མདུན་ཤོག- གསར་འགྱུར།- སྒོས་སུ་དོ་སྣང་།

ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན།

    2014-11-21 09:06

    བཞི། ཁྲིམས་འཛིན་དྲང་སྙོམས་ཡོང་བར་ཁག་ཐེག་བྱས་ཏེ་ཁྲིམས་འཛིན་གྱི་སྤྱི་རྟོན་ནུས་པ་མཐོར་འདེགས་གཏོང་དགོས།

    དྲང་སྙོམས་ནི་ཁྲིམས་ལུགས་ཀྱི་སྲོག་རྩ་ལྟ་བུ་ཡིན། ཁྲིམས་འཛིན་དྲང་སྙོམས་ཀྱིས་སྤྱི་ཚོགས་དྲང་སྙོམས་ཡོང་བར་སྣེ་ཁྲིད་ནུས་པ་གལ་ཆེན་ཐོན་པ་རེད། ཁྲིམས་འཛིན་དྲང་སྙོམས་མ་ཡོང་ཚེ་སྤྱི་ཚོགས་ཀྱི་སྲོག་རྩ་འགག་པའི་གཏོར་བརླག་ཐེབས་སྲིད་པ་རེད། ངེས་པར་ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་དང་ཁྲིམས་འཛིན་དབང་ཆ་བེད་སྤྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་འཛིན་བྱ་འགུལ་གྱི་ལྟ་སྐུལ་ལ་ཤུགས་བསྣན་ནས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་ཁྲོད་འདྲ་མཉམ་དང་དྲང་སྙོམས་ཡིན་པ་ཚོར་དུ་འཇུག་དགོས།

    (གཅིག)ཁྲིམས་ལྟར་སྒེར་ཚུགས་དང་དྲང་སྙོམས་ཀྱིས་ཁྲིམས་གཅོད་དབང་ཆ་དང་ཞིབ་བཤེར་དབང་ཆ་ལག་བསྟར་བྱེད་པ་འཐུས་སྒོ་ཚང་བའི་ལམ་ལུགས་ཁག་ཐེག་བྱ་དགོས། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ལ་རྒྱབ་སྐྱོར་བྱས་ཏེ་ཁྲིམས་ལྟར་སྒེར་ཚུགས་དང་དྲང་སྙོམས་ཀྱིས་འགན་དབང་ལག་བསྟར་བྱ་དགོས། མགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱ་འགུལ་ལ་བར་ཆད་བཟོ་བ་དང་བྱེ་བྲག་གི་གྱོན་དོན་ཐག་གཅོད་ནང་ལག་བསྲིངས་ཚེ་ཟིན་ཐོར་འགོད་པ་དང་། ཁྱབ་བསྒྲགས་བྱེད་པ། འགན་ཁུར་རྩད་གཅོད་བྱེད་པ་བཅས་ཀྱི་ལམ་ལུགས་འཛུགས་དགོས། ཏང་སྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ་གང་གིས་ཀྱང་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ཀྱི་གཏན་འཁེལ་དང་འགལ་བའི་འགན་ནུས་དང་ཁྲིམས་འཛིན་དྲང་སྙོམས་ལ་གནོད་པའི་བྱ་བ་བསྒྲུབ་ཏུ་འཇུག་མི་རུང་ཞིང་། ཁྲིམས་འཛིན་ལས་ཁུངས་གང་གིས་ཀྱང་ཏང་སྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་ཁྲིམས་དང་འགལ་ནས་ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་བྱེད་པའི་རེ་བ་ལག་བསྟར་བྱེད་མི་ཆོག ཁྲིམས་འཛིན་ལས་ཁུངས་ཀྱིས་གྱོན་དོན་སྒྲུབ་པར་བར་ཆད་བཟོས་ཚེ་ཏང་གི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཐད་ནས་ཆད་པ་གཅོད་དགོས། གྱོན་དོན་ཐག་གཅོད་ཐད་རྫུན་མ་བཟོ་བ་དང་མཇུག་འབྲས་ཚབས་ཆེན་བྱུང་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།

    སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་རར་ཞུ་གཏུག་ལ་ལན་འདེབས་པ་དང་ཁྲིམས་ཁང་གིས་སྲིད་འཛིན་གྱོད་དོན་སྒྲུབ་པར་རྒྱབ་སྐྱོར་བྱེད་པ། ཁྲིམས་ཁང་གིས་ཐག་བཅད་པའི་གྱོད་དོན་ལ་བརྩི་བཀུར་དང་ལག་བསྟར་བྱ་དགོས། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པ་དང་། ཐག་བཅད་པའི་གྱོད་དོན་དང་གཏན་འབེབས་དང་ལེན་མི་བྱེད་པ། ཁྲིམས་ཁང་གི་དབང་གྲགས་སྣང་མེད་དུ་འཇོག་པ་སོགས་ཁྲིམས་འགལ་ཉེས་བཟོ་བྱ་སྤྱོད་ཀྱི་བཅའ་ཁྲིམས་གཏན་འབེབས་འཐུས་ཚང་དུ་གཏོང་དགོས།

    ཁྲིམས་འཛིན་མི་སྣས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་འགན་ནུས་སྲུང་སྐྱོང་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་དོན་བྱ་ལྟར་མིན་པ་དང་། ཁྲིམས་སུ་གཏན་འཁེལ་བྱས་པའི་གོ་རིམ་མ་བརྒྱུད་པར། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོའི་ལས་གནས་སྤར་བ་དང་། ལས་གནས་ནས་འཕེན་པ། ཡང་ན་ལས་གནས་མེད་པར་བཟོ་བ་དང་། གོ་གནས་ཇེ་དམའ་རུ་གཏོང་བ་སོགས་ཀྱི་ཆད་པ་གཅོད་མི་རུང་།

    (གཉིས)ཁྲིམས་འཛིན་འགན་དབང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་དགོས། སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས། ཁྲིམས་གཅོད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་སོ་སོའི་འགན་ནུས་ལག་བསྟར་དང་། མྱུལ་བཤེར་དབང་ཆ།ཞིབ་དཔྱོད་དབང་ཆ། ཁྲིམས་གཅོད་དབང་ཆ། ལག་བསྟར་དབང་ཆ་བཅས་ཕན་ཚུན་རམ་འདེགས་བྱེད་པ་དང་ཕན་ཚུན་ཚོད་འཛིན་བྱེད་པ་བཅས་ཀྱི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

    ཁྲིམས་འཛིན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། འདྲི་གཅོད་དབང་ཆ་དང་ལག་བསྟར་དབང་ཆ་ཕན་ཚུན་སོ་སོར་དབྱེ་བའི་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པའི་ཚོད་ལྟར་སྐུལ་འདེད་གཏོང་དགོས། ཉེས་ཆད་གཅོད་པའི་ལག་བསྟར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཉེས་ཆད་ལག་བསྟར་སྒྲིག་སྲོལ་གཅིག་གྱུར་བྱ་དགོས། ཁྲིམས་འཛིན་ལས་ཁུངས་ཀྱི་མི་སྣ་དང་རྒྱུ་དངོས་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པ་དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་སྲིད་འཛིན་ལས་དོན་དོ་དམ་དབང་ཆ་དང་འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཕན་ཚུན་སོ་སོར་དབྱེ་བ་འཚོལ་ཞིབ་དང་ལག་བསྟར་བྱ་དགོས།

    ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྐོར་སྐྱོད་ཁྲིམས་ཁང་བཙུགས་ཏེ། སྲིད་འཛིན་མངའ་ཁོངས་བརྒལ་བའི་སྲིད་འཛིན་ཆེན་པོ་དང་དམངས་དོན་གྲོས་མོལ་གྱོད་དོན་ཞིབ་གཅོད་བྱ་དགོས། སྲིད་འཛིན་མངའ་ཁོངས་བརྒལ་བའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ས་ཁུལ་བརྒལ་བའི་གྱོད་དོན་བསྒྲུབ་དགོས། སྲིད་འཛིན་གཏུག་བཤེར་སྒྲིག་སྲོལ་གྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྲིད་འཛིན་གཏུག་བཤེར་གྱོད་དོན་གྱི་དོ་དམ་ཁོངས་གཏོགས་ལམ་ལུགས་ལུགས་མཐུན་སྒོས་ལེགས་སྒྲིག་བྱས་ཏེ། སྲིད་འཛིན་གཏུག་བཤེར་གྱོད་ཐོར་འགོད་དཀའ་བ་དང་། ཞིབ་གཅོད་བྱེད་དཀའ་བ། ལག་བསྟར་བྱེད་དཀའ་བ་སོགས་ཀྱི་གནད་དོན་འབུར་ཐོན་དངོས་ནས་ཐག་གཅོད་བྱ་དགོས།

