ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གྲོས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གྲོས་མོལ་ཚོགས་འདུ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་བར་པེ་ཅིན་ནས་བསྡུ་རྒྱུ་རེད། ཕྱི་རྒྱལ་གྱི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་འགོ་ཁྲིད་པ་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས་རྒྱུ་རེད། ཐེངས་འདིའི་མཐོ་རིམ་གྲོས་མོལ་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་འཛུགས་སྐྲུན་བྱེད་པ་ཞེས་པའི་སྲིད་ཏང་གི་འགན་འཁྲི་དེ་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།