ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥིན་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཞི་པུས་ལེ་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平会见芬兰总理西比莱 00.jpg

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥིན་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཞི་པུས་ལེ་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥིན་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཞི་པུས་ལེ་ལ་ཐུག་འཕྲད་བྱས།

ཞི་ཅིན་ཕིང་གིས་བཤད་རྒྱུར། ད་ལོའི་ཟླ་བཞི་བར་བདག་གིས་ཧྥིན་ལན་ལ་རྒྱལ་དོན་འཚམས་འདྲི་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱིས་མ་འོངས་པར་ཁ་ཕྱོགས་པའི་རྣམ་པ་གསར་བའི་མཉམ་ལས་གྲོགས་པོའི་འབྲེལ་བ་དངོས་སུ་བཙུགས། དེང་སྐབས་ཀྱི་གནས་བབ་འོག་ཏུ་ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་པུས་ལེ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་བཞི་བར་ཧྥིན་ལན་ལ་རྒྱལ་དོན་འཚམས་འདྲི་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དངུལ་གཏོང་དང་ཁོར་ཡུག་སྲུང་སྐྱོབ། དག་གཙང་ལག་རྩལ། རིག་སྟོབས་གྲོང་ཁྱེར། སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་སྤྱི་ཁོག་ནང་གི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།