    ཁྲིམས་ཁང་གི་གྱོད་དོན་དང་ལེན་ལམ་ལུགས་བཅོས་བསྒྱུར་བྱེད་པ་སྟེ། གྱོད་ཐོ་འགོད་པའི་ཞིབ་བཤེར་ལམ་ལུགས་དེ་གྱོད་ཐོ་འགོད་པའི་རྩིས་འགོད་ལམ་ལུགས་སུ་བསྒྱུར་བ་དང་། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ངེས་པར་དང་ལེན་བྱ་དགོས་པའི་གྱོད་དོན་དག་ངེས་པར་ཐོ་འགོད་བྱེད་པ་དང་། གཏུག་བཤེར་ངེས་པར་དང་ལེན་བྱས་ཏེ། དོ་བདག་པའི་གཏུག་བཤེར་དབང་ཆ་འགན་སྲུང་བྱ་དགོས། གཏུག་བཤེར་རྫུན་མ་དང་ངན་སེམས་བཅངས་པའི་གཏུག་བཤེར། དོན་མེད་གཏུག་བཤེར་བྱེད་པ་བཅས་ཀྱི་བྱ་སྤྱོད་ལ་ཆད་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཉེས་དོན་གཏུག་བཤེར་ཁྲོད་བྱས་ཉེས་དང་ཆད་གཅོད་ངོས་འཛིན་བྱེད་པ་དང་ཆད་གཅོད་ཇེ་ཡང་དུ་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

    ཞིབ་གཅོད་རིམ་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་སྟེ། ཞིབ་གཅོད་དང་པོའི་ཁྲོད་དོན་དངོས་ངོས་འཛིན་དང་བཅའ་ཁྲིམས་འོས་སྤྱོད་བྱེད་པ་ཐག་གཅོད་པ་གཙོ་བོར་འཛིན་པ་དང་། ཞིབ་གཅོད་གཉིས་པའི་ཁྲོད་དོན་དངོས་ཀྱི་བཅའ་ཁྲིམས་རྩོད་གླེང་ཐག་གཅོད་པ། ཞིབ་གཅོད་གཉིས་པའི་མཐའ་མཇུག་གི་ཞིབ་གཅོད་མངོན་འགྱུར་བྱེད་པ་གཙོ་བོར་འཛིན་དགོས། བསྐྱར་དུ་ཞིབ་གཅོད་བྱེད་པའི་ཁྲོད་ཁྲིམས་ལྟར་ནོར་འཁྲུལ་ཡོ་བསྲང་དང་། ཤན་འབྱེད་པའི་དབང་གྲགས་སྲུང་སྐྱོབ་བྱེད་པ་གཙོ་བོར་འཛིན་དགོས། སྤྱི་དམངས་ཀྱི་མི་ལུས་དང་རྒྱུ་ནོར་ཁེ་དབང་དང་འབྲེལ་བའི་སྲིད་འཛིན་བཙན་ཐབས་བྱེད་ཐབས་ལག་བསྟར་བྱེད་པའི་ཁྲིམས་འཛིན་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ཞིབ་དཔྱོད་ལས་ཁུངས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པའི་ཁྲོད་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་སྒོས་འགན་དབང་སྤྱོད་པའམ་ཡང་ན་འགན་དབང་མི་སྤྱོད་པའི་བྱ་སྤྱོད་ཡོད་པ་ཤེས་ན། དེར་ཡོ་བསྲང་བྱེད་པར་འདེད་སྐུལ་བྱ་དགོས། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་བྱེད་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་དགོས།

