མ་རྟོགས་པའི་དྲི་བའི་རྒྱུན་མ་འཇགས་ཚེ།

གནའ་སྔ་མོ་སྔ་མོ་ཞིག་ལ། བུད་མེད་རྩོམ་པ་པོ་སི་ཐེ་ལང་གིས“མུན་པ་ལ་དམོད་མོ་བོར་བ་ལས།། སྒྲོན་མེ་ལ་འོད་དཀར་སྤྲོས་པ་བཟང་།།”ཞེས་སྨྲས་མྱོང་ངོ་། །

 ལོ་ངོ་སྟོང་ཕྲག་དུ་མའི་གོང་རོལ་དུ་པར་ཀན་ཕྱེད་གླིང་དུ་འཚོ་སྡོད་བྱས་པའི་སེ་ལིས་སི་ཞེས་པའི་ཚོ་བ་ལ་ཐུན་མིན་གྱི་གོམས་སྲོལ་ཞིག་ཡོད།  དེ་ནི་ཉིན་རེར་མི་རྣམས་ཀྱིས་སླ་ང་ཆེན་པོའི་ནང་རྡེའུ་སྒོང་གཡུགས་པ་ཡིན། གང་ཚེ་སྤྲོ་སྣང་ལྡན་པའི་ཉིན་ཞིག་ཡིན་ན་རྡེའུ་དཀར་པོ་གཡུགས་པ་དང་། གང་ཚེ་སྐྱོ་བའི་ཉིན་ཞིག་ཡིན་ཚེ་རྡེའུ་སྒོང་ནག་པོ་གཡུགས་སྲིད་པ་ཡིན། དེ་བཞིན་ཉིན་ཐོག་ཉིན་དང་ལོ་ཐོག་ལོ་བརྩེགས་ཏེ་འཚོ་བ་ཡི་ཞིབ་ཕྲའི་གནས་ཚུལ་རེ་རེ་སྣོད་སྤྱད་དུ་བཅུག་སྟེ་དཀར་ནག་གི་འདྲེས་མཚམས་སུ་ཁུ་སིམ་མེར་བཅབས་ཡོད། གལ་ཏེ་སླ་ང་དེའི་བདག་པོ་བཀྲོངས་རྗེས། སླ་ང་དེ་ཡང་ཁོང་གི་དུར་སའི་མདུན་དུ་སྦས་ཤིང་ཁོ་རང་གིས་བརྒྱུད་མྱོང་བའི་མི་ཚེའི་ལམ་བུའི་དགའ་སྤྲོ་ཆགས་སྡང་ཡོད་ཚད་སྐྱེ་བ་ཕྱི་མར་འཁྱེར་བར་བཅུག་པ་ཡིན། དེ་ལས་སྣོད་ཆས་ཁ་ཤས་དུས་རབས་མང་པོ་འགོར་རྗེས་སུ་ད་གཟོད་ཤེས་རྟོགས་བྱུང་བ་ཡིན་པས་མི་ཚེའི་དོགས་གནད་ཐད་ལ་མི་རྣམས་ཧང་སངས་དགོས་པའི་དཔང་རྟགས་མཁོ་འདོན་བྱས། ཡིན་ནའང་དཀར་པོ་དང་ནག་པོ་མཉམ་དུ་བཞག་ཚེ་གཏན་ནས་མི་འདྲ་བའི་ཁ་དོག་རིགས་གཉིས་སུ་མི་སྣང་བར་ཁ་དོག་གསར་བ་ཞིག་སྟེ་གཡོ་འགུལ་ལྡན་པའི་ཚོན་མདངས་གསར་བ་ཞིག་སྣང་སྲིད།

