ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བསྡུས་པར་མ་ཟད་མགོ་འཛིན་བྱས་ཏེ་ལིན་ཀྲིན་ཡོའེ་ཨིག་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ཐེངས་ལྔ་བའི་སྲིད་འཛིན་དཔོན་པོར་བསྐོ་བཞག་བྱེད་རྒྱུ་གཏན་འཁེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

104004c60b97f5311dcd9f8a78bbf050.jpg

ཚེས་སུམ་ཅུའི་ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བསྡུས་པར་མ་ཟད་མགོ་འཛིན་བྱས་ཏེ། ལིན་ཀྲིན་ཡོའེ་ཨིག་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ཐེངས་ལྔ་བའི་སྲིད་འཛིན་དཔོན་པོར་བསྐོ་བཞག་བྱེད་རྒྱུ་གཏན་འཁེལ་བྱས་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ལས་འགན་འཁུར་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཚེས་སུམ་ཅུའི་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བསྡུས་པར་མ་ཟད་མགོ་འཛིན་བྱས་ཏེ། ལིན་ཀྲིན་ཡོའེ་ཨིག་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ཐེངས་ལྔ་བའི་སྲིད་འཛིན་དཔོན་པོར་བསྐོ་བཞག་བྱེད་རྒྱུ་གཏན་འཁེལ་བྱས་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ལས་འགན་འཁུར་རྒྱུ་རེད། གྲོས་ཚོགས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ལིན་ཀྲིན་ཡོའེ་ཨིག་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ཐེངས་ལྔ་བའི་སྲིད་འཛིན་དཔོན་པོའི་འོས་མིར་བདམས་པའི་འབྲེལ་ཡོད་སྙན་ཞུར་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཀོང་ཡཱ་ཡིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ཐེངས་ལྔ་བའི་སྲིད་འཛིན་དཔོན་པོའི་འོས་མི་བདམས་ཐོན་བྱུང་བའི་གོ་རིམ་སྙན་ཞུ་བྱས་པར་ཉན། ལི་ཁི་ཆང་གིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུང་རྒྱུར། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ཐེངས་ལྔ་བའི་སྲིད་འཛིན་དཔོན་པོའི་འདེམ་བསྐོ་ནི་ཁྲིམས་ལྟར་སྤེལ་བ་ཡིན་པས། དེ་ནི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་འཁེལ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་བཅས་དང་ཡོངས་སུ་མཐུན་པས། ཡོངས་བསྒྲགས་དང་དྲང་བདེན་དྲང་བཞག་གི་རྩ་དོན་མངོན་པར་མཚོན་ཡོད། ལྕམ་ལིན་ཀྲིན་ཡོའེ་ཨིག་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོར་བདམ་པ་དེས། ཞང་ཀང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་ཐུན་མོང་གི་ཁས་ལེན་དང་ཡིད་ཆེས། རེ་བ་བཅས་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད་ཟེར།

ལི་ཁི་ཆང་གིས་བསྟན་དོན། ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་དུ་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག་དང་ཞང་ཀང་པས་ཞང་ཀང་སྐྱོང་བ། ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། གཟབ་ནན་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་བྱ་བ་སྒྲུབ་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག་དེ་ཞང་ཀང་ནས་ལག་ལེན་བྱེད་པར་འགྱུར་བ་མེད་པར་ཁག་ཐག་བྱས་ཏེ། སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ལེགས་བཅོས་བྱེད་པ། དམངས་གཙོ་དང་འཆམ་མཐུན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་དགོས། བྱེད་ཐབས་ལེགས་པོ་སྤྱད་ནས་ནང་ལོག་དང་ཞང་ཀང་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཞང་ཀང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་ཁྲོད་ཀྱི་གོ་གནས་ནུས་པ་མཐོར་འདེགས་སུ་གཏོང་དགོས། ལྕམ་ལིན་ཀྲིན་ཡོའེ་ཨིག་གིས་སྲིད་འཛིན་དཔོན་པོའི་འགན་ཁུར་རྗེས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་ཞང་ཀང་གི་ལས་རིགས་སོ་སོའི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དངོས་གཉེར་མདུན་སྐྱོད་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཞང་ཀང་ཡུན་རིང་གཏན་འཇགས་རྒྱུན་འཁྱོངས་བྱས་ཏེ། སྔ་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར། ཙུང་ལི་ལི་ཁི་ཆང་གིས་ལིན་ཀྲིན་ཡོའེ་ཨིག་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ཐེངས་ལྔ་བའི་སྲིད་འཛིན་དཔོན་པོར་བསྐོས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་དྲུག་བརྒྱ་དང་དོན་བརྒྱད་པའི་སྟེང་མིང་བཀོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལི་དང་ལིག་ཡན་ཏུང་། མཱ་ཁེ། རྒྱལ་སྲིད་ཨུ་ཡོན་དབྱང་ཅིན། ཁྲང་ཝན་ཆོན། དབྱང་ཅེ་ཁྲི། ཀོ་ཧྲིན་ཁུན། ཝང་ཡུང་བཅས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་གཞན་དག་བཅས་གྲོས་ཚོགས་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།