ཀྲུང་གོ་བོད་ཀྱི་དྲ་བ།

ལྷིང་འཇགས་མཚན་མོའི་འཆར་སྣང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལིས་པེ་ཡིས་བརྩམས་ཤིང་ཕག་མོ་རྡོ་རྗེས་བསྒྱུར།   སྤེལ་དུས། : 2019-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལིས་པེ།སྤྱི་ལོ701ནས762བར་ཡིན། ཕོ། འཁྲུངས་ཡུལ་མི་ངེས།ཐང་རྒྱལ་རབས་དུས་སྐབས་ཀྱི་རླབས་ཆེན་གྱི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་མཁན་པོ། འཐུས་ཚབ་བརྩམས་ཆོས་ལ་སྙན་ངག《ལྷིང་འཇགས་མཚན་མོའི་འཆར་སྣང》《ལམ་བགྲོད་དཀའ》སོགས་མང་ངོ་། །

ཅི་འདི་ཟླ་བའི་འོད་ཀྱི་ཟེགས་མ་མལ་ཁྲིའི་གམ་དུ་སྣང་བའམ། །

བད་ཀྱི་མེ་ཏོག་ས་གཞིར་བབས་སྙམ་ཐེ་ཚོམ་དྲ་བ་ཅི་ཡང་འཛིན། །

མགོ་བོ་བཏེགས་ཏེ་ཟླ་ཤེལ་དབང་བོའི་བཞིན་གྱི་ཆ་ལ་བལྟས་པས་ན། །

ཕ་ཡུལ་དྲན་པའི་མགོ་བོ་དབང་མེད་དབྱིག་འཛིན་དགའ་མའི་ཕང་བར་ལྷུང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།