ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་སོགས་ལས་ཁུངས་ཀྱིས་དང་བླངས་མཁན་གྱི་ཞབས་ཕྱིའི་རྩ་འཛུགས་ལ་རྒྱབ་སྐྱོར་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་། དམངས་སྲིད་པུའུ། སློབ་གསོ་པུའུ། ནོར་སྲིད་པུའུ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་དང་བླངས་མཁན་གྱི་ཞབས་ཕྱིའི་རྩ་འཛུགས་ལ་རྒྱབ་སྐྱོར་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་བར་དུ་བཀོད་སྒྲིག་ལུགས་མཐུན་དང་དོ་དམ་ཚད་ལྡན། ཞབས་ཕྱི་འཐུས་ཚང་། གསོན་ཤུགས་ལྡན་པ་བཅས་ཀྱི་དང་བླངས་མཁན་གྱི་ཞབས་ཕྱིའི་རྩ་འཛུགས་མ་ལག་རིམ་བཞིན་ཆགས་དགོས་པ་གསལ་བོར་བཏོན།

བསམ་འཆར་ལས་བསྟན་དོན། ཏང་གི་འཛུགས་སྐྲུན་ལ་སྣེ་ཁྲིད་ཡང་དག་པ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བའི་སྤྱི་ཚོགས་ཞབས་ཕྱིའི་དགོས་མཁོ་སྐོང་བ་གཞི་འཛིན་ས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་འཛུགས་སྐྲུན་རྨང་གཞི་བྱེད་པ་དང་སྲིད་ཇུས་ལམ་ལུགས་འཛུགས་པ་དང་ཆ་ཚང་དུ་གཏོང་བ། སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བཅའ་ཁྲིམས་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ་གནད་ཆེ་སར་འཇོག་པ་དང་། ཧུར་ཐག་སྒོས་དང་བླངས་མཁན་གྱི་ཞབས་ཕྱིའི་རྩ་འཛུགས་ལ་རོགས་སྐྱོར་དང་འཕེལ་རྒྱས་སུ་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།