ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

bf986503f86a853810347599f60e80e3.jpg

ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་འགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གཉིས་གྲོས་ཚོགས་སུ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བདུན་ཉིན་པེ་ཅིན་ནས་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གཉིས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་པེད་ཁྲུན་ཨིན་དང་ཞེ་ཏན་ཡང་། ཡུས་པིན་སོགས་ཆེད་མཁས་པ་དང་ཧ་ཨར་པིན་གློག་ཤུགས་སྡེ་ཚོགས་སོགས་ཁེ་ལས་ཀྱི་འགན་ཁུར་བས་དཔལ་འབྱོར་འཁོར་རྒྱུག་དང་། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་ལ་སྐུལ་འདེད་གཏོང་བ། མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་བཅས་ལ་དམིགས་ཏེ་སྔ་གཞུག་ཏུ་གཏམ་བཤད། ཚང་མས་བལྟས་ན། ད་ལོའི་དཔལ་འབྱོར་བརྟན་འཇགས་ཁྲོད་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། དཔལ་འབྱོར་གྲུབ་ཚུལ་དང་། འཕེལ་རྒྱས་ཀྱི་སྟོབས་ཤུགས། རྒྱུ་སྤུས་དང་ཕན་འབྲས་བཅས་ཐད་ལ་འགྱུར་ལྡོག་བཟང་བོ་བྱུང་བར་མ་ཟད། དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ཡར་སྐུལ་འཕེལ་རྒྱས་ཐད་ལའང་གནས་བབ་བཟང་བོ་བྱུང་སྟེ། ད་ལོའི་སྔོན་དཔག་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱེད་ཐུབ་པར་སྙམ།

ལིས་ཁི་ཆང་གིས་གསུངས་རྒྱུར། སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པ་དང་། དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ། རྒྱུ་སྤུས་གཙོ་བོ་དང་ཕན་འབྲས་སྔོན་ལ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། འདོན་སྤྲོད་མ་ལག་གི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་གཙོ་བོར་བཟུང་སྟེ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། ཆེ་ཕྱོགས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་གྱི་ཉེན་ཁ་སྔོན་འགོག་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

ལིག་ཡན་ཏུང་དང་མཱ་ཁེ། དབྱང་ཅིན། ཝང་ཡུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།