    ཁྲིམས་འཛིན་ལས་ཁུངས་ནང་ཁུལ་གྱི་རིམ་པ་སོ་སོའི་དབང་ཚད་གསལ་བོར་བྱས་ཏེ། ནང་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཁྲིམས་འཛིན་ལས་ཁུངས་ནང་ཁུལ་གྱི་མི་སྣས་གཏན་འཁེལ་དང་འགལ་ཏེ་མི་གཞན་པས་སྒྲུབ་བཞིན་པའི་གྱོད་དོན་ལ་ཐེ་གཏོགས་བྱེད་མི་རུང་བ་དང་། ཁྲིམས་འཛིན་ལས་ཁུངས་ནང་ཁུལ་གྱི་མི་སྣས་གྱོད་དོན་འདྲི་གཅོད་བྱེད་པའི་ཟིན་འགོད་ལམ་ལུགས་དང་འགན་འཁྲི་རྩད་གཅོད་ལམ་ལུགས་འཛུགས་དགོས། ཞིབ་གཅོད་གཙོ་བོའི་ཁྲིམས་དཔོན་དང་མཉམ་གྲོས་ཁང་། ཀྲུའུ་རིན་ཞིབ་དཔྱོད་དཔོན་པོ། གཙོ་སྒྲུབ་རྩད་བཤེར་མི་སྣའི་གྱོད་སྒྲུབ་འགན་འཁྲི་ལམ་ལུགས་བཅས་འཐུས་ཚང་དུ་བཏང་སྟེ། གྱོད་དོན་སུས་བསྒྲུབས་ན་དེས་འགན་འཁུར་བ་དངོས་འབེབས་བྱ་དགོས།

    ལས་འགན་ཉེས་བཟོས་ཁུངས་སྣེའི་དོ་དམ་ལ་ཤུགས་སྣོན་པ་དང་། དང་ལེན་དང་ཁག་བགོས། ཞིབ་གཅོད། ཆ་འཕྲིན་ལ་ཕྱིར་ལན་སྤྲོད་པའི་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་བ། སྒྲིག་བཤེར་ལྟ་སྐུལ་དང་ཉེས་དོན་ཁྲིམས་འཛིན་གྱོད་སྒྲུབ་ཚད་གཞི། གོ་རིམ་མཐུད་སྦྲེལ་བཅས་གསལ་བོར་བྱས་ཏེ། ཁྲིམས་ལྟར་ལས་འགན་ཉེས་བཟོས་གྱོད་གཞི་ཞིབ་གཅོད་བྱ་དགོས།

    (གསུམ) ཁྲིམས་འཛིན་གཟབ་ནན་ཡོང་བར་སྐུལ་འདེད་བྱ་དགོས། དོན་དངོས་གཞི་རྩར་འཛིན་པ་དང་། བཅའ་ཁྲིམས་ཚད་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་ངོས་འཛིན་བྱེད་པ་སྤྱི་པའི་གནས་ཚུལ་དངོས་དང་མཐུན་ཞིང་། གྱོད་སྒྲུབ་མཇུག་འབྲས་གདོས་བཅས་དྲང་བདེན་དང་མཐུན་པ། གྱོད་སྒྲུབ་གོ་རིམ་དྲང་བདེན་དང་མཐུན་པའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཁྲིམས་འཛིན་འགྲེལ་བཤད་དང་གྱོད་དོན་མཛུབ་སྟོན་ལ་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་བ་དང་། བཅའ་ཁྲིམས་འོས་སྤྱོད་ཚད་གཞི་གཅིག་གྱུར་བྱ་དགོས།

