ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་དབུས་གནས་དམངས་གཙོ་ཏང་རྒྱལ་སྤྱིའི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བཅོ་ལྔ་ཉིན་པེ་ཅིན་ནས་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་དམངས་སེམས་འབྲེལ་འདྲིས་ཟབ་སྤེལ་བརྗོད་གཞིའི་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་དབུས་གནས་དམངས་གཙོ་ཏང་རྒྱལ་སྤྱིའི་ཀྲུའུ་ཞི། ཁོ་ལོམ་པི་ཡའི་སྔོན་ཆད་ཀྱི་ཙུང་ཐུང་ཕ་སི་ཐི་ལཱ་ན་ལ་མཇལ་འཕྲད་གནང་།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཡོད་ལ། དེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཐད་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་ཡར་སྐུལ་བྱེད་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་དབུས་གནས་དམངས་གཙོའི་ཏང་རྒྱལ་སྤྱི་དང་དེའི་ཁོངས་གཏོགས་ཏག་ཁག་བར་གྱི་འགྲོ་འོང་ལ་མཐོང་ཆེན་བྱེད་བཞིན་པ་དང་། གྲོས་མོལ་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་པོ་འབུལ་འདོད་ཡོད་ཟེར།

ཕ་སི་ཐི་ལཱ་ན་ཡིས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གསུང་བཤད་གྱིས་མི་རྣམས་ཀྱི་བརྩོན་སེམས་བསྐྱེད་སོང་། ལཱ་ཏེན་མེ་གླིང་ས་ཁུལ་དང་ཁོ་ལོམ་པི་ཡས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་། ཀྲུང་གོ་དང་ཁོ་ལོམ་པི་ཡའི་དམངས་སེམས་འབྲེལ་འདྲིས་ཟབ་སྤེལ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།