ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་པན་རང་དབང་དམངས་གཙོ་ཏང་གི་ཀན་ཧྲི་ཀྲང་ཨེ་ཅེ་ཅོན་པོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6861ddac15f3f2025557ea59f4b56e93.jpg

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་འཇར་པན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སུ་ཞུགས་པར་ཡོང་བའི་འཇར་པན་རང་དབང་དམངས་གཙོ་ཏང་གི་ཀན་ཧྲི་ཀྲང་ཨེ་ཅེ་ཅོན་པོ་ལ་མཇལ་འཕྲད་གནང་། 

 bb7734e6c650fcede21e1d53ea6e161d.jpg

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་འཇར་པན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སུ་ཞུགས་པར་ཡོང་བའི་འཇར་པན་རང་དབང་དམངས་གཙོ་ཏང་གི་ཀན་ཧྲི་ཀྲང་ཨེ་ཅེ་ཅོན་པོ་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་འཇར་པན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱི་འི་མཉམ་ལས་གླེང་སྟེགས་སུ་ཞུགས་པར་ཡོང་བའི་འཇར་པན་རང་དབང་དམངས་གཙོ་ཏང་གི་ཀན་ཧྲི་ཀྲང་ཨེ་ཅེ་ཅོན་པོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། སྐུ་ཞབས་ཨེ་ཅེ་ཅོན་པོ་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་ལ། དུས་ཡུན་རིང་བོར་ཀྲུང་གོ་དང་འཇར་པན་གཉིས་ཀྱི་མཛའ་མཐུན་བརྗེ་རེས་མཉམ་ལས་ཐད་ལ་འབད་བརྩོན་བྱས་ཡོད། ད་ལོ་ནི་ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་སྒྱུར་ནས་ལོ་ཞེ་ལྔ་འགོར་བའི་ལོ་ཡིན་ལ། སང་ལོ་ཡང་ཀྲུང་གོ་དང་འཇར་པན་བར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་དེ་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོ་སྐབས་གསར་བར་འཕྲད་པ་དང་། འགྲན་རྩོད་ཀྱི་གནད་དོན་འབུར་ཐོན་ལའང་ཁ་གཏད་འཇལ་དགོས་པས། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིག་ཆ་བཞི་དང་རྩ་དོན་བཞིའི་ཐུན་མོང་གི་ལྟ་བའི་རྨང་གཞིའི་སྟེང་། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། མ་འོངས་པར་ཁ་ཕྱོགས་པའི་སྙིང་སྟོབས་ལྟར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་སྒྱུར་ནས་ལོ་ཞེ་ལྔ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་ཤེས་ལྡན་པས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་སྐྲུན་པར་མ་ཟད། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ཐད་ལའང་ནུས་པ་གལ་ཆེན་འདོན་སྤེལ་བྱས། ང་ཚོས་འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤྱི་ཁོག་འོག་གི་མཉམ་ལས་སྤེལ་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཨེ་ཅེ་ཅོན་པོ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཇལ་འཕྲད་གནང་བར་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཕན་འབྲས་ལྡན་པའི་ངང་བསྡུས་པར་རྟེན་འབྲེལ་ཞུས། ད་ལོ་དང་སང་ལོ་གཉིས་ནི་འཇར་པན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་སྒྱུར་ནས་ལོ་ཞེ་ལྔ་ལོན་པ་དང་། འཇར་པན་དང་ཀྲུང་གོའི་བར་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་དེ་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་རྗེས་དྲན་བྱ་འགུལ་སྣ་ཚོགས་སྤེལ་ཏེ། འཇར་པན་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་སྟོབས་ཤུགས་འདོན་སྤྲོད་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།