ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b94a8d51ad94f636ee24806333ad9190.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ11པའི་ཚེས24ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཕྱིན་ཆད་དུས་སྐབས་ཤིག་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་བཅོས་སྒྱུར་འཕེལ་རྒྱས་ཀྱི་རླབས་ཆེན་དམིགས་འབེན་གཏན་འཁེལ་བྱས་ཏེ། ཀྲུང་གོ་རང་སྟེང་གི་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་སྣོན་ཐུབ་པར་མ་ཟད། འབར་མ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཀྲུང་གོ་དང་མཉམ་ལས་བྱེད་པའི་གོ་སྐབས་གསར་བ་སྐྱེལ་སྲིད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་འབར་མ་དམག་དཔུང་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་ཆུ་ཚད་ཞིག་ཏུ་བསླེབས་ཡོད། ཀྲུང་གོ་སྲིད་གཞུང་གིས་དམག་དཔུང་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། དམག་དཔུང་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ས་གནས་ཞི་བདེ་བརྟན་འཇགས་ཡོང་བར་བྱེད་པའི་ཐད་ལ་མུ་མཐུད་དུ་འབད་བརྩོན་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

མེན་ཨང་ལེ་ཡིས་བཤད་རྒྱུར། འབར་མ་དང་ཀྲུང་གོ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་འབར་མའི་རྒྱལ་ཁབ་དང་དམག་དཔུང་འཛུགས་སྐྲུན་ཐད་ལ་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་རྒྱལ་ནང་གི་ཞི་བདེ་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན། འབར་མ་ཕྱོགས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། ཀྲུང་གོའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་ཇུས་འདོན་པུའུ་ཡི་ཇུས་འདོན་དཔོན་པོ་ལིས་ཙོ་ཁྲིན་སོགས་མཇལ་འཕྲད་ལ་ཞུགས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།