ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཧ་ཝིར་ཊི་གཙུག་ལག་སློབ་ཆེན་གྱི་ཞལ་གདམས་ཀ་དཔེ་མ་བཞུགས་སོ། །

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་གྲུབ་ཀྱིས་དབྱིན་ཡིག་ལས་བསྒྱུར། (མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།)   སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་རིང་འགྲུབ་དགོས་ལས་གང་ཉིད། །

སང་ཉིན་བསྒྲུབ་ལ་འགྱང་མི་བྱ། །

The saliva that you drool now will become the tears of tomorrow.

སློབ་པའི་དཀའ་སྡུག་གནས་སྐབས་ཙམ། །

མ་བསླབས་སྡུག་བསྔལ་མི་ཚེའི་འགྱོད། །

The pain of studying is only temporary. But the pain of not knowing is forever. 

ཁྱི་ཕྲུག་བཞིན་དུ་ཡོན་ཏན་སློབས། །

སྐུ་དྲག་བཞིན་དུ་རྩེད་མོར་གཡེངས། །

Study like a dog and play like a premier.

དེ་རིང་སྒྱིད་ལུག་མཆིལ་མ་འཛགས་མང་ན། །

སང་ཉིན་འགྱོད་གདུང་མཆི་མ་རྒྱུན་མི་ཆད། །

Don’t postpone today’s work to tomorrow.

འདས་པའི་ཉིན་མོ་རེ་རེ་དེ། །

ཡང་ཡང་ཕྱིར་ལ་ལྡོག་ཐབས་མེད། །

One day, has not been able again to come. 

གཡོལ་ཐབས་མེད་པའི་སྡུག་བསྔལ་གང་། །

ཉམས་སུ་བླངས་ལ་ལོངས་སུ་སྤྱོད། །

Please enjoy the pain which is unable to avoid.

གཞན་ལས་སྔ་ཞིང་འབད་གྱུར་ན། །

རྒྱལ་ཁའི་བྲོ་བ་མྱོང་བར་ནུས། །

Only has compared to the others early, diligently diligently, canfeel the successful taste.

དེ་རིང་དུས་ལྟར་མ་སོང་ན། །

སང་ཉིན་རྒྱུག་དགོས་ལས་ལ་ཐུག །

If you don't walk today, you'll have to run tomorrow.

བསླབ་ལ་དགོས་པ་འབད་བརྩོན་ཡིན་གྱི། །

ཆུ་ཚོད་ཀྱིས་ནི་དཀོན་པར་མི་སྲིད། །

Studies this matter,lacks the time,but is lacks diligently.

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།