ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙུང་ལི་ལིས་ཁི་ཆང་གིས་ཆོག་མཆན་བཀོད་པ་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«བདེ་ཐང་སྨན་བཅོས་ཀྱི་གཞི་གྲངས་ཆེན་མོ་བཀོལ་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར»དཔར་ནས་བཀྲམ་སྟེ། མཉམ་འབྲེལ་དྲ་རྒྱ་དང་བདེ་ཐང་སྨན་བཅོས་གཉིས་ཟུང་འབྲེལ་བྱེད་པའི་ཞབས་ཞུའི་རྣམ་པ་གསར་བ་འཚོལ་ཞིབ་བྱེད་པ་དང་། ལས་རིགས་གསར་བ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བར་གྲོས་འཆམ་བྱུང་བར་མ་ཟད། མི་དམངས་མང་ཚོགས་རྣམས་ཡིད་ཚིམས་པའི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་པ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་རྒྱབ་རྟེན་འདོན་སྤྲོད་བྱེད་པར་བཀོད་སྒྲིག་བྱས། །