ཞི་ཅིན་ཕེན་ཞིན་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཞིན་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཞིན་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཚོགས་ཐོག་ཏུ་ཁྲིན་ཆོན་གོ་དང་ཞོ་ཁི་ལེ་ཐུས་ཀྲ་ཁི་ཨར། སུན་ཅིན་ལུང་། ཧྥུའུ་ཁྲོན་ལེ་སོགས་བློ་མཐུན་བརྒྱད་ཀྱིས་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། དམག་ཚོགས་བཅོས་སྒྱུར་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་གཅེས་ཆོས་ལུགས་མི་སྣས་ནུས་པ་ཆེན་པོ་འདོན་པ། དམངས་ཕན་སྲིད་ཇུས་དངོས་འབེབས་བྱེད་པ། བྱ་བའི་སྤྱོད་ཚུལ་སྒྱུར་བ། དོན་དངོས་བཟང་བོར་སྒྲུབ་པ་སོགས་གནད་དོན་ཐད་ནས་གཏམ་བཤད་པ་དང་། ཞི་ཅིན་ཕེན་གྱིས་ཁོ་ཚོའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་ཞོར་དུ་ཟིན་ཐོ་བཀོད་པར་མ་ཟད་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས། ཞི་ཅིན་ཕེན་གྱིས་ཐོག་མར་ཞིན་ཅང་གིས་ལོ་གཅིག་གི་རིང་ལ་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཞིན་ཅང་གི་འཐབ་ཇུས་གོ་གནས་དམིགས་བསལ་ཡིན་པ་དང་གནས་པའི་གནད་དོན་དམིགས་བསལ་ཡིན་པས། ཞིན་ཅང་གི་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ཀྱི་སྤྱིའི་དམིགས་འབེན་གཞིར་བཟུང་སྟེ། ཞིན་ཅང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྣེ་ཁྲིད་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་རྨང་གཞི་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ་གནད་ཆེ་སར་བཟུང་ནས། བློ་ཐག་རྦད་ཆོད་སྒོས་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བ་སྲུང་སྐྱོབ་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པ་དང་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས་པར་མ་ཟད། ཧུར་ཐག་སྒོས་མཐུན་སྒྲིལ་འཆམ་མཐུན་དང་དར་རྒྱས་ཕྱུག་སྒྱུར། དཔལ་ཡོན་ཡར་ཐོན། བདེ་སྡོད་ལས་བརྩོན་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིན་ཅང་འཛུགས་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། དམག་ཚོགས་ནི་ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་པས། ཧུར་ཐག་སྒོས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པ་དང་། དམག་ཚོགས་ཀྱི་དམིགས་བསལ་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་འཕེལ་རྒྱས་གསོན་ཤུགས་ཇེ་ཆེར་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།