ཀྲུང་གོ་བོད་ཀྱི་དྲ་བ།

  ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ2016ལོའི་ཟླ10པའི་ཚེས24ཉིན་ནས་ཚེས27ཉིན་བར་པེ་ཅིན་དུ་བསྡུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནང་ཀྲུང་དབྱང་ཨུ་ཡོན197དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན151ཞུགས་ཡོད།ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཟུར་ཞུགས་བྱས་ཤིང་།ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མིའི་ནང་གི་གཞི་རིམ་གྱི་བློ་མཐུན་དང་ཆེད་མཁས་པ་དང་མཁས་པ་ཁ་ཤས་ཀྱང་གྲོས་ཚོགས་ནང་ཟུར་ཞུགས་བྱས།   

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།  

4.jpg

ཀྲུང་གོའི་དོན་དག་ལེགས་པོར་སྒྲུབ་དགོས་པའི་གནད་འགག་ནི་ཏང་ལ་ཐུག་པ་དང་།   ཏང་གིས་ཏང་ལ་དོ་དམ་དང་ཏང་གཟབ་ནན་གྱིས་སྐྱོང་བ་དེ་ཡིན་སྙམ།   ཏང་གིས་ཏང་ལ་དོ་དམ་བྱེད་དགོས་ན་ངེས་པར་ཏང་ནང་གི་ཆབ་སྲིད་འཚོ་བ་ནས་དོ་དམ་བྱེད་དགོས།ཏང་གཟབ་ནན་གྱིས་སྐྱོང་དགོས་ན་ངེས་པར་ཏང་ནང་གི་ཆབ་སྲིད་འཚོ་བ་ནས་ནན་མོ་བྱེད་དགོས།ལོ་རྒྱུས་ཀྱི་ཁྱད་ཆོས་མང་པོ་ལྡན་པའི་རླབས་ཆེ་བའི་འཐབ་འཛིང་སྔར་ལས་བཟང་པོར་སྤེལ་བ་དང་།ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེ་བའི་བཟོ་བཀོད་གསར་པར་སྐུལ་འདེད་གཏོང་བ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་ལས་དོན་ལ་སྐུལ་སྤེལ་གཏོང་བ།

  “ཉམས་སད་ཆེན་པོ་བཞི”ཐེག་པ་དང“ཉེན་ཁ་བཞི”སེལ་བ་བཅས་ཀྱི་ཆེད་དུ།   གནས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་ཞིག་གཏན་འབེབས་བྱེད་དགོས་པའི་དགོས་པ་ཡོད།

 

 ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།

  (2016ལོའི་ཟླ10པའི་ཚེས27ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་འཆམ་བྱུང་བ།)

  ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་ལྟར་གནང་བའི་བྱ་བའི་སྙན་ཞུ་ལ་མཉན་ཞིང་གྲོས་བསྡུར་བྱས་པར་མ་ཟད།《གནས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག》གཉིས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།《ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསྡུ་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞི་ཅིན་ཕེན་གྱིས《ཚད་གཞི(གྲོས་བསྡུར་མ་ཡིག)》དང《སྲོལ་ཡིག(གྲོས་བསྡུར་མ་ཡིག)》ལྟར་ཚང་འཛོམས་གྲོས་ཚོགས་སྟེང་གསལ་བཤད་གནང་།

3.jpg   

གཅིག གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་མངོན་འགྱུར་བྱེད་པ།

གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་སྲུང་བྱེད་པའི་བསམ་བློའི་རྨང་གཞིའང་ཡིན་པས།ངེས་པར་ཕུགས་བསམ་དང་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དེ་ཏང་ནང་གི་ཆབ་སྲིད་འཚོ་བ་སྤེལ་བའི་ལས་འགན་ཨང་དང་པོར་བརྩི་དགོས།ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་མར་ཁེ་སི་རིང་ལུགས་ལ་དད་གུས་དང་།སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་ཡིད་ཆེས་བྱེད་པ་དེ་ཚེ་གང་པོར་བརྩོན་ལེན་བྱེད་པའི་དམིགས་འབེན་དུ་བརྩིས་ནས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་ཡིད་ཆེས་པ་དང་རིགས་པའི་གཞུང་ལུགས་ལ་ཡིད་ཆེས་པ།ལམ་ལུགས་ལ་ཡིད་ཆེས་པ།རིག་གནས་ལ་ཡིད་ཆེས་པ་བཅས་རྒྱུན་འཁྱོངས་བྱེད་དགོས།མགོ་ཁྲིད་ལས་བྱེད་པ་དང་ནང་སྒོས་སུ་མཐོ་རིམ་ལས་བྱེད་པས་བྱ་སྤྱོད་དངོས་ཀྱིས་ཏང་ཡོན་དང་མང་ཚོགས་ལ་ཕུགས་བསམ་དང་ཡིད་ཆེས་ལས་བྱུང་བའི་སྟོབས་ཤུགས་ཆེན་པོ་ཚོར་དུ་འཇུག་དགོས།ཏང་ཡོངས་ཀྱིས་ངེས་པར་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་བསམ་བློ་གཡོ་འགུལ་སྤུ་ཙམ་མིད་པར་རྒྱུན་འཁྱོངས་བྱེད་དགོས་པ་དང་།ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ངེས་པར་རྒྱུན་འཁྱོངས་ལྷོད་མིད་སྒོས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲ་བ་རྒྱུན་འཁྱོངས་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ནང་སྒོས་སུ་མཐོ་རིམ་ལས་བྱེད་པས་ངེས་པར་རང་རྟོགས་སྒོས་སློབ་སྦྱོང་ནན་འཛིན་དང་ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་དགོས།

གཉིས། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ།

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་ནི་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་ཀྱི་བདེ་སྐྱིད་ཡིན་ལ།ཏང་ནང་གི་ཆབ་སྲིད་འཚོ་བ་རྒྱུན་ལྡན་སྒོས་སྤེལ་བའི་གཞི་རྩའི་ཁག་ཐེག་ཡིན་པས།ངེས་པར་ཏང་གི་གཞི་རྩའི་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ།དཔལ་འབྱོར་འཛུགས་སྐྲུན་ལྟེ་གནད་དུ་འཛིན་པ་དེ་གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་དང་།བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་རྩ་གནད་འདི་གཉིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་གཅིག་གྱུར་ཡོང་བ་བྱེད་དགོས་པ་ལས།དུས་ནམ་ཡང་གོལ་ནོར་དང་གཡོ་འགུལ་སྤུ་ཙམ་ཡང་བྱེད་མི་རུང་། ཏང་ཡོངས་ཀྱིས་ངེས་པར་བློ་རྩེ་གཅིག་སྒྲིལ་སྒོས་ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་པའི་ལས་འགན་དང་པོ་འདི་འཕེལ་རྒྱས་སུ་གཏོང་བ་ལེགས་འཛིན་བྱེད་དགོས།གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་པའི་རྩ་བ་ནི་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་རྒྱུན་འཁྱོངས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་འཁྱོངས་བཅས་བྱེད་དགོས་པ་དེ་རེད།ངེས་པར་རིགས་པའི་གཞུང་ལུགས་གསར་སྐྲུན་དང་ལག་ལེན་གསར་སྐྲུན།ལམ་ལུགས་གསར་སྐྲུན།རིག་གནས་གསར་སྐྲུན་བཅས་དང་དེ་མིན་ཕྱོགས་གཞན་དག་གི་གསར་སྐྲུན་བྱེད་ཕོད་པ་བྱས་ཏེ།བློ་བརྟན་འགྱུར་མིད་སྒོས་ཕྱི་ལ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་ལག་བསྟར་བྱེད་དགོས།ངེས་པར་ཏང་གི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དེ་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་ཏུ་བསྟར་བའི་གོ་རིམ་ཧྲིལ་པོར་བརྒྱུས་དགོས་པར་མ་ཟད།ལག་ལེན་བྱེད་པའི་ཁྲོད་བདེན་དོན་ཞིབ་དཔྱད་དང་བདེན་དོན་གོང་འཕེལ་བྱས་ནས།མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་བསྟུད་མར་སྐུལ་འདེད་གཏོང་དགོས།ལས་བྱེད་པ་དང་ནང་སྒོས་སུ་མཐོ་རིམ་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་ན།ངེས་པར་ཐོག་མར་བློ་བརྟན་འགྱུར་མིད་སྒོས་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་མིན་ལ་བལྟ་དགོས།ཏང་ཡོན་དང་ལས་བྱེད་པ་དང་ནང་སྒོས་སུ་མཐོ་རིམ་ལས་བྱེད་པས་ཡིན་མིན་གྱི་མདུན་དུ་རྣམ་འགྱུར་གསལ་པོ་ཡིན་དགོས་པ་ལས།གཞི་རྩའི་ཆབ་སྲིད་ལངས་ཕྱོགས་གཡོ་འགུལ་བྱེད་མི་རུང་ལ།ནོར་འཁྲུལ་ཅན་གྱི་གཏམ་གླེང་གི་དབང་དུ་འགྲོ་མི་ཆོག

  གསུམ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་སྒྲིག་ཁྲིམས་ནན་སྲུང་བྱེད་པ།

ཏང་ཀྲུང་དབྱང་གི་དབང་གྲགས་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་དང་ཏང་ཡོངས་ཀྱིས་བཀས་ལྟར་བཀག་སྲུང་བྱེད་པར་ཁག་ཐེག་ནན་ཏན་བྱེད་དགོས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་གྱི་བདེ་སྡུག་དང་འབྲེལ་བ་ཡོད་པ་དང་།རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་ལ།ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་དམིགས་འབེན་གལ་ཆེན་ཞིག་ཀྱང་ཡིན།ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས།རྒྱལ་ཁབ་ཅིག་དང་སྲིད་ཏང་ཞིག་ལ་མཚོན་ན།མགོ་ཁྲིད་སྲོག་ཤིང་ནི་ཧ་ཅང་གལ་ཆེན་ཡིན།ཏང་ཡོངས་ཀྱིས་ངེས་པར་རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད།འགུལ་སྐྱོད་བཅས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་དགོས།ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ཡོངས་རྫོགས།ནང་སྒོས་སུ་མཐོ་རིམ་ལས་བྱེད་པ་བཅས་ཀྱིས་ཏང་ཀྲུང་དབྱང་དང་གྲལ་མཉམ་ཡོང་བ་དང་།ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་གྲལ་མཉམ་ཡོང་བ།ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་གྲལ་མཉམ་ཡོང་བ་བཅས་བྱས་ཏེ།ཏང་ཀྲུང་དབྱང་གི་འབོད་སྐུལ་མཐའ་གཅིག་ཏུ་དང་ལེན་དང་ཏང་ཀྲུང་དབྱང་གི་ཐག་གཅོད་མཐའ་གཅིག་ཏུ་ལག་བསྟར།ཏང་ཀྲུང་དབྱང་གི་གཏན་འགོག་མཐའ་གཅིག་ཏུ་བརྟན་སྲུང་བཅས་བྱེད་དགོས།

  སྒྲིགས་ཁྲིམས་དམ་སྲུང་བྱེད་རྒྱུ་ནི་ཏང་ཡོངས་ཀྱིས་འདོད་བློ་གཅིག་གྱུར་དང་འགུལ་སྐྱོད་གཅིག་གྱུར།གོམ་སྟབས་གཅིག་གྱུར་སྒོས་མདུན་དུ་སྐྱོད་པའི་འགན་སྲུང་གཙོ་བོ་ཡིན་ལ།ཏང་ནང་གི་ཆབ་སྲིད་འཚོ་བའི་ནང་དོན་གལ་ཆེན་ཡང་ཡིན།ཏང་ནང་གི་སྒྲིགས་ཁྲིམས་ངེས་པར་ནན་སྲུང་བྱས་ཏེ།ཐོག་མར་སྒྲིགས་ཁྲིམས་བརྩི་བ་དང་།སྒྲིགས་ཁྲིམས་ནན་མོ་སྤྱད་དེ་ཏང་ནན་སྐྱོང་བྱེད་དགོས།སྒྲིགས་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་དང་།  སྒྲིགས་ཁྲིམས་སྲུང་བའི་ཐད་ནས་དམིགས་བསལ་གྱི་དབང་ཆ་མིད་པ།སྒྲིགས་ཁྲིམས་ལག་བསྟར་བྱེད་པར་དམིགས་བསལ་མིད་པ་བཅས་བྱས་ཏེ།ཏང་ནང་དུ་སྒྲིགས་ཁྲིམས་ཀྱི་ཚོད་འཛིན་མི་ཐེབས་པའི་དམིགས་བསལ་རྩ་འཛུགས་དང་དམིགས་བསལ་ཏང་ཡོན་གཏན་ནས་ཡོད་མི་ཆོག ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ཡོངས་རྫོགས་ངེས་པར་ཏང་ལ་བློ་དཀར་བ་དང་གཞུང་དྲང་གནོང་མིད་ཡིན་དགོས་ལ།སྐད་ཆ་དྲང་མོ་བཤད་པ་དང་བྱ་བ་རྣལ་མ་བསྒྲུབ་པ།མི་རྣལ་མ་བྱེད་པ་བཅས་ཀྱིས་བདེན་པ་བདེན་དྲང་གིས་ཏང་ལ་གནས་ཚུལ་ཡར་ཞུ་བྱེད་དགོས།“ངོ་གཉིས་མར”ངོ་རྒོལ་དང་།མི་བདེན་རྫུན་སྒྲིག་དང་རྫུན་ཞུ་འུད་སྒྲོག་བྱེད་པར་ངོ་རྒོལ།གནས་ཚུལ་ངོ་མ་སྦ་གསང་བྱས་ཏེ་བཟང་ཆ་ལས་སྐྱོན་ཆ་མི་ཞུ་བར་ངོ་རྒོལ་བཅས་བྱེད་དགོས།

མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་རྒྱུ་མཚན་གང་དང་ཁ་གཡར་ས་ཅི་ཞིག་ལ་བརྟེན་ནས་འོག་རིམ་གྱིས་རྫུན་བཤད་པར་རྒྱ་ཡན་དང་ངན་སྐུལ།གསང་བརྡ་གཏོང་བ།བཙན་པོ་བཅས་བྱེད་མི་ཆོགཏང་ནང་དུ་ཕར་འཐེན་ཚུར་འཐེན་དང་མཁས་མཁས་སྙན་སྙན།ངོ་དགའ་སྤྲེལ་ལད་བཅས་བྱེད་མི་ཆོགམགོ་ཁྲིད་པ་དྲིལ་སྒྲོག་བྱེད་སྐབས་དངོས་ཐོག་བདེན་འཚོལ་བྱེད་པ་ལས་འུད་བརྗོད་བྱེད་མི་ཆོགཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ངེས་པར་ཆབ་སྲིད་སྒྲིགས་ཁྲིམས་དང་ཆབ་སྲིད་སྒྲིགས་ལམ་ལག་བསྟར་དང་སྲུང་སྐྱོབ་བྱེད་པའི་འགན་འཁུར་ཏེ།སྒྲིགས་ཁྲིམས་ལག་བསྟར་བྱེད་པ་ལྷོད་གཡེང་ཡིན་པའི་གནད་དོན་རྩ་བ་ནས་བཀག་འགོག་དང་ཡོ་བསྲང་བྱེད་དགོས།

བཞི། ཏང་ཡོངས་ཀྱིས་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་དམངས་གཙོ་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ།

རང་རེའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བས།མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་མ་ཐོབ་ན།ཏང་ལ་རྨང་གཞི་མིད་འགྲོ་བ་རེད།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་བྱེད་པའི་རྩ་བའི་དགོངས་དོན་ངེས་པར་རྒྱུན་འཁྱོངས་དང་།ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་འདྲེས་རྒྱུན་སྲུང་བྱེད་པ་དེ་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་གཞི་རྩའི་བླང་བྱ་བྱེད་དགོས།ཏང་ཡོངས་ཀྱིས་ངེས་པར་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་།མང་ཚོགས་ལ་དོན་དངོས་བསྒྲུབ་པ་དང་མང་ཚོགས་ཀྱི་དཀའ་གནད་བསལ་ཏེ།མི་དམངས་ཀྱི་སྤྱི་ཞབས་པ་བཟང་པོ་ཞིག་བྱེད་དགོས།ཆབ་སྲིད་མི་དམངས་ལ་འདྲི་བ་དང་དགོས་མཁོ་མི་དམངས་ལ་འདྲི་བ།ཇུས་ཆོད་མི་དམངས་ལ་འདྲི་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་ལས།མང་ཚོགས་ཀྱི་མདུན་ནས་རང་བསམ་བདེན་རློམ་དང་ཁེངས་རློམ་གཞན་བཪྙས་བྱེད་མི་ཆོག་ལ།མང་ཚོགས་ཀྱི་མདུན་དུ་དཔོན་ཉམས་བསྟན་ཏེ་མང་ཚོགས་ཀྱི་བདེ་སྡུག་སྣང་མིད་དུ་བཞག་མི་ཆོག་པར་མ་ཟད།མང་ཚོགས་ལ་གཉའ་གནོན་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་དང་བདག་བཟུང་དེ་བས་ཀྱང་བྱེད་མི་ཆོགཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས།སྐྱིད་འདོད་རིང་ལུགས།བག་མིད་ཆུད་ཟོས་སུ་གཏོང་བའི་སྤྱོད་ཚུལ་བཅས་ལ་ངེས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ངེས་པར་དོན་དངོས་ལ་རྒྱུས་ལོན་བྱེད་པ་དང་གཞི་རིམ་དུ་འགྲོ་བ།མང་ཚོགས་ཀྱི་ཁྲོད་དུ་ཞུགས་པ་བཅས་བྱེད་དགོས་པ་དང་།ཆ་རྐྱེན་ཞན་ཞིང་གནས་ཚུལ་ཪྙོག་འཛིང་ཡིན་པ།འགལ་ཟླ་འབུར་ཐོན་ཡིན་པ་བཅས་ཀྱི་ས་ཁུལ་ལ་མང་དུ་སོང་ནས་གནད་དོན་ཐག་གཅོད་བྱེད་དགོས་པ་དང་།ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་དགོས།མི་རྒྱུ་གཉིས་ཀ་འཕྲོ་བརླག་ཏུ་གཏོང་བའི“སྣང་བཪྙན་བཟོ་འགོད”དང“ཆབ་སྲིད་གྲུབ་འབྲས་བཟོ་འགོད”བསྒྲུབ་པའི་བྱ་སྤྱོད་ལྡན་ན།གཟབ་ནན་གྱིས་འགན་འཁྲི་རྩད་གཅོད་བྱས་ཏེ།ཁྲིམས་ལྟར་དང་སྒྲིགས་ལམ་ལྟར་ཐག་གཅོད་བྱེད་དགོས།

དམངས་གཙོ་གཅིག་བསྡུས་ལམ་ལུགས་ནི་ཏང་གི་གཞི་རྩའི་རྩ་འཛུགས་ཀྱི་རྩ་དོན་ཡིན་ལ།ཏང་ནང་གི་ཆབ་སྲིད་འཚོ་བ་རྒྱུན་ལྡན་སྒོས་སྤེལ་བའི་ལམ་ལུགས་ཀྱི་འགན་སྲུང་གཙོ་གནད་ཡིན།ཐུན་མོང་གི་མགོ་ཁྲིད་ལམ་ལུགས་རྒྱུན་འཁྱོངས་དང་།ཐུན་མོང་གི་མགོ་ཁྲིད་དང་མི་སྒེར་ལ་ལས་ཀ་ཁག་བགོ་བྱས་ཏེ་འགན་འཁུར་དུ་འཇུག་པ་གཉིས་ཟུང་འབྲེལ་བྱེད་པ་ནི་དམངས་གཙོ་གཅིག་བསྡུས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པས་ངེས་པར་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས།རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་གནས་ཚུལ་ཅི་འདྲ་ཞིག་གི་འོག་ཏུ་གནས་ལུགས་ཅི་འདྲ་ཞིག་ཡོད་རུང་ལམ་ལུགས་འདི་དང་འགལ་མི་ཆོགརིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)ངེས་པར་ཐུན་མོང་གི་མགོ་ཁྲིད་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་།མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ངེས་པར་སྤྱི་ཡོངས་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།ཏང་ཨུའི(ཏང་ཙུའུ)འགན་འཁྲི་པ་བློ་མཐུན་གཙོ་བོས་ངེས་པར་དམངས་གཙོ་དར་སྤེལ་དང་གཅིག་བསྡུ་བྱེད་ཤེས་པ།འགན་འཁྲི་འཁུར་ཕོད་པ་བཅས་བྱེད་དགོས་ལ།མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ངེས་པར་ཏང་རྩ་འཛུགས་ཀྱི་ཐག་གཅོད་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས།

  ཏང་ནང་གི་དམངས་གཙོ་ནི་ཏང་གི་ཚེ་སྲོག་ཡིན་ལ།ཏང་ནང་གི་ཆབ་སྲིད་འཚོ་བར་དགེ་མཚན་ལྡན་པའི་རྨང་གཞི་གལ་ཆེན་ཡང་ཡིན།ཏང་ནང་གི་ཇུས་ཆོད་དང་ལག་བསྟར།ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་བ་ངེས་པར་ཏང་གི་སྒྲིགས་ཡིག་དང་ཏང་གི་སྒྲིགས་སྲོལ་ནང་གཏན་འབེབས་བྱས་ཡོད་པའི་དམངས་གཙོའི་རྩ་དོན་དང་གོ་རིམ་ལྟར་ལག་བསྟར་བྱེད་དགོས།ཏང་རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་ཏང་ནང་གི་དམངས་གཙོར་འགོག་གནོན་དང་ཏང་ནང་གི་དམངས་གཙོར་གཏོར་བརླག་བཏང་མི་ཆོག ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུས།ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཇུས་ཆོད་འདོན་པ་དང་བཀོད་སྒྲིག་གལ་ཆེན་བྱས་ན།  ངེས་པར་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པ་དང་།ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་རྒྱ་ཁྱབ་སྒོས་མཉན་དགོས།ཏང་ཡོན་གྱི་གོ་གནས་གཙོ་བོར་ངེས་པར་བརྩི་འཇོག་དང་ཏང་ཡོན་གྱི་དམངས་གཙོ་དབང་ཆར་འགན་སྲུང་བྱས་ཏེ།ཏང་ཡོན་གྱི་ཤེས་དབང་དང་ཞུགས་དབང་།འདེམ་དབང་།ལྟ་སྐུལ་དབང་ཆ་བཅས་དངོས་འབེབས་བྱེད་དགོས་པ་དང་།ཏང་ཡོན་ཡོངས་ཀྱིས་འདྲ་མཉམ་སྒོས་ཏང་གི་སྒྲིགས་ཡིག་ནང་གཏན་འཁེལ་བྱས་ཡོད་པའི་ཏང་ཡོན་གྱི་དབང་ཆ་ལོངས་སྤྱོད་དང་།ཏང་གི་སྒྲིགས་ཡིག་ནང་གཏན་འཁེལ་བྱས་ཡོད་པའི་ཏང་ཡོན་གྱི་འོས་འགན་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས་ལ།ཏང་ནང་གི་དམངས་གཙོ་འདྲ་མཉམ་གྱི་བློ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད།ཏང་རྩ་འཛུགས་དང་ཏང་ཡོན་སུ་ཞིག་ཡིན་རུང་ཏང་ཡོན་གྱི་དམངས་གཙོ་དབང་ཆར་གནོད་འཚེ་བཏང་མི་ཆོག ཏང་ཡོན་རྣམས་ཏང་ནང་གི་ལས་དོན་ལ་གྲོས་བསྡུར་བྱེད་པར་ཞུགས་པའི་ལམ་བུ་ཤར་གཏོང་ཡོང་བར་བྱེད་པ་དང་།ཏང་ཡོན་གྱི་བསམ་འཆར་འདོན་པའི་ཐབས་ལམ་རྒྱ་བསྐྱེད་དེ།ཏང་ནང་གི་དམངས་གཙོ་གྲོས་བསྡུར་བྱེད་པའི་ཆབ་སྲིད་སྣང་ཚུལ་བསྐྲུན་དགོས།ཏང་ཡོན་ལ་ཏང་ནང་གི་རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་སྒྲིགས་འགལ་ཁྲིམས་འགལ་བྱུང་བའི་དོན་དངོས་འཚང་འདོན་དང་གཏུག་བཤེར་བྱེད་རྒྱུའི་དབང་ཆ་ཡོད་པ་དང་།མིང་དངོས་ཀྱི་སྟེང་ནས་གཏུག་བཤེར་བྱེད་པར་དར་སྤེལ་བྱེད་དགོས།

 མི་འདེམ་པ་དང་མི་བཀོལ་བའི་ཁྲིད་ཕྱོགས་ཡང་དག་པར་རྒྱུན་འཁྱོངས་བྱེད་པ་ནི་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་བའི་རྩ་འཛུགས་ཀྱི་ཁག་ཐེག་ཡིན།ལས་བྱེད་པ་འདེམ་པར་ངེས་པར་སྤྱོད་ཡོན་གཉིས་ལྡན་དང་།ཀུན་སྤྱོད་གཙོ་བོར་འཛིན་དགོས་པ་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་བསྐོ་གཞག་བྱེད་པ་རྒྱུན་འཁྱོངས་དང་།འདུ་ཤེས་བརྟན་པོ་དང་མི་དམངས་ལ་ཞབས་ཞུ་བསྒྲུབ་པ། སྲིད་བརྩོན་དངོས་གཉེར།འགན་འཁྲི་འཁུར་ཕོད་པ།དྭངས་གཙང་སྤྱོད་བཟང་གི་ལས་བྱེད་པ་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས།ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ངེས་པར་རང་རྟོགས་སྒོས་མི་བཀོལ་བའི་ཕྱོགས་ཀྱི་ཚུལ་མིན་སྤྱོད་པ་དང་ཕྱོགས་ཞེན་ཡོངས་རྫོགས་འགོག་སྲུང་དང་ཡོ་བསྲང་བྱེད་དགོས།ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ངེས་པར་ལངས་ཕྱོགས་བརྟན་པོའི་སྒོ་ནས་འགན་ཁུར་ཕྲག་ཏུ་ལེན་ཕོད་པའི་ལས་བྱེད་པས་འགན་འཁུར་བ་དང་།འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པས་འགན་འཁྲི་འཁུར་དགོས།དཔོན་གནས་རེག་ཐབས་བྱེད་པ་དང་དཔོན་གནས་ཉོ་ཚོང་བྱེད་པ།གསུག་བྱིན་ངོ་བརྒྱུད་ཀྱིས་འདེམ་བསྐོ་བྱེད་པ་སོགས་ཀྱི་བྱ་སྤྱོད་བློ་ཐག་རྦད་ཆོད་ཀྱིས་གཏན་འགོག་དང་།ཏང་ལ་ལས་གནས་དང་མཚན་སྙན།ཐོབ་ཆ་བཅས་སྟེར་རྒྱུའི་རེ་བ་འདོན་པའི་བྱ་སྤྱོད་གཏན་འགོག ཏང་རྩ་འཛུགས་ལ་ཚུལ་མིན་གྱི་རེ་བ་འདོན་པ་དང་ཏང་རྩ་འཛུགས་ཀྱི་ཐག་གཅོད་དང་ལེན་མི་བྱེད་པའི་བྱ་སྤྱོད་གཏན་འགོག་བཅས་བྱེད་དགོས།མི་སུ་དང་སུ་ཞིག་ཡིན་རུང་ཏང་གི་ལས་བྱེད་པ་དེ་སྒེར་གྱི་རྒྱུ་ནོར་ལ་བརྩི་མི་ཆོག་པ་དང་ཏང་ནང་དུ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་བཙུགས་མི་ཆོག ཏང་ནང་གི་བློ་མཐུན་བར་གྱི་འབྲེལ་འདྲིས་ཚད་ལྡན་དང་དྭངས་གཙང་ཡོང་བར་བྱས་ཏེ།མགོ་ཁྲིད་ལས་བྱེད་པས་ཏང་ཡོན་ལ་ཁྲོ་ཉམས་ཆེན་པོས་བཀོད་འདོམས་བྱེད་པ་དང་ཏང་ཡོན་གྱིས་མགོ་ཁྲིད་ལས་བྱེད་པར་ངོ་དགའ་སྤྲེལ་ལད་བྱེད་མི་ཆོག ནང་རྐྱེན་རྣམ་པ་སྣ་ཚོགས་བཙུགས་ནས།ལས་བྱེད་པས་ལས་ཀ་བསྒྲུབ་པའི་ཁྲོད་དང་ནང་སྒོས་སུ་བཅོས་བསྒྱུར་གསར་སྐྲུན་ཁྲོད་ཀྱི་ནོར་འཛོལ་ལ་གུ་ཡངས་གཏོང་དགོས།

ལྔ།  ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ།

 ཏང་གི་རྩ་འཛུགས་འཚོ་བ་ནི་ཏང་ནང་གི་ཆབ་སྲིད་འཚོ་བའི་ནང་དོན་དང་ཐེག་བྱེད་གལ་ཆེན་ཡིན་ལ།ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་སློབ་གསོ་དང་དོ་དམ།ལྟ་སྐུལ་བཅས་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཀྱང་ཡིན།ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་སྣ་ཚོགས་ངེས་པར་རྒྱུན་འཁྱོངས་དང་།བྱེད་ཐབས་དང་ཐབས་ལམ་གསར་སྐྲུན་བྱས་ཏེ། ཏང་གི་རྩ་འཛུགས་འཚོ་བའི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས།ཏང་ཡོན་དང་ལས་བྱེད་པ་ཡོངས་དང་ནང་སྒོས་སུ་མཐོ་རིམ་ལས་བྱེད་པ་ཡོངས་ཀྱིས་ངེས་པར་ཏང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།རང་ཉིད་ནི་ཏང་ཡོན་ཞིག་ཡིན་པ་ནམ་ཡིན་རུང་སེམས་ལ་བརྟན་པོར་འཛིན་དགོས།“གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག”གི་ལམ་ལུགས་རྒྱུན་འཁྱོངས་དང་།དམངས་གཙོ་འཚོ་བའི་གྲོས་ཚོགས་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས།ཁ་བརྡ་སློབ་གསོ་གཏོང་བའི་ལམ་ལུགས་རྒྱུན་འཁྱོངས་བཅས་བྱས་ཏེ།ཏང་ཡོན་ལ་དམངས་གཙོ་གྲོས་མོལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།མགོ་ཁྲིད་ལས་བྱེད་པས་ངེས་པར་རྩ་འཛུགས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།བྱ་བའི་ཁྲོད་ཀྱི་གནད་དོན་ཆེན་པོ་དང་མི་སྒེར་གྱི་འབྲེལ་ཡོད་དོན་བྱ་ཡོངས་རྫོགས་ངེས་པར་གཏན་འཁེལ་དང་གོ་རིམ་ལྟར་རྩ་འཛུགས་ལ་ཡར་ཞུ་དང་སྙན་ཞུ་འབུལ་དགོས།

  སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་ནི་རང་རེའི་ཏང་སྐྱོན་བྲལ་ཡོང་བའི་མཚོན་ཆ་རྣོན་པོ་ཞིག་ཡིན་ལ།ཏང་ནང་གི་ཆབ་སྲིད་འཚོ་བ་ཚད་ལྡན་ཡོང་བ་དང་ཤུགས་སྣོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པས།རྒྱུན་འཁྱོངས་ལྷོད་མིད་སྒོས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པའི་མཚོན་ཆ་འདི་བཀོལ་སྤྱོད་ལེགས་པོ་བྱེད་དགོས།སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་སྐབས་ངེས་པར་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་དགོས་པ་དང་།ཏང་གཤིས་གླེང་བ་ལས་སྒེར་གྱི་བརྩེ་དུང་མི་གླེང་བ་དང་གནས་ལུགས་བརྗོད་པ་ལས་ཁ་ངོར་མི་བལྟ་བ་བྱེད་དགོས།ཏང་ཡོན་དང་ལས་བྱེད་པས་ངེས་པར་རང་སྐྱོན་རང་བརྟག་བྱེད་པ་དང་།གནད་དོན་ཡོད་པ་ཤེས་ན་རྒྱུ་རྐྱེན་ལ་དབྱེ་ཞིབ་གསལ་པོ་བྱས་ཏེ་ལེགས་སྒྲིག་ནན་ཏན་བྱེད་དགོས།ཏང་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་བསམ་འཆར་མི་འདྲ་བ་ཚང་མར་ཉན་དགོས་པ་དང་།མགོ་ཁྲིད་ལས་བྱེད་པ་དང་ནང་སྒོས་སུ་མཐོ་རིམ་ལས་བྱེད་པས་ངེས་པར་སྣེ་ཁྲིད་སྒོས་གཞན་ཇུས་དགོངས་བཞེས་དང་སྐད་ཆ་དྲང་མོར་བཤད་ཐུབ་དགོས།

 ལྟ་སྐུལ་ནི་དབང་ཆ་ཡང་དག་གིས་བཀོལ་སྤྱོད་བྱེད་པའི་གཞི་རྩའི་ཁག་ཐེག་ཡིན་ལ།ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།མགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་པར་ངེས་པར་ཤུགས་སྣོན་བྱས་ཏེ།ཏང་ནང་དུ་ཚོད་འཛིན་མི་ཐེབས་པའི་དབང་ཆ་ཡོད་མི་ཆོག་ལ།ལྟ་སྐུལ་དོ་དམ་མི་ཐེབས་པའི་དམིགས་བསལ་གྱི་ཏང་ཡོན་ཡོད་མི་ཆོགདབང་ཆ་བཀོལ་སྤྱོད་ལ་ཚོད་འཛིན་དང་ལྟ་སྐུལ་ནང་རྐྱེན་འཐུས་ཚང་དུ་བཏང་ནས།དབང་ཆ་ཡོད་ན་ངེས་པར་འགན་འཁྲི་ཡོད་པ་དང་དབང་ཆ་བཀོལ་ན་ངེས་པར་འགན་འཁྲི་འཁུར་བ།དབང་ཆ་གང་འདོད་དུ་བཀོལ་ན་ངེས་པར་འགན་འཁྲི་རྩད་འདེད་བྱེད་པ་བཅས་ཀྱི་ལམ་ལུགས་བཀོད་སྒྲིག་ཆགས་སུ་འཇུག་དགོས།ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པས་ངེས་པར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནས་འགུལ་སྐྱོད་བྱེད་པ་མ་གཏོགས།སྐད་ཆས་བཅའ་ཁྲིམས་ཀྱི་ཚབ་བྱེད་པ་དང་དབང་ཆས་བཅའ་ཁྲིམས་གནོན་པ། ཉེ་རིང་ངོ་འཛིན་གྱིས་བཅའ་ཁྲིམས་འཁྱོག་བཤད་གཏན་ནས་བྱེད་མི་རུང་།སྒྲིགས་ཁྲིམས་ལ་འགལ་བའི་བྱ་སྤྱོད་དང་འབྲེལ་བའི་ཐེར་འདོན་གོང་ཞུ་དང་ཏང་ཡོན་གྱི་ཡར་གཏུགས་གནད་དོན་ལ། ཏང་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པ་གང་གིས་ཀྱང་གསང་ནས་མི་བཤད་པ་དང་འགྱངས་ནས་མི་སྒྲུབ་པ་བྱེད་མི་ཆོག ཡར་གཏུགས་གནད་དོན་ལ་འབྲེལ་བ་ཡོད་པའི་མགོ་ཁྲིད་ལས་བྱེད་པ་དེ་ལ་གཡོལ་དགོས་པ་དང་།རྩ་འཛུགས་ཀྱི་བརྟག་དཔྱད་ལ་ཐེ་གཏོགས་དང་ལག་པ་བསྲིང་མི་ཆོག

དྭངས་གཙང་ཆབ་སྲིད་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་ནི།ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་ལས་འགན་གལ་ཆེན་ཡིན།ངེས་པར་རུལ་སུངས་དང་ངོ་འགྱུར་འགོག་ཐབས་ཀྱི་བསམ་བློའི་འགོག་སྲུང་དང་ལམ་ལུགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བཟོས་ནས།རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པའི་སྒྲིགས་སྲོལ་ནང་རྐྱེན་འཛུགས་ཅི་ཐུབ་བྱེད་དགོས།མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་དགོས་པ་དང་།བློ་སྦྱོང་ལ་དོ་སྣང་དང་ཀུན་སྤྱོད་ལ་དོ་སྣང་།ཁ་དན་ཚིག་གནས་ལ་དོ་སྣང་དང་།ངོ་ཚ་ཁྲེལ་ཡོད་ལ་དོ་སྣང་བྱེད་དགོས།རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་ནི་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པས།དམིགས་བསལ་ཅན་བྱེད་པའི་དབང་ཆ་མིད་པ་དང་སྣེ་ཁྲིད་ནས་དྭངས་གཙང་རང་གཅུན་གྱི་ཚད་གཞི་ལག་བསྟར་བྱེད་དགོས་ཤིང་།རང་རྟོགས་ཀྱིས་ཁྱད་དབང་བསམ་བློ་དང་ཁྱད་དབང་སྣང་ཚུལ་ལ་འཐབ་འཛིང་བྱེད་དགོས།ཁྱིམ་ཚང་དང་ཁྱིམ་གྱི་སློབ་གསོ།ཁྱིམ་སྲོལ་བཅས་ལ་གཙིགས་འཛིན་བྱས་ནས།གཉེན་ཉེ་དང་མཐའ་འཁོར་གྱི་ལས་བྱེད་མི་སྣ་ལ་སློབ་གསོ་དོ་དམ་ལེགས་པོ་བྱེད་དགོས།འགན་དབང་དང་ཤུགས་རྐྱེན་ནུས་པ་བེད་སྤྱད་ནས་ཡུལ་མི་གཉེན་ཉེ་ལ་དམིགས་བསལ་གཟིགས་སྐྱོང་བརྩོན་གཉེར་བྱེད་པ་བཀག་འགོག་དང་།མགོ་ཁྲིད་ལས་བྱེད་པའི་ཁྱིམ་མི་དང་གྲོགས་པོས་མགོ་ཁྲིད་ལས་བྱེད་པའི་འགན་དབང་ཁྱབ་ཁོངས་ནང་གི་བྱ་བ་ལ་ཐེ་གཏོགས་དང་ལག་བསྲིངས་ནས་མི་དོན་བཀོད་སྒྲིག་བྱེད་པ་བཀག་འགོག་བྱེད་དགོས།རུལ་སུངས་ཡོད་ན་ངེས་པར་ངོ་རྒོལ་དང་།ཧམ་སེམས་ཡོད་ན་ངེས་པར་གཟབ་ནན་བྱེད་པ་དང་།མི་བརྟོལ་བའི་གནས་མིད་པ།མི་ཁེབས་པའི་ཡུལ་མིད་པ།ཤུ་ཡངས་པ་ཡེ་མིད་པ་རྒྱུན་འཁྱོངས་བྱས་ཏེ།ཏང་ནང་དུ་རུལ་སུངས་ཉེས་ཅན་སྐུང་ས་གཏན་ནས་ཡོད་དུ་འཇུག་མི་རུང་།

དྲུག ཏང་ནང་གི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བ་དང་ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པ།

ཏང་ནང་གི་ལྟ་སྐུལ་ལ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་གཏིང་ཟབ་ཀྱིས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།“གནས་ལྔ་ཕུང་གཅིག”གི་སྤྱི་ཁོག་བཀོད་སྟངས་གཅིག་གྱུར་སྒོས་སྐུལ་འདེད་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྟངས་མཐུན་སྦྱོར་ངང་སྐུལ་འདེད་བྱས་ནས།ཏང་གི་སྒྲིགས་ཡིག་ལ་བརྩི་བཀུར་དང་སྒྲིགས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ།ཏང་ནང་གི་ལྟ་སྐུལ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་ཕན་ཚུན་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཡུན་རིང་དུ་སྲིད་སྐྱོང་བྱེད་པའི་ཆ་རྐྱེན་འོག རང་ཉིད་གཙང་འགྱུར་དང་རང་ཉིད་འཐུས་ཚང་།རང་ཉིད་གསར་སྒྱུར།རང་ཉིད་མཐོར་འདེགས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

  ཏང་ནང་གི་ལྟ་སྐུལ་ལ་བཀག་ཁུལ་མེད་ཅིང་།དམིགས་བསལ་བྱེད་ས་མེད།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་ཡིད་ཆེས་སྐུལ་ལྕག་དང་གཟབ་ནན་ལྟ་སྐུལ་ཟུང་དུ་སྦྲེལ་ནས།ཏང་གི་མགོ་ཁྲིད་ལས་བྱེད་པར་དབང་ཆ་ཡོད་ན་ངེས་པར་འགན་འཁྲི་ཡོད་པ་དང་འགན་འཁྲི་ཡོད་ན་ངེས་པར་འཁུར་དགོས་པ།དབང་ཆ་བཀོལ་ན་ལྟ་སྐུལ་དང་ལེན་བྱེད་དགོས་པ།འགན་འཛོལ་ཤོར་ན་ངེས་པར་རྩད་གཅོད་བྱེད་དགོས།ཏང་ནང་གི་ལྟ་སྐུལ་གྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱས་ཏེ་སྒྲིགས་སྲོལ་དང་སྒྲིགས་ལམ་ལྟར་བྱེད་པ་དང་།གོང་ནས་འོག་བར་གྱི་རྩ་འཛུགས་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དང་།འོག་ནས་གོང་བར་གྱི་དམངས་གཙོ་ལྟ་སྐུལ་ལེགས་བཅོས་བྱེད་ཅིང་།རིམ་པ་འདྲ་མཚུངས་བར་ཕན་ཚུན་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས།

  ཏང་ནང་གི་ལྟ་སྐུལ་གྱི་ལས་འགན་ནི་ཏང་གི་སྒྲིགས་ཡིག་དང་སྒྲིགས་ཁྲིམས་སྒྲིགས་སྲོལ་དེ་ཏང་ཡོངས་སུ་ནུས་ལྡན་སྒོས་ལག་བསྟར་བྱེད་པར་ཁག་ཐེག་ནན་མོ་བྱེད་པ་དེ་ཡིན་ལ།ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱས་ནས། ཏང་གི་མགོ་ཁྲིད་ཉམས་ཞན་དང་ཏང་གི་འཛུགས་སྐྲུན་འཐུས་ཤོར།ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་ཤུགས་མི་འདོན་པ་དང་།ཏང་གི་འདུ་ཤེས་ཞན་པ།རྩ་འཛུགས་ལྷོད་གཡེང་ཡིན་པ།སྒྲིགས་ཁྲིམས་མི་དམ་པ་དང་།ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ལྷོད་ཡངས་དང་ནུས་མིད་གནད་དོན་སོགས་གནད་སར་བཞག་ནས་ཐག་གཅོད་བྱེད་དགོས་ལ།ཏང་གི་རྩ་འཛུགས་ཀྱིས་འགན་ནུས་གང་ལེགས་ཀྱིས་བེད་སྤྱོད་པ་དང་སྲོག་ཤིང་གི་ནུས་པ་འདོན་པ་ཁག་ཐེག་བྱེད་པ་དང་།ཏང་ཡོན་ཡོངས་རྫོགས་ཀྱིས་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་པར་ཁག་ཐེག་བྱེད་པ།ཏང་གི་མགོ་ཁྲིད་ལས་བྱེད་པས་བློ་དཀར་དྭངས་གཙང་གིས་འགན་ཁུར་བར་ཁག་ཐེག་བྱེད་དགོས།ཏང་ནང་གི་ལྟ་སྐུལ་གྱི་ནང་དོན་གཙོ་བོ་ནི་ཏང་གི་སྒྲིགས་ཡིག་དང་ཏང་གི་སྒྲིགས་སྲོལ། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་བྱེད་པ།དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་བཅོས་སྐྱོང་བྱེད་པའི་འགན་འཁྲི་དངོས་འབེབས་བྱེད་པ།ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པ།ཏང་གི་ལས་བྱེད་པའི་ཚད་གཞི་རྒྱུན་འཁྱོངས་བྱས་ནས། སྤྱོད་གཙང་རང་གཅུན་དང་དྲང་གཞག་གིས་དབང་ཆ་སྤྱད་དེ། ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་འགྲུབ་པ་སོགས་བྱེད་དགོས་པ་དེ་ཡིན།

ཏང་ནང་གི་ལྟ་སྐུལ་བྱ་ཡུལ་གྱི་གནད་ས་ནི་ཏང་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ།ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་གཙོ་བོ་དག་ཡིན།ཏང་ཀྲུང་དབྱང་གིས་གཅིག་གྱུར་མགོ་ཁྲིད་བྱས་ཏེ།ཏང་ཨུས(ཏང་ཙུའུ)ཕྱོགས་ཡོངས་ནས་ལྟ་སྐུལ་དང་སྒྲིགས་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཆེད་འགན་ལྟ་སྐུལ་བྱེད་པ།ཏང་གི་བྱ་བའི་སྡེ་ཁག་གིས་འགན་ནུས་ལྟ་སྐུལ་བྱེད་པ།ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་རྒྱུན་དུ་ལྟ་སྐུལ་བྱེད་པ།ཏང་ཡོན་གྱི་དམངས་གཙོ་ལྟ་སྐུལ་གྱི་ཏང་ནང་གི་ལྟ་སྐུལ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུས།ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་ཏང་ནང་གི་ལྟ་སྐུལ་བྱ་བར་མགོ་ཁྲིད་བྱེད་པ་ཡིན།ཏང་ཨུ(ཏང་ཙུའུ)ཡིས་ཏང་ནང་གི་ལྟ་སྐུལ་ཁྲོད་འགན་འཁྲི་གཙོ་བོ་ཁུར་བ་དང་།ཧྲུའུ་ཅི་ནི་འགན་འཁྲི་པ་དང་པོ་ཡིན།ཏང་ཨུའི་རྒྱུན་ཨུ་ཁང་གི་ཨུ་ཡོན(ཏང་ཙུའུ་ཁོངས་མི)དང་ཏང་ཨུའི་ཨུ་ཡོན་གྱིས་འགན་འཁྲིའི་ཁྱབ་ཁོངས་ནང་དུ་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་དགོས།ཏང་གི་རིམ་པ་སོ་སོའི་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་དང་སྒྲིགས་བསྟར།འགན་འདྲི་རྩད་བཅས་ཀྱི་འགན་ནུས་ལག་ལེན་བྱེད་དགོས།ཏང་གི་བྱ་བའི་སྡེ་ཁག་གིས་འགན་འཁྲིའི་ཁྱབ་ཁོངས་ནང་དུ་ཏང་ནང་གི་ལྟ་སྐུལ་བྱ་བར་ཤུགས་སྣོན་དགོས།ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཏང་ཡོན་གྱིས་དངོས་གནས་འོས་འགན་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ་དང་ཏང་གི་སྒྲིགས་ཁྲིམས་སྲུང་སྐྱོང་དང་ལག་བསྟར་བྱེད་དགོས།ཏང་ཡོན་གྱིས་ཏང་ཡོན་གྱི་ཁེ་དབང་ཧུར་ཐག་གིས་སྤྱད་ནས།ཏང་གི་མགོ་ཁྲིད་ལས་བྱེད་པའི་དམངས་གཙོ་ལྟ་སྐུལ་ལ་ཤུགས་སྣོན་བྱེད་དགོས།

རིམ་པ་སོ་སོའི་ཏང་ཨུ་ཡིས་རིམ་པ་འདྲ་མཚུངས་ཡིན་པའི་དམངས་ཆེན་དང་སྲིད་གཞུང་།ལྟ་སྐུལ་ལས་ཁུངས།ཁྲིམས་འཛིན་ལས་ཁུངས་སོགས་ཀྱིས་རྒྱལ་ཁབ་ལས་ཁུངས་དང་གཞུང་ལས་མི་སྣས་ཁྲིམས་ལྟར་ལྟ་སྐུལ་བྱེད་པར་རྒྱབ་སྐྱོར་དང་ཁག་ཐེག་བྱེད་དགོས་ཤིང་།མི་དམངས་སྲིད་གྲོས་ཀྱིས་སྒྲིགས་ཡིག་ལྟར་དམངས་གཙོ་ལྟ་སྐུལ་བྱེད་དགོས་ལ།ཞིབ་རྩིས་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་རྩིས་ལྟ་སྐུལ་བྱེད་དགོས།དམངས་གཙོ་ཏང་ཁག་ལ་རྒྱབ་སྐྱོར་བྱས་ནས། ལྟ་སྐུལ་འགན་ནུས་ལག་བསྟར་བྱེད་དགོས་པ་དང་།དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་བཏོན་པའི་བསམ་འཆར་དང་སྐྱོན་བརྗོད་དང་གྲོས་གཞི་ལ་མཐོང་ཆེན་བྱེད་དགོས་ཤིང་། ནན་ཏན་གྱིས་དང་ལེན་བྱེད་ཅིང་རང་རྟོགས་ཀྱིས་སྤྱི་ཚོགས་ལྟ་སྐུལ་དང་ལེན་བྱེད་དགོས།

ཏང་ནང་གི་ཆབ་སྲིད་འཚོ་བ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་།ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པ་ནི་ཏང་ཡོངས་ཀྱི་ཐུན་མོང་ལས་འགན་ཡིན་པས།ངེས་པར་ཏང་ཡོངས་ཀྱིས་མཉམ་དུ་བསྒྲུབ་དགོས།རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཕྱོགས་ཡོངས་ནས་མགོ་ཁྲིད་ཀྱི་འགན་འཁྲི་ལག་ལེན་བྱེད་པ་དང་།འབུར་ཐོན་གནད་དོན་ཐག་གཅོད་ཅི་ཐུབ་བྱེད་དགོས་ལ།ཏང་ནང་གི་ཆབ་སྲིད་འཚོ་བ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་།ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པའི་ལས་འགན་སྣ་ཚོགས་དངོས་འབེབས་དོན་འཁྱོལ་བྱེད་དགོས།

གནས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་དགོས་ན་ངེས་པར་ཏང་གི་སྒྲིགས་ཡིག་དེ་གཞི་རྩའི་བརྩི་སྲུང་བྱེད་དགོས་པར་མ་ཟད།ཏང་གི་ཆབ་སྲིད་ལམ་ཕྱོགས་དང་བསམ་བློའི་ལམ་ཕྱོགས།རྩ་འཛུགས་ལམ་ཕྱོགས།མང་ཚོགས་ཀྱི་ལམ་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ།ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན།རྩ་དོན་རང་བཞིན།འཐབ་འཛིང་རང་བཞིན་བཅས་ལ་ཤུགས་སྣོན་དགོས།ཏང་གིས་ཏང་གཙང་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་བཅོས་བསྒྱུར་བྱེད་པ།མཐོར་འདེགས་སུ་གཏོང་བ་བཅས་ཀྱི་ནུས་པར་ཤུགས་སྣོན་དགོས།ཏང་གི་མགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་དང་རུལ་རྒོལ་འགྱུར་འགོག་དང་ཉེན་ཁ་འགོག་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་ཏང་མཐུན་སྒྲིལ་གཅིག་གྱུར་ཡོང་བར་ཁག་ཐེག་ནན་ཏན་བྱེད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་སྲུང་བྱས་ཏེ།ཏང་ཡོངས་སུ་གཅིག་བསྡུས་ཡོད་ལ་དམངས་གཙོ་ཡོད་པ་དང་སྒྲིགས་ཁྲིམས་ཡོད་ལ་རང་དབང་ཡང་ཡོད་པ།གཅིག་གྱུར་གྱི་འདོད་བློ་ཡོད་ལ།མི་སྒེར་གྱི་བློ་བག་ཕེབས་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཆབ་སྲིད་ཀྱི་རྣམ་པ་ཞིག་ཆགས་སུ་འཇུག་དགོས།

 གནས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་ཀྱི་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་གཙོ་གནད་ནི་རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ་ཡིན་ལ།གནད་འགག་ནི་མཐོ་རིམ་ལས་བྱེད་པ་དང་ནང་སྒོས་སུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུས།ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ཡིན། མཐོ་རིམ་ལས་བྱེད་པ་དང་ནང་སྒོས་སུ་ཀྲུང་དབྱང་མགོ་ཁྲིད་རིམ་པའི་ལས་ཁུངས་ཀྱི་ཁོངས་མིས་ངེས་པར་རང་དཔེ་གཞན་སྟོན་བྱས་ཏེ།ཏང་གི་སྒྲིགས་ཡིག་དང་ཏང་སྲོལ་ལ་མིག་དཔེའི་ངང་བརྩི་སྲུང་བྱེད་པ་དང་། ཏང་གི་ཆབ་སྲིད་སྒྲིགས་ཁྲིམས་དང་ཆབ་སྲིད་ལུགས་སྲོལ་ནན་སྲུང་བྱས་ཏེ།ཐོག་མའི་ཆོད་སེམས་མི་བརྗེད་པ་དང་བསྟུད་མར་མདུན་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་པ།སྣེ་ཁྲིད་དེ་དཔེ་སྟོན་པ་དང་གོང་གིས་འོག་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བཅས་བྱས་ཏེ།ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་དཔེ་སྟོན་དགོས།  ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།