ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བདུན་པ་བར་སྣང་དུ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བདུན་པ་བར་སྣང་དུ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བདུན་པ་བར་སྣང་དུ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་ལས་འགན་ཁྲོད་དུ་ཞུགས་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཡོངས་དང་ལས་བྱེད་པ་དང་ལས་བཟོ་བ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་བརྩེ་བའི་འཚམས་འདྲི་གནང་།

རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གསར་བཟོ་དང་བུན་ཁྲང་མཁའ་སྐྱོད་འཕུར་གཏོང་ར་བ་གསར་འཛུགས་བྱས་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་མི་སྡོད་མཁའ་སྐྱོད་ལས་དོན་གོང་འཕེལ་དུ་གཏོང་བར་གཏན་ལ་ཕབ་པའི་ཐབ་ཇུས་གལ་ཆེན་ཞིག་ཡིན། རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བདུན་པ་བར་སྣང་དུ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་པ་དེ་ལས་རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་བར་སྟོང་ཚོད་ལྟ་ཁང་གི་འཕར་སྐྱོད་ལས་འགན་ཐོག་དང་པོར་ཡོངས་འགྲུབ་བྱས་པ་མཚོན་ཡོད་པ་དང་རང་རྒྱལ་བར་སྣང་དུ་སྐྱོད་པའི་ནུས་པ་སྔར་ལས་ཇེ་ཆེར་སོང་བ་མཚོན་ཡོད། ཁྱོད་ཚོས་མུ་མཐུད་དུ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། འབར་མདེལ་གཉིས་དང་འ྇ཁོར་སྐར་གཅིག་གི་སྙིང་སྟོབས་དང་མི་སྡོད་མཁའ་སྐྱོད་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཡང་འབད་བསྐྱར་འབད་དང་གསར་གཏོད་བརྩོན་ལེན་བྱས་ནས་མཁའ་སྐྱོད་ལས་དོན་ཐད་ནས་འོད་སྟོང་འབར་བའི་གྲུབ་འབྲས་ལེན་དགོས་པར་མ་ཟད། འ྇བྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།