ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

bd0e591d2a7d3db1bb8ff6f5c3c721c1.jpg

ཟླ4པའི་ཚེས13ཉིན། གདན་དྲངས་པ་ལྟར་ཨུ་རུ་སི་ལ་འཚམས་འདྲི་བྱེད་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་མོ་སི་ཁོ་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གདན་དྲངས་པ་ལྟར་ཨུ་རུ་སི་ལ་འཚམས་འདྲི་བྱེད་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་གསུམ་ཉིན་མོ་སི་ཁོ་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་བྱས།

ཀྲང་ཀའོ་ལིས་ཀྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་བརྩེ་བའི་འཚམས་འདྲི་སྨོན་འདུན་བཟང་པོ་བརྒྱུད་སྒྲོག་བྱས། ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་ཁྲིད་སྟོན་དང་སྐུ་དངོས་ཀྱི་སྐུལ་འདེད་འོག ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་གོང་འཕེལ་བྱུང་ནས། དམིགས་འབེན་གསར་བ་གཏན་ལ་ཕབ་པ་དང་། འཐབ་ཇུས་ཀྱི་མཐོ་ཚད་དུ་སླེབས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཟེར། ཀྲང་ཀའོ་ལིས་ཀྱིས་ཉེ་བའི་དུས་སྐབས་སུ་ཀྲུང་གོ་དང་ཨུ་རུ་སིས་ནུས་ཁུངས་དང་དངུལ་གཏོང་། ནོར་སྲིད་སོགས་མཉམ་ལས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་། ཐེངས་འདིའི་འགྲུལ་བཞུད་ཀྱི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་གཉིས་ཀྱི་གོང་གསལ་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་ལ་དབྱེ་ཞིབ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་བ་དངོས་འབེབས་བྱེད་པའི་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་མཇལ་འཕྲད་ལ་གྲ་སྒྲིག་སྔར་ལས་བཟང་པོ་བྱེད་རྒྱུ་དེ་ཡིན་ཞེས་བསྟན།

ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཀྲུང་གོས་ད་ལོའི་ཟླ་ལྔ་བའི་ཚེས་བཅུ་བཞི་དང་ཚེས་བཅོ་ལྔ་ཉིན་གཉིས་ལ་པེ་ཅིན་ནས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གཙོ་སྒྲུབ་བྱེད་རྒྱུ་ཡིན་ལ། ཀྲུང་གོས་ཨུ་རུ་སི་ནི་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་དུ་བརྩིས་ཡོད་པ་དང་། ཙུང་ཐུང་ཕུའུ་ཅིན་གླེང་སྟེགས་ལ་ཞུགས་པར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱེད་རྒྱུ་ཡིན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གཉིས་སྦྲེལ་མཐུད་བྱེད་པ་ནི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱི་བར་བྱུང་བའི་འཐབ་ཇུས་ཀྱི་ཐུན་མོང་ལྟ་བ་ཡིན་ལ། ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་དེ་བྲེལ་འཚུབ་ཆེན་པོས་དངོས་འབེབས་བྱེད་བཞིན་ཡོད་པ་དང་། བྱེ་བྲག་གི་མཉམ་ལས་ཧུར་ཐག་གིས་སྤེལ་བཞིན་ཡོད། ཀྲུང་གོས་ཨུ་རུ་སིས་བཏོན་པའི་ཡོ་རོབ་དང་ཨེ་ཤ་ཡའི་གྲོགས་པོའི་འབྲེལ་བའི་སྐོར་གྱི་གྲོས་གཞི་ལ་ཧ་ཅང་མཐོང་ཆེན་དང་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་དེའི་བྱེད་ཐབས་དངོས་ལ་ཞིབ་འཇུག་དང་གྲོས་སྡུར་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ནུས་ཁུངས་ཀྱི་ལས་གཞི་ཆེན་པོའི་འཛུགས་སྐྲུན་མྱུར་དུ་སྤེལ་བ་དང་། དངུལ་གཏོང་མཉམ་ལས་ཧུར་ཐག་གིས་རྒྱ་བསྐྱེད་པ། ནོར་སྲིད་ཁྱབ་ཁོངས་ཀྱི་མཉམ་ལས་འབད་པ་ཆེན་པོས་སྤེལ་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་གོང་འཕེལ་ལ་ཡར་སྐུལ་སྔར་ལས་བཟང་པོ་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་ཀྲང་ཀའོ་ལིས་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕེན་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཕུའུ་ཅིན་གྱིས་ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་དངུལ་གཏོང་པ་ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱིས་ད་ལྟའི་མཉམ་ལས་ཀྱི་རྨང་གཞིའི་སྟེང་། མཉམ་ལས་ཁྱབ་ཁོངས་གསར་བ་བཏོད་ནས། ཨུ་རུ་སི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བར་སྒུལ་ཤུགས་གསར་བ་སྣོན་དགོས་ཞེས་ནན་གྱིས་བསྟན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།