ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་ཧི་ཨར་ཞིན་ཅི་གྲོང་ཁྱེར་དུ་ཐོན་ནས་ཧྥིན་ལན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平抵达赫尔辛基 开始对芬兰共和国进行国事访问.jpg

ཟླ་བཞི་བའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧི་ཨར་ཞིན་ཅི་གྲོང་ཁྱེར་དུ་ཐོན་ནས་ཧྥིན་ལན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ང་ལྔའི་སྟེང་ཀྲུའུ་ཞི་ཞི་ཅིན་ཕེན་བཞུགས་པའི་གནམ་གྲུ་ཧི་ཨར་ཞིན་ཅི་ཝུན་ཐ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་པ་དང་། ཧྥིན་ལན་སྲིད་གཞུང་གི་འཐུས་མི། ཞིང་ལས་དང་ཁོར་ཡུག་སྲུང་སྐྱོབ་པུའུ་ཀྲང་ཏིས་ལིས་ཁེ་ཉིན་སོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ལ་བསུ་བ་བྱས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་ཀྱི་བར་ཐག་རིང་ནའང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད། ཀྲུང་གོ་དང་ཧྥིན་ལན་བར་འབྲེལ་བ་བཙུགས་ནས་ལོ་རེ་བདུན་གྱི་རིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་བརྟན་བརླིང་སྒོས་འཕེལ་རྒྱས་སུ་སོང་། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཧྥིན་ལན་བར་གྱི་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། ཁོར་ཡུག་སྲུང་སྐྱོབ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད། དེང་སྐབས་ཕྱོགས་གཉིས་ཀྱིས་ཧུར་ཐག་སྒོས་མ་འོངས་པར་ཁ་ཕྱོགས་པའི་རྣམ་པ་གསར་བའི་མཉམ་ལས་གྲོགས་པོའི་འབྲེལ་བ་གསར་སྐྲུན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་དང་ཧྥིན་ལན་བར་གྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དང་འཕྲད་ཡོད། བདག་གིས་ཧྥིན་ལན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་བཟང་བོ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྥིན་ལན་ལ་རྒྱལ་དོན་འཚམས་འདྲི་མཛད་རྗེས། ཨ་མེ་རི་ཁའི་ཧྥའོ་ལོ་ལེ་ཏ་ཀྲིག་ལ་ཕེབས་ཏེ་ཀྲུང་གོ་དང་ཨ་མེ་རི་ཁའི་མགོ་གཙོའི་ཐུག་འཕྲད་ལ་ཞུགས་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།