ཞིན་ཧྭ་གསར་འགྱུར་ཁང་གིས«ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བགྲོད་ལམ་གསར་བར་སྐྱོད་པ་སྟེ<གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ>དང<ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག>གི་བྱུང་ཚུལ་བཀོད་པ»ཞེས་པའི་གསར་འགྱུར་རྩོམ་ཡིག་རི

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞིན་ཧྭ་གསར་འགྱུར་ཁང་གིས་ཚེས་གསུམ་ཉིན«ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བགྲོད་ལམ་གསར་བར་སྐྱོད་པ་སྟེ<གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ>དང<ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག>གི་བྱུང་ཚུལ་བཀོད་པ»ཞེས་པའི་གསར་འགྱུར་རྩོམ་ཡིག་རིང་པོ་སྤེལ།

རྩོམ་ཡིག་ནང་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང«གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ»དང«ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག»ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་བརྒྱུད་རིམ་ཧྲིལ་པོ་བཀོད་ཡོད་པ་དང་། «ཚད་གཞི»དང«སྲོལ་ཡིག»གི་བརྗོད་གཞི་གཙོ་བོ་དང་ཁྱད་ཆོས་གསལ་བོ་རྒྱས་བཤད་ཆ་ཚང་བྱས་ཡོད་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་དོན་སྙིང་གསལ་སྟོན་ཟབ་མོ་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་གྱི་རྣམ་པ་གསར་བ་བཏོད་པ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཐད་ནས་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་གྲུབ་འབྲས་རབ་དང་རིམ་པ་བླངས་ནས། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྔ་འཛིན་ཕྱི་གཏོད་མངོན་འགྱུར་བྱས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཉམས་ལེན་འབད་སྒྲུབ་དང་རང་དཔེ་གཞན་སྟོན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པ་དང་། བསམ་བློའི་ཏང་འཛུགས་དང་ལམ་ལུགས་ཀྱི་ཏང་སྐྱོང་ཟུང་སྦྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཏང་སྲོལ་གཅིག་བསྡུས་ཀྱིས་བཅོས་སྒྲིག་དང་རུལ་སུངས་ལ་ཆད་པ་ནན་མོ་བཅད་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་གཙང་སྒྱུར་བྱས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྣང་ཚུལ་གསར་བ་མངོན་པར་བྱས་པས། ཏང་སེམས་དང་དམངས་སེམས་ཐོབ།

རླབས་ཆེ་བའི་བརྒྱུད་རིམ་འདིའི་ཁྲོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་གཙོ་འཛིན་ཡིན་པའི་ཆ་ནས་བླ་ན་མེད་པའི་ཆབ་སྲིད་ཀྱི་བློ་གྲོས་དང་། ཁྱད་དུ་འཕགས་པའི་མགོ་ཁྲིད་ཀྱི་ནུས་པ། མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་བཅས་མངོན་པར་བསྟན་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་ཁྲོད་དུ་སྙན་གྲགས་ཆེན་པོ་རྒྱས་ནས། ལྷག་བསམ་ཟོལ་མེད་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ཐོབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྲོག་ཤིང་གོ་གནས་གཏན་ཁེལ་གསལ་པོ་བྱས་པ་དེ་ནི་ལུགས་དང་མཐུན་ཞིང་མིང་དོན་མཚུངས་པ་ཞིག་ཡིན།

རྩོམ་ཡིག་ནང་དུ་བསྟན་དོན། «ཚད་གཞི»དང«སྲོལ་ཡིག»གི་མ་ཡིག་འབྲི་བའི་བྱ་བ་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐད་ཀར་གྱི་མགོ་ཁྲིད་འོག་ཏུ་སྤེལ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དངོས་སུ་ཡིག་ཆའི་མ་ཡིག་འབྲི་བའི་ཚན་ཁག་གི་ཚན་གཙོའི་འགན་ཁུར་པ་དང་། མགོ་འཛིན་མཛད་དེ་ཡིག་ཆའི་མ་ཡིག་འབྲི་བའི་ཚན་ཁག་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་ལ་བསྡུས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་ལ་བསྡུས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཐེངས་གཉིས་ལ་བསྡུས་ནས། ཡིག་ཆའི་མ་ཡིག་འབྲི་བར་ཁ་ཕྱོགས་གཏན་ཁེལ་བྱས། ཡིག་ཆའི་མ་ཡིག་འབྲི་བའི་བརྒྱུད་རིམ་ཁྲོད་དུ། ཏང་ཀྲུང་དབྱང་གིས་ཡིག་ཆ་གཉིས་ཀྱི་ཐད་ནས་ཏང་ཕྱི་ནང་གི་ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་རྒྱ་ཆེར་བྱས། ཡིག་ཆའི་མ་ཡིག་འབྲི་བའི་བརྒྱུད་རིམ་ཧྲིལ་པོ་ནི་དམངས་གཙོ་དར་སྤེལ་གང་ལེགས་བྱས་པ་དང་དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་མཐའ་འཁྱོལ་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན།

རྩོམ་ཡིག་ནང་དུ«ཚད་གཞི»དང«སྲོལ་ཡིག»གི་ཁྱད་ཆོས་གཙོ་བོ་ཡོངས་སུ་མཚམས་སྦྱོར་བྱས་ཡོད། རྩོམ་ཡིག་ནང་དུ་བསྟན་དོན། «ཚད་གཞི»དང«སྲོལ་ཡིག»གིས་རྒྱུན་འཛིན་དང་གསར་གཏོད་གཉིས་ནུས་ལྡན་སྒོས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བརྩི་བ་རྒྱུན་འཁྱོངས། གནད་འགག་འཛིན་པ་དང་བྱེད་ཐབས་དངོས་སྤྱོད་པ་རྒྱུན་འཁྱོངས། ཚད་གཅུན་དང་སྐུལ་ལྕག་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བཅས་བྱས་ཏེ། མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ཞེས་པའི་གནད་འགག་གི་ཉུང་ཤོས་དང་གནད་འགག་གི་ཉུང་ཤོས་ཁྲོད་ཀྱི་གནད་འགག་གི་ཉུང་ཤོས་འདི་འབུར་དུ་ཐོན་པར་བྱས་ཤིང་། རེ་བ་ནན་མོ་དང་ཚད་གཞི་ནན་མོ། བྱེད་ཐབས་ནན་མོ་བཅས་ལ་བརྟེན་ནས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གསར་གཏོད་རང་བཞིན་གྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་བློ་གྲོས་དང་སྤོབས་པ་མཚོན་ཡོད།

རྩོམ་ཡིག་ནང་དུ་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་མཐའ་གཅིག་ཏུ་ལག་བསྟར་མཐའ་འཁྱོལ་བྱས་ཏེ། འདུ་ཤེས་བཞི་དང་ལྷག་པར་དུ་སྲོག་ཤིང་འདུ་ཤེས་དང་དཔེ་ལྟའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་བ། སྤོབས་པ་ཆེར་བསྐྱེད་ཀྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།