 ངས་ལོ་གསར་པའི་ནང་རང་ཉིད་ཀྱི་རྡེའུ་སྒོང་དཀར་པོའི་སྣོད་ཆས་སུ་རྡེའུ་སྒོང་དཀར་པོ་སྔར་ལས་མང་བ་ཞིག་འཇོག་ཐུབ་པར་རེ་ཞིང་སྨོན་ཡོད། འོན་ཀྱང་རྡེའུ་སྒོང་ནག་པོ་ཇི་ལྟར་བྱ་དགོས་སམ། ང་རང་འགྱེལ་བ་དང་ལམ་ནོར་ཐེབས་པ། ཅི་བྱ་རྟོགས་བྲལ་དུ་གྱུར་པའི་ཉིན་མོ་དེ་དག་ལ་ཇི་ལྟར་བྱ་དགོས་སམ། གལ་ཏེ་སྣོད་ཆས་སུ་དབང་བའི་རླུང་རྟ་མི་དར་བའི་ཉིན་མོ་ཡོད་ཚད་གཙང་སེལ་བྱས་ཙ་ན། རྡེའུ་སྒོང་དཀར་པོ་དེ་དག་སྔར་བཞིན་མདོག་དཀར་པོ་ཞིག་ཡིན་སྲིད་དམ།

 ང་རང་དཀར་ནག་འདྲེས་མཚམས་ཀྱི་ཡོ་ལང་ཁྲོད་གནས་པར་སྤྲོ་ཞིང་། དེས་འཚོ་བའི་གློག་རྒྱུན་དང་གསར་དུ་སྐྲུན་པའི་མེ་སྟག ཤེས་པ་རྙེད་པའི་ལམ་རིམ། དེ་བཞིན་དེ་ལས་བསྐྱེད་པའི་གནད་དོན་མང་པོ་ཞིག་འཕྲོ་རིམ་འཕྲོར་བསྐྱེད།  ཡིད་ལ་ཟུངས་ཤིག སྒྲོན་མེ་གཞན་ཞིག་སྦར་ཐུབ་པའི་རང་བཞིན་ནི་རྟག་བརྟན་ཐེར་ཟུག་ཏུ་གནས་པ་ཡིན། དེས་ན། རླུང་བུས་བསྐྱོམ་པའི་སྒྲོན་འོད་འཕྲོ་བའི་བར་སྟོང་ཆུང་ངུས་གནད་དོན་གསར་པ་ཞིག་དཀྲོགས་ཐུབ།

མ་རྟོགས་པའི་དྲི་བའི་རྒྱུན་མ་འཇགས་ཚེ་གཞི་ནས་རེ་བ་ཡོད་ངེས་སོ། །


要世界还在坚持问问题

〔保加利亚〕基里洛娃·格奥尔基耶娃  ◎徐谦谦译

 很久以前,女作家斯特朗曾说:“与其诅咒黑暗,不如点燃蜡烛。”

 几千年前,居住在巴尔干半岛的色雷斯部落有一个不同寻常的风俗。每天,人们都会向一口大黏土锅里丢一块小卵石。如果那天是高兴的一天,就丢一块白色的石头;如果那天是糟糕的一天,就丢一块黑色的石头。日复一日,年复一年,生活的点滴细节就安静地躺在那个容器里,黑白相间。当主人死后,这口锅就被埋在他的坟前,把他至此走过的人生道路上喜悦和苦痛的记忆带到来世。其中的一些容器在很多个世纪以后被发现,为人生的不易提供了令人惊叹的证据。但黑色和白色放在一起,就不再是两种截然不同的颜色,它们创造了一种新的颜色——运动之色。

 我希望新的一年能在自己的容器中留下更多的白色卵石。但是黑色石头怎么办呢?那些我被绊倒、迷路、不知道答案的日子该怎么办呢?如果我清理掉容器中所有倒霉的日子,那么白色的卵石还会是真的白色吗?

 我喜欢存在于黑、白之间的紧张感。它催生了生活的电流、创造的火花、通向下一个答案的路,以及由此产生的下一个问题。请记住:点燃另一支蜡烛的可能性总是存在。于是,摇曳的烛光照亮的狭小空间就能唤醒新的问题。


རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།