    འདྲི་གཅོད་ལྟེ་བ་ཡིན་པའི་གཏུག་བཤེར་ལམ་ལུགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཞུ་གཏུག་གྱོད་དོན་ལ་རྩད་བཤེར་དང་ཞིབ་བཤེར་བྱས་པའི་དོན་དངོས་ཀྱི་བདེན་དཔང་གིས་བཅའ་ཁྲིམས་ཀྱི་ཞིབ་བཤེར་ཐེག་པར་འགན་སྲུང་བྱ་དགོས། བདེན་དཔང་ཤན་འབྱེད་པའི་སྒྲིག་སྲོལ་ཁྱོན་ཡོངས་ནས་ལག་ལེན་བྱེད་པ་དང་། ཁྲིམས་ལྟར་བདེན་དཔང་འཚོལ་སྡུད་དང་གཏན་འཇགས། ཉར་ཚགས།ཞིབ་བཤེར།བཀོལ་སྤྱོད་བཅས་ནན་མོ་བྱེད་པ། དཔང་མི་དང་གསལ་འབྱེད་པ་ཁྲིམས་སར་ཐོན་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྲིམས་སའི་འདྲི་གཅོད་ཀྱིས་དོན་དངོས་གསལ་བོར་བྱེད་པ་དང་བདེན་དཔང་ངོས་འཛིན་པ། གཏུག་བཤེར་དབང་ཆ་སྲུང་སྐྱོང་བྱེད་པ་དང་། དྲང་བདེན་སྒོས་ཤན་འབྱེད་པ་བཅས་ཀྱི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པར་ཁག་ཐེག་བྱ་དགོས།

    ཁྲིམས་འཛིན་མི་སྣ་སྣ་ཚོགས་ཀྱི་བྱ་བའི་འགན་འཁྲི་དང་བྱ་བའི་བརྒྱུད་རིམ། བྱ་བའི་ཚད་གཞི་བཅས་གསལ་བོ་བྱེད་པ་དང་།གྱོད་དོན་སྒྲུབ་པའི་སྤུས་ཚད་ལ་ཚེ་གང་བོར་འགན་ཁུར་པའི་ལམ་ལུགས་དང་གྱོད་དོན་འཕྱུགས་པའི་འགན་ཁུར་ལྡོག་བཤེར་ལམ་ལུགས་ལག་ཏུ་བསྟར་ཏེ། གྱོད་དོན་ཐག་བཅད་པ་དེ་བཅའ་ཁྲིམས་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པར་བྱ་དགོས།

    (བཞི)མི་དམངས་མང་ཚོགས་ཁྲིམས་འཛིན་ནང་ཞུགས་ཐུབ་པར་འགན་སྲུང་བྱ་དགོས།མི་དམངས་ཁྲིམས་འཛིན་མི་དམངས་ཀྱི་ཆེད་ཡིན་པ་རྒྱུན་འཁྱོངས་དང་།མི་དམངས་ལ་བརྟེན་ནས་དྲང་གཞག་གིས་ཁྲིམས་འཛིན་པར་སྐུལ་འདེད་བཏང་སྟེ།དྲང་གཞག་གིས་ཁྲིམས་བཟུང་ནས་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་དགོས།ཁྲིམས་བཟུང་ནས་འདུམ་སྒྲིག་དང་ཁྲིམས་བཟུང་ནས་གསན་སྒྲུབ་བྱེད་པ།གཏུག་བཤེར་ངོ་བཅར་སོགས་ཁྲིམས་འཛིན་བྱ་འགུལ་ཁྲོད་མི་དམངས་མང་ཚོགས་ཞུགས་པར་འགན་སྲུང་བྱ་དགོས།མི་དམངས་ཀྱི་འདྲི་གཅོད་ལས་རོགས་པའི་ལམ་ལུགས་འཐུས་ཚང་དང་།སྤྱི་དམངས་ཀྱི་འདྲི་གཅོད་ལས་རོགས་པའི་ཁེ་དབང་འགན་སྲུང་བྱེད་པ།འདྲི་གཅོད་ནང་ཞུགས་པའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་།སྐབས་བབ་དང་བསྟུན་ནས་ཟུར་འཐེན་འདེམ་སྒྲུག་བྱེད་པའི་བྱེད་སྟངས་འཐུས་ཚང་དུ་བཏང་སྟེ། མི་དམངས་ཀྱི་འདྲི་གཅོད་ལས་རོགས་ལམ་ལུགས་ཀྱི་སྤྱི་རྟོན་བྱེད་ཤུགས་ཇེ་མཐོར་གཏོང་དགོས།མི་དམངས་ཀྱི་འདྲི་གཅོད་ལས་རོགས་པ་རིམ་བཞིན་བཅའ་ཁྲིམས་ནང་འཚམ་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་མི་བྱེད་པར།གནད་དོན་ལ་དོན་དངོས་ནས་གཏན་འཁེལ་བྱེད་པའི་ཞིབ་བཤེར་ཐག་གཅོད་ནང་ཞུགས་དགོས།

    སྒོ་འབྱེད་དང་འགུལ་ཚུལ།གསལ་བོ།དམངས་ཕན་བཅས་ཀྱི་ཉི་འོད་ཁྲིམས་འཛིན་ནང་རྐྱེན་བཙུགས་ཏེ།འདྲི་གཅོད་སྤྱིར་གསལ་དང་ཞིབ་བཤེར་ལས་དོན་སྤྱིར་གསལ།ཉེན་དོན་སྤྱིར་གསལ།བཙོན་ཁང་གི་ལས་དོན་སྤྱིར་གསལ་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ།ཁྲིམས་ལྟར་དང་དུས་ཐོག སྤྱིར་གསལ་བཅས་ཀྱི་སྒོ་ནས་ཁྲིམས་བསྟར་དང་ཁྲིམས་འཛིན་གྱི་ཁུངས་ལུང་དང་།གོ་རིམ།བརྒྱུད་རིམ།མཇུག་འབྲས།བཅའ་ཁྲིམས་ཀྱི་ཡིག་ཆ་བཅས་གོ་ཆོད་པ་སྤྱིར་གསལ་བྱས་ཏེ།ལྐོག་ནས་བཀོད་གཏོང་བྱེད་པ་གཏན་འགོག་བྱ་དགོས།བཅའ་ཁྲིམས་ཀྱི་ཡིག་ཆ་སྤྱད་ནས་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པ་དང་གཞུང་ལུགས་བཤད་པར་ཤུགས་བསྣན་ཏེ།གོ་ཆོད་པའི་བཅའ་ཁྲིམས་ཡིག་ཆ་གཅིག་གྱུར་གྱིས་དྲ་ཐོག་ཏུ་འགོད་པ་དང་ཞིབ་འདྲི་ལམ་ལུགས་སྤྱིར་གསལ་བྱ་དགོས།

    (ལྔ)འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་བསྣན་དགོས།གཏུག་བཤེར་བརྒྱུད་རིམ་ཁྲོད་ཀྱི་དོ་་་་་བདག་པ་དང་གཏུག་བཤེར་ནང་ཞུགས་མཁན་གཞན་པའི་ཤེས་པའི་དབང་ཆ་དང་གསལ་འདེབས་དབང་ཆ།དག་འབུད་རྩོད་གླེང་དབང་ཆ།རེ་ཞུ་དབང་ཆ།གཏུག་བཤེར་དབང་ཆ་བཅས་ཀྱི་ལམ་ལུགས་འགན་སྲུང་བྱེད་པ་ཇེ་དྲག་ཏུ་གཏོང་དགོས། ཉེས་དོན་ཉེས་བཟོས་ལ་ཁྲིམས་ཐོག་ནས་གཏན་འཁེལ་དང་ཉེས་པ་ཡོད་པར་དོགས་པ་ཡོད་ཀྱང་ཁུངས་སྣེ་མེད་པ། ཁྲིམས་དང་འགལ་ནས་ཁུངས་ལུང་མེད་པར་བཟོ་བ་སོགས་བཅའ་ཁྲིམས་ཀྱི་རྩ་དོན་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་ཁྲིམས་འཛིན་བྱེད་ཐབས་དང་མྱུལ་ཞིབ་བྱེད་ཐབས་ཀྱི་ཁྲིམས་འཛིན་ལྟ་སྐུལ་འཐུས་ཚང་དུ་གཏོང་བ་དང་།ཚ་འདྲི་བྱས་ནས་ངོས་ལེན་བྱེད་དུ་འཇུག་པ་དང་ཁྲིམས་དང་འགལ་ནས་བདེན་དབང་ལེན་པའི་མགོ་ཁུངས་ཀྱི་སྔོན་འགོག་ལ་ཤུགས་བསྣན་ཏེ། ཉེས་མེད་ཉེས་འགེལ་གྱི་གྱོད་གཞི་ལ་ཕན་ནུས་ལྡན་པའི་སྒོ་ནས་བཀག་འགོག་དང་དུས་ཐོག་ཏུ་ཡོ་བསྲང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

    ལག་ཏུ་བསྟར་དཀའ་བ་དངོས་གནས་ཐག་བཅད་དེ་བཙན་ཤེད་ཀྱིས་ལག་ཏུ་བསྟར་བའི་བཅའ་ཁྲིམས་གཏན་འབེབས་དང་།སྒོ་ཐེལ་རྒྱག་པ་དང་བཀག་ཉར། བསྡམས་བཅད།གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་ཐག་གཅོད་པའི་ཁྲིམས་འཛིན་གོ་རིམ་ཚད་ལྡན་དུ་གཏོང་དགོས། ཡིད་ཆེས་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་ཡིད་རྟོན་ལྟ་སྐུལ་དང་འཇིགས་པ་བསྐུར་བ།ཉེས་པ་བསླབ་འདོམས་ཀྱི་བཅའ་ཁྲིམས་ལམ་ལུགས་མགྱོགས་མྱུར་གྱིས་འཛུགས་དགོས་པ་དང་།ཁྲིམས་ལྟར་གཏུག་བཤེར་ལས་རྒྱལ་བའི་དོ་བདག་པར་དུས་ཐོག་ཏུ་ཁེ་དབང་ཡོད་དུ་འཇུག་པར་འགན་སྲུང་བྱ་དགོས།

    མཐའ་མའི་འདྲི་གཅོད་དང་ཞུ་གཏུག་མཇུག་གྲིལ་བའི་ལམ་ལུགས་དངོས་འབེབས་དང་།གཏུག་བཤེར་དང་ངོ་བཅར་སོ་སོར་དབྱེ་སྟེ།དོ་བདག་པས་ཁྲིམས་ལྟར་གཏུག་བཤེར་བྱེད་པའི་ཁེ་དབང་འགན་སྲུང་བྱ་དགོས།ཁྲིམས་འཛིན་ལས་ཁུངས་ཀྱི་གོ་ཆོད་པའི་ཁྲིམས་ཆད་དང་ཐག་བཅད་པའི་གཏུག་བཤེར་ལ་ཁས་མ་བླངས་ན་རིམ་བཞིན་ཁྲིམས་རྩོད་པའི་ཚབ་སྒྲུབ་ལམ་ལུགས་ལག་བསྟར་བྱ་དགོས། ཁྲིམས་རྩོད་པ་གདན་ཞུ་བྱ་མི་ཐུབ་པའི་གཏུག་བཤེར་མཁན་དེ་བཅའ་ཁྲིམས་རོགས་སྐྱོར་གྱི་་ཁྱབ་ཁོངས་ནང་འགོད་དགོས།

    (དྲུག)ཁྲིམས་འཛིན་བྱ་འགུལ་གྱི་ལྟ་སྐུལ་ལ་ཤུགས་བསྣན་དགོས།ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟ་སྐུལ་དབང་ཆ་ལག་ཏུ་བསྟར་བའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཉེས་དོན་གཏུག་བཤེར་དང་དམངས་དོན་གཏུག་བཤེར།སྲིད་འཛིན་གཏུག་བཤེར་བཅས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་བསྣན་དགོས། མི་དམངས་ལྟ་སྐུལ་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།ཞིབ་དཔྱོད་ལས་ཁུངས་ཀྱིས་གོ་གནས་ཉེས་བཟོས་གྱོད་ཐོར་འགོད་པ་དང་བཀག་སྐྱིལ་བྱེད་པ།རྒྱུ་ནོར་བཀག་ཉར་དང་བསྡམས་བཅད་བྱེད་པ།གཏུག་བཤེར་བྱེད་པ་སོགས་ཀྱི་གནད་འགག་གི་ཁྲིམས་བསྟར་བྱ་འགུལ་ལ་གཙོ་གནད་དུ་ལྟ་སྐུལ་བྱ་དགོས་པ་དང་།ཁྲིམས་འཛིན་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་གདབ་དགོས།སྨྱན་བྱེད་ཀྱིས་གྱོད་གཞིའི་གནས་ཚུལ་འགོད་པ་ཚད་ལྡན་དུ་བཏང་སྟེ།གླེང་ཕྱོགས་ཀྱིས་ཁྲིམས་འཛིན་དྲང་གཞག་ལ་ཤུགས་རྐྱེན་ཐེབས་པར་བཀག་འགོག་བྱ་དགོས།

