མདུན་ཤོག- གསར་འགྱུར།- སྒོས་སུ་དོ་སྣང་།

ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན།

    2014-11-21 09:06

    གཉིས་པ།རྩ་ཁྲིམས་སྲོག་ཤིང་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་།རྩ་ཁྲིམས་ལག་ཏུ་བསྟར་བར་ཤུགས་བསྣན་དགོས།

    བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་།བཅའ་ཁྲིམས་བཟང་པོ་ཞིག་ནི་བདག་སྐྱོང་བཟང་པོ་འཐོབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་ན།ངེས་པར་སྔོན་ལ་བཅའ་ཁྲིམས་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ་བཅའ་ཁྲིམས་འཛུགས་པའི་སྣེ་ཁྲིད་དང་སྐུལ་སྤེལ་ནུས་པ་འདོན་སྤེལ་བྱེད་པ་དང་།བཅའ་ཁྲིམས་འཛུགས་པའི་སྤུས་ཀ་མཐོར་འདེགས་སུ་གཏོང་བའི་གནད་འགག་འདི་དམ་པོར་འཛིན་དགོས། དམངས་ནི་གཞི་རྩ་ཡིན་པ་དང་བཅའ་ཁྲིམས་འཛུགས་པ་དམངས་ཀྱི་ཆེད་ཡིན་པའི་འདུ་ཤེས་དམ་སྲུང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་ལག་ཏུ་བསྟར་ཏེ།བཙུགས་པའི་བཅའ་ཁྲིམས་རེ་རེ་རྩ་ཁྲིམས་ཀྱི་དགོངས་དོན་དང་མཐུན་ལ།མི་དམངས་ཀྱི་འདོད་བློ་མཚོན་པ།མི་དམངས་ཀྱིས་གོང་བཀུར་ཐོབ་པ་བཅས་བྱ་དགོས།དྲང་གཞག་དང་དྲང་སྙོམས།ཡོངས་བསྒྲགས་བཅས་ཀྱི་རྩ་དོན་དེ་བཅའ་ཁྲིམས་འཛུགས་པའི་གོ་རིམ་ཧྲིལ་བོར་ལག་ཏུ་བསྟར་པ་དང་།བཅའ་ཁྲིམས་འཛུགས་པའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ།འཛུགས་པ་དང་བཟོ་བཅོས།བེད་མེད་དུ་གཏོང་བ།འགྲེལ་བཤད་བཅས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དུས་ཐོག་རང་བཞིན་དང་བརྒྱུད་རིམ་ལྡན་པའི་རང་བཞིན།དམིགས་ས་ཡོད་པའི་རང་བཞིན།ཕན་ནུས་ལྡན་པའི་རང་བཞིན་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།

    (གཅིག)རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།རྩ་ཁྲིམས་ནི་ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་ཀྱིས་མཚོན་ཡོད་པ་དང་།ཚན་རིག་དང་དམངས་གཙོའི་གོ་རིམ་བརྒྱུད་དེ་ཆགས་པའི་རྩ་བའི་བཅའ་ཁྲིམས་ཤིག་ཡིན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་།ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱ་དགོས།རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས་ཡོད་ཚད། སྲིད་ཏང་སོ་སོ་དང་སྤྱི་ཚོགས་ཚོགས་པ་སོ་སོ།ཁེ་དོན་ལས་རྩ་འཛུགས་སོ་སོ་ཚང་མས་ངེས་པར་རྩ་ཁྲིམས་གཞི་རྩར་བརྩི་བའི་འགུལ་སྐྱོད་ཚད་གཞི་འཛིན་དགོས་པར་མ་ཟད།རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་དང་རྩ་ཁྲིམས་ལག་ཏུ་བསྟར་བར་ཁག་ཐེག་བྱེད་པའི་འགན་འཁྲི་ཁུར་ཡོད། རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཚང་མར་རྩད་གཅོད་དང་ཡོ་བསྲང་བྱ་དགོས།

    རྒྱལ་ཡོངས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།རྩ་ཁྲིམས་འགྲེལ་བཤད་རྒྱག་པའི་གོ་རིམ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།སྙན་སེང་ཐོ་འགོད་དང་ཞིབ་བཤེར་བྱེད་པའི་ལམ་ལུགས་དང་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས།ཚད་ལྡན་ཅན་གྱི་ཡིག་ཆ་ཚང་མ་སྙན་སེང་ཐོ་འགོད་དང་ཞིབ་བཤེར་བྱེད་པའི་ཁྱབ་ཁོངས་སུ་འགོད་དགོས།ཁྲིམས་ལྟར་རྩ་ཁྲིམས་དང་འགལ་བའི་ཚད་ལྡན་ཅན་གྱི་ཡིག་ཆ་ཕྱིར་འཐེན་དང་ཡོ་བསྲང་བྱེད་པ་དང་།ས་གནས་ཀྱིས་ཁྲིམས་འཛུགས་ངོ་བོ་ལྡན་པའི་ཡིག་ཆ་སྤེལ་བར་གཏན་འགོག་བྱ་དགོས།

    ལོ་རེའི་ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་གཏན་འཁེལ་བྱ་རྒྱུ་ཡིན་པས། སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ཀྱི་སློབ་གསོ་སྤེལ་བ་དང་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་དགོས།རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་ལམ་ལུགས་བཙུགས་ཏེ།དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འདེམ་བསྐོ་དང་ཡང་ན་ཐག་བཅད་ནས་བསྐོ་བཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་དངོས་སུ་ལས་འགན་ཁུར་སྐབས་རྩ་ཁྲིམས་ཀྱི་མདུན་ནས་ཡོངས་བསྒྲགས་ཀྱིས་དམ་བཅའ་འཇོག་དགོས།

    (གཉིས)ཁྲིམས་འཛུགས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ།ཏང་གིས་ཁྲིམས་འཛུགས་བྱ་བར་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་།ཏང་གིས་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་གནད་དོན་ཆེན་པོར་ཇུས་ཐག་གཅོད་པའི་གོ་རིམ་འཐུས་ཚང་དུ་གཏོང་དགོས། ཁྲིམས་འཛུགས་པ་དེ་སྒྲིག་སྲོལ་གལ་ཆེན་དང་སྲིད་ཇུས་གལ་ཆེན་ལེགས་སྒྲིག་བྱེད་པ་དང་འབྲེལ་བ་ཡོད་ཚེ།ངེས་པར་ཏང་ཀྲུང་དབྱང་ལ་ཡར་ཞུ་བྱས་ནས་གྲོས་བསྡུར་ཐག་གཅོད་བྱ་དགོས།ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་དམངས་ཆེན་ལ་རྩ་ཁྲིམས་བཟོ་བཅོས་བྱེད་པའི་གྲོས་གཞི་འདོན་པ་དང་།རྩ་ཁྲིམས་ནང་གཏན་ལ་ཕབ་པའི་གོ་རིམ་ལྟར་རྩ་ཁྲིམས་བཟོ་བཅོས་བྱ་རྒྱུ། བཅའ་ཁྲིམས་གཏན་འཁེལ་དང་བཟོ་བཅོས་བྱེད་པའི་གནད་དོན་ཆེན་པོ་དག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་ལ་ཡར་ཞུ་འབུལ་དགོས།

    ཁྲིམས་འཛུགས་དབང་ཆ་ཡོད་པའི་དམངས་ཆེན་གྱི་གཙོ་ཁྲིད་ཁྲིམས་འཛུགས་བྱ་བའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་བཏང་ནས།དམངས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས།རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དམིགས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་ཞུགས་པའི་ཟིན་འགོད་ཕྱོགས་བསྡུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན།རྨང་་་་་གཞིའི་རང་བཞིན་སོགས་ཀྱི་བཅའ་ཁྲིམས་འཆར་ཟིན་ལམ་ལུགས་གལ་ཆེན་གསར་དུ་འཛུགས་དགོས།ཁྲིམས་སྐྱོང་ལག་ལེན་ཉམས་མྱོང་ལྡན་པའི་ཆེད་འགན་རྒྱུན་ཨུའི་བསྡུར་ཚད་ཇེ་མང་དུ་གཏོང་དགོས།ཁྲིམས་ལྟར་ཆེད་དམིགས་ཨུ་ཡོན་ལྷན་ཁང་དང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ཆེད་མཁས་པའི་བློ་འདྲི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།

    སྲིད་གཞུང་གི་ཁྲིམས་འཛུགས་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱས་ནས་སྲིད་འཛིན་ཁྲིམས་སྲོལ་དང་སྒྲིག་སྲོལ་གཏན་འབེབས་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ་དང་།སྤྱི་དམངས་ཞུགས་པའི་སྲིད་གཞུང་གི་ཁྲིམས་འཛུགས་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།སྲིད་འཛིན་དོ་དམ་གལ་ཆེན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲིད་གཞུང་གི་ཁྲིམས་ལུགས་ལས་ཁུངས་ཀྱིས་རྩ་འཛུགས་བྱས་ནས་མ་ཟིན་འགོད་དགོས།

    ཁྲིམས་འཛུགས་དབང་མཚམས་གསལ་བོ་བྱས་ནས།སྒྲིག་སྲོལ་དང་ནང་རྐྱེན།བྱ་བའི་བརྒྱུད་རིམ་སྟེང་སྡེ་ཁག་གི་ཁེ་ཕན་དང་ས་གནས་སྲུང་སྐྱོང་རིང་ལུགས་ཀྱི་བཅའ་ཁྲིམས་ཅན་ཕན་ནུས་ལྡན་པར་འགོག་དགོས།སྡེ་ཁག་བར་དུ་རྩོད་གླེང་ཅུང་ཆེ་བའི་ཁྲིམས་འཛུཊ་དོན་ཚན་གལ་ཆེན་དག་ཇུས་ཆོད་ལས་ཁུངས་ཀྱིས་ཕྱོགས་གསུམ་པའི་དཔྱད་དཔག་ནང་འགོད་པ་དང་། ཕྱོགས་སོ་སོའི་བསམ་འཆར་ལ་གང་ལེགས་ཀྱིས་མཉན་ནས།མཐུན་སྦྱོར་ཐག་གཅོད་དང་འགོར་འགྱངས་བྱས་ནས་ཐག་མ་བཅད་ན་མི་ཆོག བཅའ་ཁྲིམས་ཀྱི་འགྲེལ་བཤད་བྱ་བར་ཤུགས་བསྣན་ནས། དུས་ཐོག་ཏུ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ནང་དོན་དང་འོས་སྤྱོད་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གསལ་བོ་བྱ་དགོས།ས་གནས་ཀྱི་ཁྲིམས་འཛུགས་དབང་ཚད་དང་ཁྱབ་ཁོངས་གསལ་བོ་བྱས་ནས།ཁྲིམས་ལྟར་ཆུས་འཛུགས་པའི་གྲོང་ཁྱེར་ལ་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་གནང་དགོས།

    (གསུམ)ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་དམངས་གཙོ་ཁྲིམས་འཛུགས་གཏིང་ཟབ་ཏུ་སྤེལ་དགོས།དམངས་ཆེན་གྱི་ཁྲིམས་འཛུགས་བྱ་བའི་རྩ་འཛུགས་མཐུན་སྦྱོར་ལ་ཤུགས་བསྣན་ནས།ཁྲིམས་འཛུགས་ཟིན་འགོད་དང་རིགས་སྒྲུབ།མཐུན་སྦྱོར།གྲོས་ཞིབ་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།འོག་རིམ་གྱི་དམངས་ཆེན་ལ་ཁྲིམས་འཛུགས་བསམ་འཆར་འདྲི་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ།གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་ལམ་ལུགས་བཙུགས་ཏེ།ཁྲིམས་འཛུགས་ཞིབ་ཚགས་ཅན་དུ་གཏོང་དགོས།བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲིག་ལམ་གྱི་མ་ཟིན་འགོད་པར་དམངས་ཆེན་གྱི་འཐུས་མིའི་བསམ་འཆར་སྡུད་ལེན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས།དམངས་ཆེན་གྱི་འཐུས་མི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ལ་ཞུགས་པའི་མི་གྲངས་ཇེ་མང་དུ་གཏོང་བ་དང་།དམངས་ཆེན་གྱི་འཐུས་མི་བཅའ་ཁྲིམས་ཟིན་འགོད་དང་བཟོ་བཅོས་ནང་ཞུགས་པའི་ནུས་པ་དེ་ལས་མང་བར་འདོན་དགོས།ཁྲིམས་འཛུགས་རྣམ་གྲངས་སྡུད་ལེན་དང་དཔང་སྒྲུབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ཁྲིམས་འཛུགས་ལས་ཁུངས་ཀྱི་གཙོ་ཁྲིད་དང་སྤྱི་ཚོགས་ཕྱོགས་སོ་སོ་གོ་རིམ་ལྡན་པར་ཁྲིམས་འཛུགས་ནང་ཞུགས་པའི་ཐབས་ལམ་དང་བྱེད་སྟངས་འཐུས་ཚང་དུ་གཏོང་དགོས། ཕྱོགས་གསུམ་པར་བཅོལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་པར་འཚོལ་ཞིབ་བྱ་དགོས།

    ཁྲིམས་འཛུགས་ལས་ཁུངས་དང་སྤྱི་ཚོགས་སྤྱི་དམངས་ཀྱི་འབྲེལ་འཛུགས་ནང་རྐྱེན་འཐུས་ཚང་དུ་བཏང་ནས།ཁྲིམས་འཛུགས་གྲོས་མོལ་སྤེལ་བ་དང་།སྲིད་གྲོས་ཨུ་ཡོན་དང་དམངས་གཙོ་ཏང་ཁག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།ཏང་ཁག་གང་ལའང་མི་གཏོཊ་པའི་མི་སྣ།མི་དམངས་ཚོགས་པ།སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ཁྲིམས་འཛུགས་གྲོས་མོལ་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ།ཆེད་མཁས་པ་དང་མཁས་པ་རྣམས་ཀྱིས་ཁྲིམས་འཛུགས་པའི་ཁྲོད་དུ་འབྲེལ་བའི་གལ་ཆེའི་ཁེ་ཕན་སྙོམས་སྒྲིག་དང་རིགས་སྒྲུབ་བློ་འདྲི་ནང་རྐྱེན་འཛུགས་པར་འཚོལ་ཞིབ་བྱ་དགོས།སྤྱི་དམངས་གོ་རིམ་ལྡན་པར་ཁྲིམས་འཛུགས་ནང་ཞུགས་པའི་ལམ་བུ་རྒྱ་བསྐྱེད་ནས།བཅའ་ཁྲིམས་དང་ཁྲིམས་སྲོལ།སྒྲིག་ལམ་གྱི་མ་ཟིན་འགོད་པར་སྤྱིར་གསལ་སྒོས་བསམ་འཆར་སྡུད་ལེན་བྱེད་པ་དང་། སྤྱི་དམངས་ཀྱི་བསམ་འཆར་སྡུད་ལེན་བྱེད་པའི་གནས་ཚུལ་ཞུ་འབུལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།སྤྱི་ཚོགས་ཐུན་མོང་གི་ངོས་ཟིན་རྒྱ་ཁྱབ་ངང་གཅིག་སྡུད་བྱ་དགོས།

    བཅའ་ཁྲིམས་ཀྱི་མ་ཟིན་འགོད་པར་བརྡས་ཐག་གཅོད་པའི་བརྒྱུད་རིམ་འཐུས་ཚང་དུ་བཏང་ནས།དོན་ཚན་གལ་ཆེན་ལ་ཁེར་རྐྱང་དུ་བརྡས་ཐག་གཅོད་ཆོག

    (བཞི)གནད་སའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་བསྣན་དགོས།ཁྲིམས་ལྟར་སྤྱི་དམངས་ཀྱི་ཁེ་དབང་་་་་་་འགན་སྲུང་བྱས་ནས། དབང་ཆ་འདྲ་མཉམ་དང་གོ་སྐབས་འདྲ་མཉམ།སྒྲིག་སྲོལ་འདྲ་མཉམ་ཡིན་པ་མཚོན་པའི་བཅའ་ཁྲིམས་ལམ་ལུགས་མྱུར་དུ་འཐུས་ཚང་དུ་བཏང་ནས། སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་རྒྱུ་ནོར་དབང་ཆ།རྩ་བའི་ཆབ་སྲིད་ཁེ་དབང་སོགས་ཁེ་དབང་སྣ་ཚོགས་ལ་གནོད་འཚེ་མི་ཐེབས་པར་འགན་སྲུང་བྱེད་པ་དང་། སྤྱི་དམངས་ཀྱི་དཔལ་འབྱོར་དང་རིག་གནས།སྤྱི་ཚོགས་སོགས་ཕྱོགས་གང་ཅི་ཐད་ཀྱི་ཁེ་དབང་དངོས་འབེབས་བྱེད་ཐུབ་པ་འགན་སྲུང་བྱ་དགོས་ཤིང་།སྤྱི་་་་་་དམངས་ཀྱི་ཁེ་དབང་འགན་སྲུང་ཁྲིམས་སྐྱོང་ཅན་མངོན་དུ་བསྒྱུར་དགོས།སྤྱི་ཚོགས་ཡོངས་ཀྱིས་བརྩི་བཀུར་བྱེད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་འགན་སྲུང་བྱེད་པ་ཇེ་དྲག་ཏུ་བཏང་སྟེ་སྤྱི་དམངས་ཀྱི་ཁེ་དབང་རྒུད་སྐྱོབ་ཐབས་ལམ་དང་བྱེད་སྟངས་འཐུས་ཚང་དུ་གཏོང་དགོས།

    སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དེ་ངོ་བོའི་སྟེང་ནས་བཤད་ན་ཁྲིམས་སྐྱོང་གི་དཔལ་འབྱོར་ཡིན། ཚོང་ར་ལ་ཐོན་ཁུངས་སྡེབ་སྒྲིག་གི་ཐག་གཅོད་ནུས་པ་དང་སྲིད་གཞུང་གི་ནུས་པ་ལྷག་པར་འདོན་དུ་བཅུག་ནས།ངེས་པར་ཐོན་་་་་་དབང་སྲུང་སྐྱོང་དང་ཆིངས་རྒྱ་སྲུང་སྐྱོང་།ཚོང་ར་གཅིག་གྱུར།འདྲ་མཉམ་བརྗེ་རེས།དྲང་གཞག་འགྲན་རྩོད།ལྟ་སྐུལ་དོ་དམ་ནུས་ལྡན་བྱེད་པ་བཅས་རྩ་བའི་ཕྱོགས་སྟོན་དུ་བཟུང་ནས།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྤྱི་སྙོམས་དེ་སྲོག་ཤིང་རྩ་དོན་ཡིན་པའི་ཐོན་དབང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས།དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་རང་བྱུང་མིའི་རྒྱུ་ནོར་དབང་ཆར་སྲུང་སྐྱོང་བྱེད་པར་ཤུགས་བསྣན་དགོས་པ་དང་། སྤྱི་སྙོམས་དང་འགལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ།དོན་ཚན་གཙང་བཤེར་བྱ་དགོས།སྤྱི་དབང་ལམ་ལུགས་ཀྱི་སྣ་མང་མངོན་འགྱུར་བྱེད་སྟངས་ལ་འཚམ་པའི་ཐོན་དབང་སྲུང་སྐྱོང་ལམ་ལུགས་གསར་འཛུགས་བྱས་ཏེ།རྒྱལ་དབང་དང་ཐུན་མོང་རྒྱུ་ནོར་གྱི་མངའ་བའི་དབང་ཆ་དང་བདག་གཉེར་དབང་ཆ།ཁེ་ལས་ཁྲིམས་མི་སྣ་ཚོགས་ཀྱི་རྒྱུ་ནོར་དབང་ཆའི་སྲུང་སྐྱོང་ལ་ཤུགས་བསྣན་དགོས།རྒྱལ་ཁབ་ཀྱིས་ཁེ་ལས་ཀྱི་ཁྲིམས་མིའི་རྒྱུ་ནོར་དབང་ཆ་བཟུང་སྟེ་ཁྲིམས་ལྟར་རང་བདག་གཉེར་ཚོང་དང་རང་ཕམ་ཁེ་གྱོང་ལ་སྲུང་སྐྱོང་བྱ་དགོས་ཤིང་།ཁེ་ལས་ལ་རྩ་འཛུགས་དང་མི་སྒེར་གང་རུང་གིས་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་བླང་བྱ་ཁས་ལེན་མི་བྱེད་པའི་དབང་ཆ་ཡོད།ཁེ་ལས་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཁྲིམས་འཛུགས་ལ་ཤུགས་བསྣན་དགོས།གསར་སྐྲུན་ལ་སྐུལ་ལྕུག་བྱེད་པའི་ཐོན་དབང་ལམ་ལུགས་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལམ་ལུགས།ཚན་རྩལ་གྲུབ་འབྲས་བསྒྱུར་བར་ཡར་སྐུལ་བྱེད་པའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཚོང་རའི་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས།དམངས་ཁྲིམས་ཚིག་མཛོད་བསྒྲིགས་པ་དང་།འཕེལ་རྒྱས་འཆར་འགོད་དང་དངུལ་གཏོང་དོ་དམ།ས་ཞིང་དོ་དམ།ནུས་ཁུངས་དང་གཏེར་རྫས་ཐོན་ཁུངས།ཞིང་ལས།ནོར་སྲིད་ཁྲལ་སྡུད།དངུལ་རྩ་ལ་སོགས་པའི་ཕྱོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་དང་འཐུས་ཚང་དུ་བཏང་ནས།ཚོང་རྫས་དང་རྒྱུ་རྫས་རང་དབང་འཁོར་རྒྱུག་དང་འདྲ་མཉམ་བརྗེ་རེས།འདྲ་མཉམ་བཀོལ་སྤྱོད་བྱེད་པར་སྐུལ་མ་གཏོང་དགོས།ཁྲིམས་ལྟར་ཆེ་མཐོང་ཚོད་འཛིན་དང་ཚོང་ར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བཏང་ནས།སྒེར་སྡེམ་ལ་ངོ་རྒོལ་དང་ལུགས་མཐུན་གྱིས་འགྲན་རྩོད་བྱེད་པར་སྐུལ་མ་གཏོང་བ་དང་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས།དམག་དམངས་མཉམ་བསྲེས་གཏིང་ཟབ་ཏུ་གཏོང་བའི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་བསྣན་དགོས།

