ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གྲོས་ཚོགས་ཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གྲོས་ཚོགས་ཚེས་བཞི་ཉིན་ཅང་སུའུ་ཞིང་ཆེན་གྱི་སུའུ་ཀྲིག་གྲོང་ཁྱེར་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དུ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་གྲོས་ཚོགས་ཚོགས་པར་རྟེན་འབྲེལ་ཞུས་པ་དང་། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགྲོན་པོ་རྣམས་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་བྱས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོ་འབྲེལ་འདྲིས་དམ་པོ་བྱས་ཡོད་པ་དང་ཉོ་ཚོང་དང་མི་སྣའི་འགྲོ་འོང་སྔར་ལས་ཇེ་མང་དུ་བཏང་ཞིང་ཁྲིམས་འཛིན་མཉམ་ལས་ཀྱི་དགོས་མཁོ་སྔར་ལས་ཇེ་དྲག་ཏུ་བཏང་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་སོ་སོས་ཐེངས་འདིའི་གྲོས་ཚོགས་གོ་སྐབས་སུ་བཟུང་སྟེ་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་ཀྱི་སྤྱི་ཁོག་ནང་དུ་ཚད་ལྡན་དང་གོ་རིམ་ལྡན་པའི་ཁྲིམས་སྐྱོང་ཁོར་ཡུག་གསར་སྐྲུན་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྟོབས་དང་ལྡན་པའི་ཁྲིམས་འཛིན་ཞབས་ཕྱི་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།