    ཁྲིམས་ལྟར་ཁྲིམས་འཛིན་མི་སྣ་དང་དོ་བདག་པ།ཁྲིམས་རྩོད་པ།དམིགས་བསལ་གྱི་འབྲེལ་བ་ཡོད་མཁན།བར་སྨྱན་རྩ་འཛུགས་བཅས་ཀྱི་ཐུག་འབྲེལ་དང་ཕན་ཚུན་འགྲོ་འོང་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ཁྲིམས་འཛིན་མི་སྣ་ལྐོག་ནས་དོ་བདག་པ་དང་ཁྲིམས་རྩོད་པ་དང་ཐུག་འབྲེལ་བྱེད་པ་དང་།གསང་བ་ཤོར་བའམ་དེ་ལ་གྱོད་གཞིའི་གནས་ཚུལ་རྩད་འདྲི་བྱེད་པ།ཡང་ན་དེས་མགྲོན་བསུ་དང་ལེན་དང་རྒྱུ་ནོར་ལེན་པ།ཁྲིམས་རྩོད་པར་ཚབ་སྒྲུབ་ངོ་སྤྲོད་དང་བྱེད་སྒོ་དག་འབུད་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་གཏན་འགོག་དང་།ཁྲིམས་འཛིན་གྱི་བར་ཁེ་པ་བྱེད་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཉེས་ཆད་བཅད་དེ།ཁེ་ཕན་སྐྱེལ་བ་བཀག་འགོག་བྱ་དགོས།

    ཁྲིམས་འགལ་སྒྲིག་འགལ་བྱས་པའི་དབང་གིས་གཞུང་གི་ལས་འགན་ནས་ཕུད་པའི་ཁྲིམས་འཛིན་མི་སྣ་དང་ལས་གཉེར་དཔང་ཡིག་མེད་པར་བཟོས་པའི་ཁྲིམས་རྩོད་པ་དང་གཞུང་དཔང་པར་ཚེ་གང་བོར་བཅའ་ཁྲིམས་ཀྱི་ལས་ཀ་གཏན་ནས་གཉེར་དུ་མཇུག་མི་རུང་བ་དང་།ཉེས་བཟོས་པ་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་དགོས།

    མི་མངོན་པའི་སྒྲིག་སྲོལ་སྣ་ཚོགས་མཐའ་གཅིག་ཏུ་གཏོར་ཏེ།བཅའ་ཁྲིམས་ཀྱི་ཕན་ཆད་ནས་དམིགས་བསལ་ཡེ་ནས་གཏོང་མི་རུང་བ་དང་།འབྲེལ་བ་ཡོད་པའི་གྱོད་དོན་དང་ངོ་སོར་ལྟ་བའི་གྱོད་དོན།རྒྱུ་དངུལ་དང་འབྲེལ་བའི་གྱོད་དོན་བཅས་གཏན་ནས་བསྒྲུབ་མི་རུང་།ཁྱད་དབང་བསམ་བློ་དང་།ཡ་མོན་གྱི་སྤྱོད་ཚུལ། བཙན་ལུགས་ཀྱི་སྤྱོད་ཚུལ་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་ཁྱད་གསོད་བྱ་དགོས་པ་དང་།རྩུབ་སྤྱོད་ཀྱིས་ཁྲིམས་བསྟར་བ་དང་གདུག་རྩུབ་ཀྱིས་ཁྲིམས་བསྟར་བའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་ཉེས་ཆད་གཅོད་དགོས་པ་དང་།ཁྲིམས་འཛིན་ཁྱབ་ཁོངས་ཀྱི་རུལ་སུངས་ལ་གུ་ཡངས་སྤུ་ཙམ་ཡང་མི་བྱེད་པར་གནོད་འཚེ་གཏོང་བའི་གཏེ་བོ་མཐའ་གཅིག་ཏུ་གཙང་ཕུད་བྱ་དགོས།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག