ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ལས་ཞུགས་ལས་སྤེལ་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་གིས་མིང་བཀོད་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ«དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ལས་ཞུགས་ལས་སྤེལ་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

«བསམ་འཆར»ལས་བསྟན་དོན། ལས་ཞུགས་ནི་མི་དུང་ཕྱུར་བཅུ་གསུམ་ལྷག་གི་ཆེས་ཆེ་བའི་དམངས་ཚིས་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེས་གཞི་རྩའི་འདེགས་ཤུགས་ཡིན། ལས་ཞུགས་གནས་བབ་ཀྱི་འགྱུར་ལྡོག་གསར་བ་དང་འགྲན་རྩོད་གསར་བར་དམིགས་ཏེ། ངེས་པར་དུ་ལས་ཞུགས་བྱ་བ་གཙོར་བཟུང་ནས་ལས་ཞུགས་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་དང་སྔར་ལས་ཧུར་ཐག་བྱེད་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ལས་ཞུགས་བརྟན་འཇགས་དང་རྒྱ་བསྐྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

«བསམ་འཆར»ལས་ཕྱོགས་ལྔའི་སྲིད་ཇུས་དང་བྱེད་ཐབས་བཏོན། གཅིག ལས་ཞུགས་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཉིས། ལས་ཞུགས་གསར་བའི་གནས་བབ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། གསུམ། ལས་སྤེལ་གྱིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པར་ཡར་སྐུལ་གཏོང་དགོས། བཞི། ཚོགས་ཁག་གཙོ་བོའི་ལས་ཞུགས་ལས་སྤེལ་བྱ་བ་དམ་འཛིན་བྱེད་དགོས། ལྔ། སློབ་གསོའི་གསོ་སྦྱོང་དང་ལས་ཞུགས་ལས་སྤེལ་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་དགོས་པ་བཅས་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།