ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཐེངས་དྲུག་པ་ཞིན་ཅང་ཁ་ཧྲི་ནས་བསྡུས། ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

俞正声出席并讲话1.jpg

པར་འདི་ནི་ཟླ་བདུན་པའི་ཚེས་བཅུ་ཉིན་ཡུས་ཀྲིན་ཧྲིན་རྒྱལ་ཡོངས་ཀྱི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཚུལ་རེད། 
 

俞正声出席并讲话2.jpg

པར་འདི་ནི་ཟླ་བདུན་པའི་ཚེས་དགུ་ཉིན་ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་ཅི་ཧྥ་ཧྭ་ཧི་གྱོན་ཆས་ཚད་ཡོད་ཀུང་ཟི་ལ་རྟོག་ཞིབ་བྱས་པའི་ཚུལ་རེད། 
 

俞正声出席并讲话3.jpg

པར་འདི་ནི་ཟླ་བདུན་པའི་ཚེས་བཅུ་ཉིན་ཡུས་ཀྲིན་ཧྲིན་གྱིས་ཁ་ཧྲིའི་ཏའོ་ལེ་ཐི་པ་ཀི་ཞང་གི་མི་རིགས་མཐུན་སྒྲིལ་གཞིས་ཁུལ་ལ་རྟོག་ཞིབ་བྱས་པའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་ཀྱི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཐེངས་དྲུག་པ་དེ་ཟླ་བདུན་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཞིན་ཅང་ཁ་ཧྲི་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོིགས་སུ་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཞིན་ཅང་བྱ་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་དང་ཁྱད་པར་དུ་ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། ལོ་ངོ་ཉི་ཤུ་རིང་གི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་ནས། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ཡོང་བ་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པ་བསྟན།

ཡུས་ཀྲིན་ཧྲིན་གྱིས་བཤད་རྒྱུར། ལོ་ངོ་ཉི་ཤུའི་རིང་ལ། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དེས་ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་ཡོང་བར་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ནུས་པ་གལ་ཆེན་བཏོན། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་ཀྱི་བཀའ་དྲིན་ཡིན་ལ། ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་བཀའ་དྲིན་དང་། ཞིན་ཅང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནུས་ཤུགས་གཙོ་བོ་འདོན་སྤེལ་བྱས་པའི་བཀའ་དྲིན། ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཆབ་སྲིད་འཛིན་པ་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས་སྟོབས་ཤུགས་ཡོད་རྒུས་བྱ་བར་འབད་བརྩོན་བྱས་པའི་བཀའ་དྲིན། ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་རྒྱ་ཆེའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་སྒེར་སེམས་མེད་པར་བྱས་རྗེས་བཞག་པ་དང་དཀའ་སྤྱད་ཀྱིས་འབད་བརྩོན་བྱས་པའི་བཀའ་དྲིན་བཅས་ཡིན། ཏང་ཀྲུང་དབྱང་གི་ཞིན་ཅང་བྱ་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་དང་། དུས་ཡུན་རིང་བོར་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་བྱ་བའི་བྱེད་ཕྱོགས་ནི་ཧ་ཅང་ཡང་དག་པ་དང་། ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་རྒྱ་ཆེའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཉམས་སད་ཐེག་ཐུབ་པ་དང་ཡིད་རྟོན་བྱེད་ཆོག་པ་དོན་དངོས་ཀྱི་ལག་ལེན་ལས་ར་སྤྲོད་བྱུང་བ་ཡིན་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བཤད་རྒྱུར། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་པ་དང་སྤོབས་པ་ཆེན་པོས་གསར་གཏོད་བྱས་ནས། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཁྲོད་ཉམས་མྱོང་བཟང་བོ་བསགས། ཉམས་མྱོང་དེ་དག་ནི་སྔོན་ཆད་ཀྱི་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་བྱ་བར་སྤྱི་བསྡོམས་བྱས་པ་ཡིན་ལ། ཕྱིན་ཆད་མུ་མཐུད་དུ་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཁྲོད་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ཡིན་ཟེར།

ཡུས་ཀྲིན་ཧྲིན་གྱིས་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བས་ཏང་ཀྲུང་དབྱང་གི་ཞིན་ཅང་བཅོས་སྐྱོང་སྐོར་གྱི་བྱེད་ཕྱོགས་དང་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཇུས་ཆོད་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་དགོས། གཅིག་ནི་བློ་བརྟན་འགྱུར་མེད་སྒོས་འབྱོར་འབྲིང་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བར་དམིགས་ནས། རོགས་སྐྱོར་བྱེད་པའི་ས་ཁུལ་དུས་ལྟར་དབུལ་ཐར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས་ནི་བློ་བརྟན་འགྱུར་མེད་སྒོས་ལས་ཞུགས་རྒྱ་བསྐྱེད་པ་དང་ཐོན་ལས་ལ་བརྟེན་ནས་ཞིན་ཅང་ལ་རོགས་སྐྱོར་བྱེད་པར་དམིགས་ནས། དཀའ་ཁག་མང་ཚོགས་སྔར་ལས་མང་པོས་ལས་ཀར་ཞུགས་པར་སྐུལ་འདེད་གཏོང་དགོས། གསུམ་ནི་བློ་བརྟན་འགྱུར་མེད་སྒོས་མི་གྲངས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་སློབ་གསོར་བརྟེན་ནས་ཞིན་ཅང་ལ་རོགས་སྐྱོར་བྱེད་པར་སྐུལ་འདེད་གཏོང་དགོས། བཞི་ནི་བློ་བརྟན་འགྱུར་མེད་སྒོས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས། ལྔ་ནི་བློ་བརྟན་འགྱུར་མེད་སྒོས་གཞི་རིམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་རེ་བ་བཏོན།

གྲོས་ཚོགས་སྟེང་རྒྱལ་ཡོངས་ཀྱི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།

སུང་ཁྲུན་ལན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། དབྱང་ཅིན་གྱིས་སྤྱི་བསྡོམས་གཏམ་བཤད་སྤེལ་ཏེ། གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ལ་རེ་བ་བཏོན།

ཁ་ཧྲི་ནས་ཡུས་ཀྲིན་ཧྲིན་གྱིས་ད་རུང་ཁེ་ལས་དང་མང་ཚོགས་སྟབས་བདེའི་ཉེན་རྟོག་ལས་དོན་ས་ཚིགས། བྱིས་པ་ཁང་། མི་རིགས་མཐུན་སྒྲིལ་གཞིས་ཁུལ་སོགས་ལ་རྟོག་ཞིབ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།