ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ལྷན་གྱིས་《མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་པ།

ཡོང་ཁུངས། : གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།   རྩོམ་པ་པོ། : སྙིང་ལྕགས།   སྤེལ་དུས། : 2017-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ལྷན་གྱིས་《མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་པ་རེད།

《མཛུབ་ཁྲིད་བསམ་འཆར་》ནང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་ནང་དོན་གལ་ཆེན་དང་འགན་ལེན་གལ་ཆེན་ཞིག་རེད། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་ནི་མི་དམངས་མང་ཚོགས་ཀྱིས་ཇུས་ཤུགས་མཉམ་འདོན་དང་། མཉམ་སྐྲུན་མཉམ་སྤྱོད། སྤྱི་ཚོགས་སྒྱུར་བཀོད། མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་བཅས་ཀྱི་བྱ་སྤྱོད་ཅིག་དང་། རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་གོང་མཐོར་གཏོང་བའི་ཐབས་ལམ་ནུས་ལྡན། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ལས་འགན་དང་བླང་བྱ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ཏུ་དོན་འཁྱོལ་བྱེད་པའི་གཞི་རྟེན་གལ་ཆེན་དང་དམ་འཛིན་བྱ་གཞིའི་ནུས་ལྡན་བཅས་ཡིན་པ་བསྟན་ཡོད་པ་རེད།

 《མཛུབ་ཁྲིད་བསམ་འཆར་》ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་པ་མ་ཟད། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ནས་དུས་བབ་གསར་པའི་འོག་གི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་ཆེད་མཛུབ་ཁྲིད་གལ་ཆེན་དང་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་ནས་དཔལ་ཡོན་གཉིས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་དངོས་པོའི་དཔལ་ཡོན་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཆེ་རུ་འགྲོ་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ལེགས་བཅོས་བཅས་བྱུང་ཚེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གཞི་ནས་བདེ་བླག་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་པའི་ར་སྤྲོད་བྱུང་བ་བསྟན་ཡོད་པ་རེད།

《མཛུབ་ཁྲིད་བསམ་འཆར་》ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཡོངས་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུ་གཞི་རྩར་བྱེད་པ། བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ། གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་གཏོང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་ཤེས་དཔལ་སྲོལ་གསར་སྐྱེད་སྲིང་བྱེད་པ། རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་ཤུགས་ཆེན་གཏོད་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྒུལ་ཤུགས་ཆེན་པོ། ཀུན་སྤྱོད་ཀྱི་ཡིད་གསོས་ཕུན་སུམ་ཚོགས་པོ། རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་མཁོ་འདོན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

《མཛུབ་ཁྲིད་བསམ་འཆར་》ནང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོར་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། ཡིད་རྟོན་འཛུགས་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་དར་སྤེལ། སྔོན་ཐོན་གྱི་དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་སོགས་ཐད་ཀྱི་ལས་དོན་གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་དགོས། ཤེས་དཔལ་གྲོང་ཁྱེར་དང་། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། ཤེས་དཔལ་ཚན་པ། ཡ་རབས་ཁྱིམ་ཚང་། ཤེས་དཔལ་སློབ་གྲྭ་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་བསམ་བློ་ཀུན་སྤྱོད་ཀྱི་ནང་དོན་མངོན་གསལ་དོད་དུ་གཏོང་བ་དང་། དམངས་ཆེད་དམངས་ཕན་གྱི་གསར་གཏོད་མཐའ་འཁྱོངས། མི་རྣམས་ཀྱིས་ཁྱིམ་ཚང་གི་བདེ་སྐྱིད་དོན་གཉེར་དང་། གཞན་ལ་དྲོ་སྐྱིད་མཚོན་པ་བྱེད་པ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རིང་བསམ་བློའི་འཁྱེར་སོ་ལེགས་སུ་གཏོང་བ་དང་ཤེས་དཔལ་དར་སྲོལ་སྐྱེད་སྲིང་བྱ་རྒྱུར་སྐུལ་མ་གཏོང་དགོས། དམངས་ཡོངས་ཀྱི་ཚན་རིག་སློབ་གསོའི་རིག་གནས་བྱང་ཚད་དང་བདེ་ཐང་གི་བྱང་ཚད་གོང་མཐོར་བཏང་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ལས་དོན་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཚུལ་རིང་ལུགས་སྔོན་འགོག་དང་ཁྱད་བསད་བྱས་ཏེ་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོའི་དམིགས་སའི་རང་བཞིན་དང་། ནུས་ལྡན་རང་བཞིན། ཡིད་དབང་འགུག་ཤུགས། ཡིད་དབང་འཕྲོག་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ལུགས་བསྟན་ཡོད་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།