    ལམ་ལུགས་ཅན་དང་ཚད་ལྡན་ཅན།བརྒྱུད་རིམ་ཅན་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་རྩ་བའི་འགན་སྲུང་ཡིན།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་་་་་འགན་སྲུང་བྱ་རྒྱུ་སྙིང་བོར་བཟུང་ནས།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་ཤིང་།ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། དེ་མིན་གཞི་རིམ་མང་ཚོགས་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།སྤྱི་ཚོགས་རིང་ལུགས་ཀྱི་་་་་་་དམངས་གཙོ་ཆབ་སྲིད་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།སྤྱི་ཚོགས་རིང་ལུགས་ཀྱི་སྲིད་གྲོས་དམངས་གཙོ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས།གྲོས་མོལ་དམངས་གཙོ་ཁྱབ་ཡངས་རིམ་མང་ལམ་ལུགས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་པ་དང་།བརྒྱུད་རིམ་འོས་འཚམ་ཡིན་པ་དང་ལྷུ་ཚིགས་ཆ་ཚང་ཡིན་པའི་སྲིད་གྲོས་དམངས་གཙོ་མ་ལག་འཛུགས་དགོས།གཞི་རིམ་གྱི་དམངས་གཙོ་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་ནས།ཁྲིམས་ལྟར་གཞི་རིམ་གྱི་དམངས་གཙོ་དང་ལས་རིགས་རང་གཅུན་ལ་སྐུལ་འདེད་བྱས་ནས།རང་ཉིད་དོ་དམ་དང་རང་ཉིད་ཞབས་ཞུ།རང་ཉིད་སློབ་གསོ།རང་ཉིད་ལྟ་སྐུལ་ལག་བསྟར་བྱ་དགོས།རྒྱལ་ཁབ་ལས་ཁུངས་ཀྱི་རྩ་འཛུགས་བཅའ་ཁྲིམས་འཐུས་ཚང་དུ་གཏོང་བ་དང་།འདེམ་བསྐོ་ལམ་ལུགས་དང་བྱ་བའི་ནང་རྐྱེནའཐུས་ཚང་དུ་གཏོང་དགོས།རུལ་སུངས་ལ་རྒོལ་བའི་རྒྱལ་ཁབ་ཁྲིམས་འཛུགས་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱས་ནས།རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས།རུལ་སུངས་བྱེད་མི་ཕོད་པ་དང་།རུལ་སུངས་བྱེད་མི་རུང་བ།རུལ་སུངས་བྱེད་མི་འདོད་པའི་གོ་ཆོད་ནང་རྐྱེན་ཆགས་སུ་དགོས་པ་དང་།བློ་ཐག་རྦད་ཆོད་ཀྱིས་རུལ་སུངས་སྣང་ཚུལ་བཀག་འགོག་དང་སྔོན་འགོག་བྱ་དགོས།ཧམ་ཟ་ལྐོག་ལེན་ཉེས་ཅན་ལ་ཁྲིམས་ཆད་གཅོད་པའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་ནས།ལྐོག་རྔན་ཉེས་བསགས་བྱ་ཡུལ་དེ་རྒྱུ་ནོར་དང་གཞན་པའི་རྒྱུ་རྫས་རང་བཞིན་གྱི་ཁེ་ཕན་ལ་རྒྱ་བསྐྱེད་དགོས།

    སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་རིག་གནས་ཀྱི་འཕེལ་རྒྱས་ཆོས་ཉིད་བརྩི་སྲུང་བྱེད་པ།རིག་གནས་གསར་སྐྲུན་གྱི་་་་་་སྟོབས་ཤུགས་སྤེལ་བར་ཕན་པ།མི་དམངས་ཀྱི་རྩ་བའི་རིག་་་་་གནས་ཁེ་དབང་འགན་སྲུང་བྱེད་པའི་རིག་གནས་བཅའ་ཁྲིམས་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་བཅའ་ཁྲིམས་བཟོས་ནས།གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་འདྲ་མཉམ་ཅན་དུ་འགྱུར་བར་སྐུལ་མ་གཏོང་དགོས།རིག་གནས་ཐོན་ལས་ལ་སྐུལ་འདེད་བྱེད་པའི་བཅའ་ཁྲིམས་བཟོས་ནས།ལག་བསྟར་ཕན་ནུས་ལྡན་པའི་རིག་གནས་དཔལ་འབྱོར་སྲིད་ཇུས་ཁྲིམས་བཀོད་ཅན་དུ་གཏོང་བ་དང་།སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་བར་སྐུལ་འདེད་བྱེད་པའི་ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་གཏོང་དགོས།རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་བཅའ་ཁྲིམས་བཟོས་ནས། བྱས་རྗེས་འབུར་ཐོན་བཞག་ཡོད་པའི་ཕུལ་བྱུང་མི་སྣ་ལ་གཟེངས་བསྟོད་བྱ་དགོས། དྲ་སྦྲེལ་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་བསྣན་ནས།དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་དང་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་།དྲ་རྒྱའི་སྤྱི་ཚོགས་དོ་དམ་ལ་སོགས་པའི་ཕྱོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཁྲིམས་ལྟར་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་ཡོང་བར་བྱ་དགོས།

    མགྱོགས་མྱུར་སྒོས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ནས།སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་གསར་སྐྲུན་དང་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།ཁྲིམས་ལྟར་སྤྱི་པའི་ཞབས་ཞུ་ལ་ཤུགས་སྣོན་དང་ཚད་ལྡན་ཡོང་བར་བྱས་ཏེ།སློབ་གསོ་དང་ལས་ཞུགས།ཡོང་སྒོ་བགོ་བཤའ།སྤྱི་ཚོགས་འགན་སྲུང་།སྨན་བཅོས་འཕྲོད་བསྟེན།ཟས་རིགས་བདེ་འཇགས། དབུལ་སྐྱོར། དགེ་རྩ།སྤྱི་ཚོགས་སྐྱོབ་རོགས། བུད་མེད་དང་བྱིས་པ། ལོ་ལོན་རྒན་པ།དབང་བོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་ལ་སོགས་པའི་ཕྱོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས།སྤྱི་ཚོགས་རྩ་འཛུགས་ཀྱི་ཁྲིམས་འཛུགས་ལ་ཤུགས་བསྣན་ནས།སྤྱི་ཚོགས་རྩ་འཛུགས་སྣ་ཚོགས་སྐྱོན་བྲལ་ངང་འཕེལ་བར་ཚད་ལྡན་དང་ཁྲིད་སྟོན་བྱ་དགོས་པ་དང་།སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས་གཏན་ལ་འབེབས་དགོས།

    སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ཏེ།རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་སྐྱོང་་་་་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་།འཇིགས་སྐུལ་ལ་རྒོལ་བ་སོགས་མྱུར་མཁོའི་བཅའ་ཁྲིམས་སྐོར་ཞིག་འདོན་པ་དམ་འཛིན་བྱས་ནས།སྤྱི་པའི་བདེ་འཇགས་བཅའ་ཁྲིམས་ཅན་ལ་སྐུལ་འདེད་དང་།རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ལམ་ལུགས་ཀྱི་མ་ལག་འཛུགས་དགོས།

    བཅའ་ཁྲིམས་དང་ལམ་ལུགས་ནན་མོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་།གསར་སྤེལ་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ནུས་ལྡན་པ་དང་།ལྗང་མདོག་འཕེལ་རྒྱས་དང་འཁོར་རྒྱུག་འཕེལ་རྒྱས།ཐཱན་ཉུང་འཕེལ་རྒྱས་བཅས་ལ་ཡར་སྐུལ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་བཅའ་ཁྲིམས་ལམ་ལུགས་མགྱོགས་མྱུར་ངང་འཛུགས་པ་དང་།ཐོན་སྐྱེད་མཁན་གྱི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་འགན་འཁྲི་ཇེ་དྲག་ཏུ་བཏང་ནས།ཁྲིམས་འགལ་མ་གནས་ཆེས་ཆེར་ཇེ་མཐོར་གཏོང་དགོས། རང་བྱུང་ཐོན་ཁུངས་ཀྱི་ཐོན་དབང་བཅའ་ཁྲིམས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།རྒྱལ་ཁབ་ས་ཁོངས་ཀྱི་བར་གསེང་གསར་སྤེལ་བྱེད་པའི་ཕྱོགས་ཀྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།སྐྱེ་ཁམས་ཁ་གསབ་དང་ས་གཤིས།ཆུ།རླུང་ཁམས་ཆེན་མོའི་སྦག་བཙོག་འགོག་བཅོས།རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་བ་ཞིག་བཟོས་ནས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཡར་སྐུལ་བྱ་དགོས།

    ཁྲིམས་འཛུགས་དང་བཅོས་བསྒྱུར་སྲིད་ཇུས་ཕན་ཚུན་སྦྲེལ་བ་མངོན་འགྱུར་བྱས་ནས།བཅོས་བསྒྱུར་ཆེན་པོར་བཅའ་ཁྲིམས་གཞིར་འཛིན་ས་ཡོད་པ་དང་།ཁྲིམས་འཛུགས་པ་རང་འགུལ་གྱིས་བཅོས་བསྒྱུར་དང་།དཔལ་འབྱོར་དང་སྤྱི་ཚོགས་བཅས་འཕེལ་རྒྱས་ཀྱི་དགོས་མཁོར་མཐུན་པར་བྱ་དགོས།ལག་ལེན་ལས་ར་སྤྲོད་བྱུང་བའི་སྤྱོད་གོ་ཆོད་པ་དག་དུས་ཐོག་ཏུ་བཅའ་ཁྲིམས་ནང་འཇོག་དགོས།ལག་ལེན་དུ་བཀོལ་བར་ཆ་རྐྱེན་མི་འཛོམས་པར་སྔོན་ལ་ཚོད་ལྟ་བྱ་དགོས་པ་དང་།བཅའ་ཁྲིམས་ཀྱི་གོ་རིམ་ལྟར་དབང་གནང་དགོས།བཅོས་བསྒྱུར་གྱི་དགོས་མཁོར་མི་མཐུན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དག་དུས་ཐོག་ཏུ་བཟོ་བཅོས་བྱེད་པ་དང་མེད་པར་གཏོང་དགོས།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག