གྱུར། ནོར་འཛོལ་འགན་འཁྲི་གཅིག་མཚུངས་།

བཞི་པ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་། སྐུལ་འདེད་དང་གཅུན་སྡོམ་གལ་ཆེ་མཉམ་དུ་འཛིན་པ།

ལྔ་པ། སྔ་འགྱོད་ཕྱི་སྡོམ། ནད་བཅོས་སྲོག་སྐྱོབ།

དྲུག་པ། མཉམ་སྡེབ་ཀྱི་ཐག་གཅོད། འགན་འཁྲི་ཁ་གསལ་བཅས་རེད།

སྲོལ་ཡིག་ནང་། འགན་འཁྲི་བདའ་འདེད་གཏོང་ཡུལ་ནི་ཏང་རྩ་འཛུགས་དང་། ཏང་གི་འགོ་ཁྲིད་ལས་བྱེད་པ། གཙོ་གནད་ནི་ཏང་ཨུད་དང་ཏང་ཙུའུ་དང་། ཏང་གི་ལས་དོན་ལས་ཁུངས། དེ་བཞིན་དེའི་འགོ་ཁྲིད་ཁོངས་མི། སྒྲིག་བཤེར་དང་། སྒྲིག་བཤེར་མངགས་སྡོད་ལས་ཁུངས་དང་དེའི་འགོ་ཁྲིད་ཁོངས་མི་བཅས་ཡིན་པའི་གཏན་འཁེལ་བྱས་འདུག སྲོལ་ཡིག་ནང་། འགན་འཁྲི་བདའ་འདེད་བྱེད་སྐབས་འགན་འཁྲི་ཁ་གསལ་དབྱེ་དགོས། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་མཉམ་སྡེབ་ཀྱིས་འགན་འཁྲིའི་ཁྱབ་ཁོངས་ནང་ཁྱོན་ཡོངས་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས་པ་དང་། འགོ་ཁྲིད་མཉམ་སྡེབ་ཀྱི་འགན་འཁུར་བ་གཙོ་བོ་དང་ཐད་ཀར་དོ་དམ་གཙོ་བོ་བྱེད་མཁན་མཉམ་སྡེབ་ཀྱི་ཁོངས་མིས་འགན་འཁྲིའི་ཁྱབ་ཁོངས་ནང་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་དེ་འཁུར་དགོས་པ། ཇུས་འགོད་དང་ལས་དོན་ནང་ཞུགས་པའི་མཉམ་སྡེབ་ཀྱི་ཁོངས་མིས་འགན་འཁྲིའི་ཁྱབ་ཁོངས་ནང་གལ་ཆེའི་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས་པ། ཏང་རྩ་འཛུགས་ཀྱི་འགན་འཁྲི་བདའ་འདེད་བཏང་ན། ཆབས་ཅིག་ཏུ་ཏང་རྩ་འཛུགས་དེའི་ནང་གི་འགན་འཁྲི་ཡོད་པའི་འགོ་ཁྲིད་མཉམ་སྡེབ་ཀྱི་ཁོངས་མི་རྣམས་ཀྱི་འགན་འཁྲི་བདའ་འདེད་བྱ་དགོས་པ། ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པས་རང་ཉིད་ནང་དུ་འཇུག་རྒྱུ་དང་། འགན་འཁྲི་དང་དུ་ལེན་རྒྱུ་རྒྱུན་འཁྱོངས་དང་། རང་ངོས་ཀྱི་གནད་དོན་འཚོལ་བ་དང་། རང་ངོས་ཀྱི་རྒྱུ་རྐྱེན་འཚོལ་རྒྱུར་དོ་སྣང་བྱེད་པ། འགན་འཁྲི་འཁུར་ཕོད་པ་བྱ་དགོས་པ། རིམ་པ་འོག་མའི་ཏང་རྩ་འཛུགས་དང་ལས་བྱེད་པར་འགན་ཁག་དཀྲི་མི་རུང་ཞེས་ནན་སྟོན་བྱས་འདུག སྲོལ་ཡིག་ནང་། འགན་འཁྲི་བདའ་འདེད་བྱ་དགོས་པའི་གནད་དོན་ཁག་ཅིག་དྲངས་ནས། འགན་འཁྲི་བདའ་འདེད་བྱ་ཐབས་དང་། བདའ་འདེད་བྱས་རྗེས་ཀྱི་ཐག་གཅོད་བྱ་ཐབས་སོགས་གཏན་འཁེལ་བྱས་འདུག སྲོལ་ཡིག་ནང་། ཚེ་གང་འགན་འཁྲི་བདའ་འདེད་ལག་བསྟར་བྱ་དགོས་པ་དང་། ལས་འཛོལ་འགན་འཛོལ་གྱི་ངོ་བོ་ཚབས་ཆེ་ལ་མཇུག་འབྲས་ངན་པ་ཞིག་ཡིན་ཕྱིན། འགན་ཡོད་པའི་མི་དེ་ལས་གནས་གཞན་དུ་སྒྱུར་བའམ། ཡང་ན་གོ་གནས་འཕར་བ། ཡང་ན་ལས་འཁྱུར་རྒན་གཡོལ་ཟིན་པ་བཅས་ཅི་ཞིག་ཡིན་རུང་འགན་འཁྲི་བདའ་འདེད་ནན་པོ་བྱ་དགོས་ཞེས་ནན་སྟོན་བྱས་འདུག སྲོལ་ཡིག་ནང་། འགན་འཁྲི་བདའ་འདེད་མ་བྱས་ནའང་འགྲིག་པ་དང་། འགན་འཁྲི་བདའ་འདེད་མི་བྱེད་རྒྱུ། འགན་འཁྲི་བདའ་འདེད་ཡང་པོ་བྱ་རྒྱུ། དེ་བཞིན་འགན་འཁྲི་བདའ་འདེད་ལྕི་པོའམ་ནན་པོ་བྱ་དགོས་པའི་གནད་དོན་ཁག་གཏན་འཁེལ་བྱས་ཡོད། སྲོལ་ཡིག་ནང་ད་དུང་འགན་འཁྲི་བདའ་འདེད་གཏོང་ཡུལ་གྱིས་འགན་འཁྲི་བདའ་འདེད་བྱས་པར་ཡིད་མ་རངས་ཚེ། འགན་འཁྲི་བདའ་འདེད་བྱས་རྗེས་ཀྱི་ཟླ་བ་གཅིག་ནང་། འགན་འཁྲི་བདའ་འདེད་བྱེད་མཁན་གྱི་ཏང་རྩ་འཛུགས་ལ་ཡིག་ཐོག་ནས་རྒྱུ་མཚན་ཞུ་འབུལ་བྱས་ཆོག་པའི་གཏན་འབེབ་བྱས་འདུག སྲོལ་ཡིག་དེ་སྤྱི་ཟླ་9པའི་ཚེས1ནས་ལག་བསྟར་བྱས་པ་རེད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།