ཀྲུང་གོ་བོད་ཀྱི་དྲ་བ།

བདེན་དོན་ནི་འདི་ལྟར་གནས་པ་ཞིག་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཡུས་ཧྭས་བརྩམས།བ་རོན་རྡོ་རྗེ་སྒྲོལ་མས་བསྒྱུར།   སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བདག་གི་བུ་ཆུང(ཁོ་མཐོ་འབྲིང་མཐར་ཕྱིན་རྗེས་ཨ་རི་ནས་སློབ་གྲྭ་ཆེན་མོ་འགྲིམ་རྩིས་ཡོད།)དང་ངེད་གཉིས་ཀྱིས་ཁྱིམ་དུ་ཀྲང་དབྱི་མོའུ་ཡི《ནན་ཅིང་མཛངས་མ་བཅུ་གསུམ》ལ་བལྟས། བལྟས་ཚར་རྗེས་ང་ཚོས་མཉམ་དུ་གློག་བརྙན་གྱི་མཇུག་ཏུ་སྨད་འཚོང་མ་ཞིག་བུད་མེད་སློབ་མ་ཞིག་གི་ཚབ་ཏུ་རང་སྲོག་ཕུལ་བའི་བྱུང་རིམ་དེར་གྲོས་བསྡུར་བྱས་ཏེ་ང་ཚོ་ཞེ་ལོག་པར་གྱུར། དོན་དུ་སྨད་འཚོང་མའི་ཚེ་སྲོག་བུད་མེད་སློབ་མའི་ཚེ་སྲོག་ལས་ཀྱང་ཐ་ཤལ་བ་ཞིག་ཡིན་ནམ།

སྐབས་དེར། བདག་གི་བུ་ཆུང་གིས་སྐད་ཆ་ཚིག་ཅིག་གིས་ང་རང་ཧ་ལས་ཤིང་ཧང་སངས་པར་གྱུར་ལ། བུ་ཕྲུག་གི་འཚར་ལོངས་དེ་ཕ་མས་བློས་དཔག་ནུས་པ་ཞིག་མ་ཡིན། བུ་ཆུང་གིས་བཤད་རྒྱུར་མཚན་ཉིད་སྨྲ་བ་བོ་རོ་སོའོ་ཡིས་དབྱིན་ཇིའི་རླུང་འཕྲིན་ཀུང་སིའི་བཅར་འདྲི་དང་ལེན་བྱེད་སྐབས། གསར་འགོད་པས་ཁོང་ལ་ལོ་ངོ་སྟོང་ཕྲག་རྗེས་ཀྱི་མི་རྣམས་ལ་ཚིག་འགའ་གསུང་རོགས་ཞེས་ཁོང་གི་སྐུ་ཚེ་གང་བོ་དང་སྐུ་ཚེ་གང་བོའི་ཤེས་ཚོར་གླེང་དུ་བཅུག མཚན་ཉིད་སྨྲ་བ་རོ་སོའོ་ཡིས་གནད་གཉིས་ནས་གསུངས་ཡོད་དེ། གཅིག་ནི་བློ་གྲོས་ཀྱི་སྐོར་དང་ཅིག་ཤོས་ནི་ཀུན་སྤྱོད་ཀྱི་སྐོར་རེད།

མཚན་ཉིད་སྨྲ་བ་བོ་རོ་སོའོ་ཡིས་གསུང་རྒྱུར་ཁྱོད་ཀྱིས་བྱ་དངོས་ལ་ཞིབ་འཇུག་བྱེད་པའམ་ཡང་ན་ལྟ་ཚུལ་ཅིག་ལ་བསམ་བློ་བཏང་བ་གང་ཡིན་ཡང་། ཁྱོད་ཀྱིས་རང་ཉིད་ལ་དོན་དངོས་ཅི་ཞིག་ཡིན་པ་དང་དོན་དངོས་དེ་དག་གིས་བདེན་དཔང་བྱས་པའི་བདེན་དོན་ནི་ཅི་ཞིག་ཡིན་པ་འདྲི་གཞི་འདོན་དགོས། རང་ཉིད་ནི་རང་ཉིད་ཀྱིས་ཆེས་ཡིད་ཆེས་བྱེད་སའམ་ཡང་ན་མི་རྣམས་ཀྱིས་སྤྱི་ཚོགས་ལ་ཡིད་ཆེས་བླ་མེད་ཐོབ་སྟེ་སྔར་ལས་ཕན་ཐོགས་ཡོད་པར་འདོད་པའི་ཆོས་གང་དེའི་ཤུགས་རྐྱེན་དང་དུས་གཏན་དུ་འབྲེལ་ཡོད་མོད། དོན་དངོས་ནི་ཅི་ཞིག་ཡིན་པ་རྣམ་དག་སྒོས་ཞིབ་ལྟ་བྱ་དགོས་སོ། །

སྐབས་དེར། བདག་གི་བུས་ཕལ་ཆེར་མཚན་ཉིད་སྨྲ་བ་བོ་རོ་སོའོ་ཡི་སྐད་ཆ་བསྐྱར་བཤད་བྱས་བྱུང་སྟེ། བདག་གིས་གོ་བ་བླངས་པ་ནི་བདེན་དོན་འཚོལ་སྙེག་བྱེད་རྒྱུ་དེ་ནམ་ཡང་མི་འདོར་བར་བྱ་རྒྱུ་དེའོ། ། ཡིན་ཡང་བདག་གི་བུས་བསྐྱར་བརྗོད་བྱས་པ་བདག་ལས་ཤིན་ཏུ་ནས་ལྷག་སྟེ་བདག་ལ་འཛེམ་བག་ཅི་ཡང་མེད་པར་ཐད་ཀར་ཞིབ་བརྗོད་བྱས་པས། བདག་གིས་ཞིང་བདག་ཧྥུ་ཀུའེ་ཡི་སྐད་ཆ་དང་ཁོས་མཚན་ཉིད་སྨྲ་བ་བོ་རོ་སོའོ་ཡིས་གསུངས་འདྲེན་བཞིན་ཡོད།

དངོས་གནས་འདི་འདྲ་རང་ཡིན་ཏེ། མི་ཞིག་གིས་རྒྱལ་ཁ་ཐོབ་པའི་རྗེས་སུ་རང་གི་བསམ་ཚུལ་དེ་བདེན་དོན་ལ་བརྩི་ཤིན་ཏུ་སླ་པོ་ཡོད། འོ་ན་བདེན་དོན་ནི་ཅི་ཞིག་ཡིན་ནམ། བདེན་དོན་ནི་རང་གི་བསམ་ཚུལ་ཙམ་དང་མི་སྣ་གྲགས་ཅན་གྱི་གསུང་ཚིག་གྲགས་ཅན་མ་ཡིན་ལ། བསམ་བློ་གཏོང་སྟངས་ཤིག་ཀྱང་མ་ཡིན། དེ་ནི་ལྷག་བསམ་ཟོལ་མེད་སྒོས་གནས་པ་ཞིག་ཡིན། བདེན་དོན་ནི་ས་ཆ་ག་གེ་མོ་ཞིག་ཏུ་གབ་སྦས་བྱས་ཡོད་པ་ནང་བཞིན་ཁྱོད་ཀྱིས་དེ་ཉིད་འཚོལ་ཅིང་སྙེག་ན་དེ་གཞི་ནས་འབྱུང་སྲིད་ལ། མ་བཙལ་མ་བསྙེག་ན་ནམ་ཡང་རྙེད་མི་སྲིད་དོ། །

བདེན་དོན་ནི་སྒྲོན་སྟེགས་དང་འདྲ་ཤས་ཆེ་སྟེ། གནམ་གྲུའི་གྲུ་ལམ་འོག་གི་ས་ངོས་ཚོད་འཛིན་རེག་བརྡའི་ས་ཚིགས་དང་མཚུངས་ཞེས་བཤད་ཀྱང་ཆོག དེས་ཁྱོད་ལ་ངེས་ཤེས་ཤིག་བསྐྱེད་དུ་འཇུག་མི་ནུས་མོད། ཁྱོད་ཡང་དག་པའི་ཁ་ཕྱོགས་སུ་འཁྲིད་ངེས་པ་རེད། ཁྱོད་རང་ཡང་དག་པའི་ཕྱོགས་སུ་མདུན་དུ་སྐྱོད་སྐབས་ཆུ་འོག་བྲག་རྡོ་དང་ཕྲད་པའམ་ཡང་ན་མཁའ་དབྱིངས་སུ་ཉེན་ཁའི་གནས་ཚུལ་འབྱུང་སྐབས་དེ་ལས་རིང་དུ་གཡོལ་ཆོག

བདེན་དོན་ནི་འདི་ལྟར་ལྷག་བསམ་ཟོལ་མེད་སྒོས་གནས་པ་ཞིག་ཡིན་ཏེ། ཁྱོད་ཀྱིས་དེ་ཉིད་བཙལ་ཅིང་བསྙེག་ཚེ་ད་གཟོད་མངོན་པར་བུད་དེ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟོན་པར་བྱེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།