ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ«ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱས་ཏེ་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་མྱུར་དུ་གསོ་སྐྱོང་བྱེད་པའི་སྐོར་གྱི་བསམ་འཆར་འགའ»འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ«ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱས་ཏེ་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་མྱུར་དུ་གསོ་སྐྱོང་བྱེད་པའི་སྐོར་གྱི་བསམ་འཆར་འགའ»འགྲེམ་སྤེལ་བྱས།

«བསམ་འཆར»ལས་བསྟན་དོན། ལོ་མང་བའི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་སྔར་ལས་འཕེལ་རྒྱས་བྱུང་བར་མ་ཟད་ལོ་རྒྱུས་ཀྱི་དུས་སྐབས་གསར་བར་སླེབས་ཡོད། ཉིས་སྟོང་བཅུ་བདུན་ལོར་ཞིང་ལས་དང་ཞིང་སྡེ་བྱ་བ་སྒྲུབ་སྐབས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་འཛིན་ཞིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་བཅས་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་ཞིང་ལས་དེང་རབས་ཅན་དང་རྣམ་པ་གསར་བའི་མཁར་གྲོང་ཅན་མཐུན་སྦྱོར་སྒོས་ལག་བསྟར་བྱེད་དགོས་ལ། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱེད་པ་གཙོར་འཛིན་ཞིང་ཞིང་ལས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ། ཞིང་སྡེ་ལྗང་སྒྱུར་བྱེད་པར་དམིགས་ཏེ། ཚན་རྩལ་གསར་སྐྲུན་སྣེ་ཁྲིད་ལ་ཤུགས་སྣོན་ཞིང་གྲུབ་ཚུལ་ལེགས་སྒྲིག་གི་གོམས་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་སྡེའི་བཅོས་སྒྱུར་ཤུགས་ཚད་ཇེ་ཆེར་གཏོང་དགོས་ལ། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཇེ་མཐོར་གཏོང་བ་དང་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། ཞིང་སྡེ་ཁྱོན་ཡོངས་ནས་འབྱོར་འབྲིང་འཛུགས་སྐྲུན་གྱི་ཕྱོགས་སུ་སྐྱོད་པར་བརྩོན་ལེན་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།