རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྫོང་ཁོངས་ཀྱི་གྲོང་གསེབ་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ་རྫོང་ཁོངས་ཀྱི་གྲོང་གསེབ་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལྟར། གྲོང་གསེབ་སློབ་གསོའི་ཁྱད་པར་མྱུར་དུ་ཇེ་ཆུང་དུ་གཏོང་བ་དང་། སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་བཏང་ནས། རྫོང་ཁོངས་གྲོང་གསེབ་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་བསྟན་དོན། རྫོང་ཁོངས་གྲོང་གསེབ་འོས་འགན་སློབ་གསོ་སློབ་གྲྭའི་འཛུགས་སྐྲུན་ཚད་གཞི་གཅིག་གྱུར་བྱེད་པ་དང་སློབ་གསོའི་སྒྲིག་ལུགས་ཚད་གཞི་གཅིག་གྱུར་བྱེད་པ། སློབ་མའི་ཆ་སྙོམས་ཀྱི་སྤྱི་སྤྱོད་འགྲོ་གྲོན་ཚད་གཞི་གཅིག་གྱུར་བྱེད་པ། གཞི་རྩའི་སྒྲིག་ཆས་ཚད་གཞི་གཅིག་གྱུར་བྱེད་པ། མེད་པར་གཏོང་བ་གཉིས་དང་ཁ་གསབ་གཅིག་གི་སྲིད་ཇུས་གྲོང་གསེབ་ཡོངས་ལ་ཁེབས་པར་བྱེད་པ་མྱུར་དུ་ལག་བསྟར་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་བར་དུ་གྲོང་གསེབ་སློབ་གྲྭའི་བཀོད་སྒྲིག་སྔར་ལས་ལུགས་མཐུན་ཏུ་གཏོང་དགོས་ལ། ཞང་དང་སྡེ་བའི་དགེ་རྒན་གྱི་ཐོབ་ཐང་བརྟན་བརླིང་སྒོས་ཇེ་མཐོར་གཏོང་བ་དང་ལས་གནས་ནང་འདྲེན་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ནས། ཞང་དང་སྡེ་བའི་སློབ་གསོའི་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།