ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་མཚོ་སྔོན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ། ཀྲུང་དབྱང་མགོ་ཁྲིད་བློ་མཐུན་རྣམས་ཀྱིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུངས་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། མཚོ་སྔོན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་རང་རྒྱལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་ཡག་པོ་ཞིག་རྩོམ་ཐུབ་པ་མངོན་འགྱུར་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་བར་རྒྱལ་ཁ་ཐོབ་མིན་ལ་ཕུ་ཐག་གཅོད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གལ་འགངས་ཆེ་ཤོས་ཀྱི་གྲོས་ཚོགས་ཤིག་ཡིན་པར་མ་ཟད། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་མཐུན་སྒྲིལ་གོང་བུ་གཅིག་གྱུར་སྒོས་ད་ལོའི་བྱ་བ་བཟང་བོར་བསྒྲུབས་ཏེ། གྲུབ་འབྲས་གཡུར་དུ་ཟ་བའི་ངོས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་ཕན་པའི་སྤྱིའི་སྐུལ་སློང་ཐེངས་ཤིག་ཀྱང་རེད། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་སྙིང་འབུར་ཐོན་རེད། ཚོགས་ཞུགས་ཨུ་ཡོན་རྣམས་ཀྱིས་བཞེད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཏང་ཀྲུང་དབྱང་གི་སྲོག་ཤིང་ཡིན་པ་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པ་གསལ་སྟོན་བྱས་ཤིང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་བཅས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སེམས་འདུན་ཀུན་ནས་མཚོན་པར་མ་ཟད། ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཀྱང་མངོན་པར་མཚོན་ཡོད་པས། ཏང་དང་རྒྱལ་ཁབ་དར་རྒྱས་འབྱུང་བ་དང་ཡུན་སྐྱོང་བདེ་འགོད་ཀྱི་རྩ་བའི་འགན་སྲུང་ཡང་རེད། དེ་བས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་མངོན་གསལ་ཇེ་དྲག་ཏུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་གོང་བུ་གཅིག་གྱུར་བྱེད་དགོས་པ་དང་། ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་གང་ལེགས་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་ལ་བློ་ཐག་རྦད་ཆོད་ངང་སྲུང་སྐྱོབ་བྱས་ཏེ། ལས་རིམ་ཁག་སོ་སོའི་བྱ་བ་དངོས་འབེབས་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས་པར་མ་ཟད། གྲུབ་འབྲས་གཡུར་དུ་ཟ་བའི་ངོས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསུ་ཐུབ་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཚོགས་ཆེན་གཉིས་ཀྱི་དགོངས་སྙིང་ལ་སློབ་སྦྱོང་ནན་མོ་དང་གོ་བ་ཡང་དག་བླངས་ནས། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། འཚོལ་དཔྱོད་བྱེད་ཕོད་པ་དང་ལག་ལེན་ལ་འཇུག་ཕོད་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ཤིང་། ཁྱད་པར་དུ་མཚོ་སྔོན་གྱི་བྱ་བར་བཏོན་པའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། བསམ་བློར་གཞུང་ལུགས་ཀྱི་ཟུར་བརྒྱན་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བའི་གོང་འོག་ཡར་ལྡན་དུ་སྤེལ་བ་བཅས་ལ་ཤུགས་འདོན་དགོས་པར་མ་ཟད། བར་མ་ཆད་པའི་ངང་བསྒྱུར་དགོས་པ་བཞིའི་ནང་བཅུད་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ནི། ཏན་ཏན་ཏིག་ཏིག་བཞི་ཡར་ལྡན་དུ་སྤེལ་བའི་རང་རྟོགས་ཀྱི་སྦྱོར་བ་དང་ལག་ལེན་གསོན་པོ། བདེན་གཉེར་བྱེད་ཐབས་བཅས་སུ་འགྱུར་བར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཤེས་རབ་མ་ལུས་གཅིག་བསྡུས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

གྲོས་ཚོགས་ལས་ཉིས་སྟོང་བཅུ་བདུན་ལོའི་དམངས་གཙོའི་གྲོས་མོལ་གྱི་གྲོས་གཞིའི་བཀོད་སྒྲིག་འཆར་འགོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་སྣེ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་བརྩོན་ཆེན་པོས་མཚོ་སྔོན་གྱི་དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི་བཅས་ལ་སྣེ་ཁྲིད་དེ། གྲོས་མོལ་གྱི་གྲོས་གཞིར་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། བཞུགས་མོལ་གྲོས་བསྡུར་བྱེད་པ། ཧུར་བརྩོན་ཆེན་པོས་བློ་འདོན་ཇུས་འབུལ་བྱེད་པ། གྲོས་མོལ་སྲིད་གླེང་གཏིང་ཟབ་དུ་སྤེལ་བ་བཅས་ལ་འབད་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཤེས་རབ་དང་སྟོབས་ཤུགས་གང་ཡོད་གཅིག་བསྡུས་བྱས་ཏེ། ཁ་མིན་དོན་གྱིས་ཐབས་ཇུས་ཀྱི་ཚན་རིག་རང་བཞིན་དང་དམངས་གཙོའི་རང་བཞིན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། འབྲེལ་ཡོད་སྣེ་ཁྲིད་ལས་ཁུངས་ཁག་གིས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། སེམས་ཞིབ་མོས་ལག་ལེན་དངོས་ལ་རྩ་འཛུགས་བྱས་ཏེ། དམངས་གཙོའི་གྲོས་མོལ་ཚད་ལྡན་ཅན་དང་གོ་རིམ་ཅན་འཛུགས་པར་ཤུགས་བསྣན་མཐར། ད་ལོའི་གྲོས་མོལ་འཆར་གཞི་བདེ་ལེགས་ངང་ཡོངས་འགྲུབ་བྱེད་པར་འགན་སྲུང་ཡོད་དགོས་ཟེར།
གྲོས་ཚོགས་ལས་ཞིང་ཆེན་གྱི་མགོ་ཁྲིད་དང་རྒྱལ་ཁབ་འབྲེལ་ཡོད་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་མགོ་ཁྲིད་བཅས་ཀྱིས་བཞུགས་མོལ་འབྲེལ་མཐུད་བྱ་བའི་གནས་ཚུལ་སྙན་ཞུར་ཉན། གྲོས་ཚོགས་སྟེང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།