ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚད་ཐིག་གཏན་འཁེལ་དང་དམ་སྲུང་བྱེད་དགོས་པའི་སྐོར་གྱི་བསམ་འཆར་རབས་དང་རིམ་པ»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚད་ཐིག་གཏན་འཁེལ་དང་དམ་སྲུང་བྱེད་དགོས་པའི་སྐོར་གྱི་བསམ་འཆར་རབས་དང་རིམ་པ»དཔར་ནས་བཀྲམ། «བསམ་འཆར»ལས་བཀོད་དོན། 2017ལོའི་ལོ་མཇུག་གི་སྔོན་ལ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་དང་། འབྲི་ཆུ་དཔལ་འབྱོར་ས་ཁུལ་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་སོ་སོས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚད་ཐིག་གཏན་འཁེལ་བྱེད་དགོས་པ་དང་། 2018ལོའི་ལོ་མཇུག་གི་སྔོན་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གཞན་པས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚད་ཐིག་གཏན་འཁེལ་བྱེད་དགོས་ལ། 2020ལོའི་ལོ་མཇུག་གི་སྔོན་ལ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚད་ཐིག་གཏན་འཁེལ་དང་ས་མཚམས་ཚད་ཐིག་གཏན་འཁེལ་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚད་ཐིག་ལམ་ལུགས་ཕལ་ཆེར་འཛུགས་པ་དང་། རྒྱལ་ཁོངས་ཐོན་ཁུངས་ཀྱི་སྐྱེ་ཁམས་བར་སྟོང་ལེགས་སྒྲིག་དང་ནུས་ཡོད་སྒོས་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་དགོས། 2030ལོའི་བར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚད་ཐིག་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚད་ཐིག་ལམ་ལུགས་ནུས་ཡོད་སྒོས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ནུས་པ་མངོན་གསལ་སྒོས་ཇེ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཁྱོན་ཡོངས་ནས་འགན་སྲུང་བྱེད་དགོས་ཟེར།

«བསམ་འཆར»ལས་ནན་གྱིས་བཀོད་དོན། འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ལ་གཏོར་བརླག་ཚབས་ཆེན་བྱས་པར་དུས་ནམ་ཡང་རྩད་གཅོད་བྱེད་དགོས་ལ། འགན་འཁྲིའི་མི་སྣ་གོ་གནས་གཞན་ལ་སྤར་པ་དང་། ཡར་འཐེན་བྱས་པ། ཡང་ན་ལས་འཁྱུར་ངལ་གསོ་བྱས་པ་བཅས་གནས་ཚུལ་གང་ཡིན་རུང་ངེས་པར་དུ་རྩད་གཅོད་ནན་མོ་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།