ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གི་མངག་བཅོལ་ལྟར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུང་ཁྲུན་ལན་གྱིས་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་པེ་ཅིན་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གའང་མི་གཏོགས་པའི་འཐུས་མི་བཅས་ལ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱབ་སྒྲོག་བྱས། གྲོས་ཚོགས་སུ་ཞུགས་པའི་བློ་མཐུན་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ཞེས་གཏན་ལ་ཕབ་པ་ལས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་མི་གཏོགས་པའི་མི་སྣ་བཅས་ཀྱི་ཐུན་མོང་གི་རེ་འདུན་མཚོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྣེ་ཁྲིད་བྱས་པའི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གིས་ཁྱོན་ཡོངས་ལ་བཀོད་འདོམས་བྱེད་པ་དང་། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ལ་བཅོས་སྐྱོང་ནན་མོ་བྱས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་པར་མ་ཟད། རླབས་ཆེན་འཐབ་རྩོད་དང་ལག་ལེན་གསར་བའི་ཁྲོད་ཀྲུང་གུང་ཀྲུང་དབྱང་གི་སྲོག་ཤིང་དུ་གྱུར་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་དུ་གྱུར་ཡོད་པས། བློ་བརྟན་འགྱུར་མེད་སྒོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་དང་འགན་འཁྲི་སྔར་ལས་ལག་བསྟར་བཟང་བོ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་དགོས་པར་སྙམ་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།