ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་ཟས་རིགས་བདེ་འཇགས་འཆར་འགོད»དང«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་སྨན་རྫས་བདེ་འཇགས་འཆར་འགོད»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་ཟས་རིགས་བདེ་འཇགས་འཆར་འགོད»དང«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་སྨན་རྫས་བདེ་འཇགས་འཆར་འགོད»འགྲེམ་སྤེལ་བྱས་ཏེ། རང་རྒྱལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བའི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། འཕེལ་རྒྱས་དམིགས་འབེན་དང་ལས་འགན་གཙོ་བོ་བཅས་གཏན་འཁེལ་གསལ་བོ་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དང་སྨན་བཀོལ་བདེ་འཇགས་འགན་སྲུང་བྱེད་པར་བཀོད་སྒྲིག་བྱས།

ཉིས་སྟོང་ཉི་ཤུ་ལོའི་བར་དུ་ཟས་རིགས་བདེ་འཇགས་ཐད་ནས་ཟས་རིགས་ཀྱི་རིགས་དང་སྣ་ཁ། ཞིང་ལས་བཙོག་བཟོའི་མགོ་ཁོངས་བཅས་ལ་འཐེན་ཞིབ་བྱས་ནས་བཅོས་སྐྱོང་བཟང་བོ་བྱེད་པ་དང་། ཟས་རིགས་བདེ་འཇགས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་དང་ལག་རྩལ་འདེགས་ཤུགས་ནུས་པ་སྔར་ལས་ཇེ་ཆེར་གཏོང་ངེས་རེད།

«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་སྨན་རྫས་བདེ་འཇགས་འཆར་འགོད»ལས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་སྨན་རྫས་སྤུས་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་། སྨན་བཅོས་སྒྲིག་ཆས་ཀྱི་ཚད་གཞི་སྔར་ལས་ཇེ་མཐོར་གཏོང་དགོས་ལ། ཞིབ་བཤེར་ཆོག་མཆན་འགོད་པའི་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་ཞིབ་བཤེར་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད། ཞིབ་བཤེར་ཚད་ལེན་དང་ལྟ་སྐུལ་དོ་དམ་ཁྲིམས་སྐྱོང་ནུས་པ་ཇེ་ཆེར་གཏོང་བ་དང་སྨན་བཅོས་ཞབས་ཕྱིའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།