ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ཕྱི་ཕྱོགས་སྒྲོག་འགྲེལ་ཚོགས་པས་མོང་གོལ་དང་ཧན་གོ། འཇར་པན་བཅས་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། མོལ་གོལ་རྒྱལ་ཁབ་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཧན་གོའི་ཕྱི་འབྲེལ་པུའུ། འཇར་པན་རང་དབང་དམངས་གཙོ་ཏང་དང་ཀུང་མེན་ཏང་བཅས་ཀྱིས་གདན་དྲངས་པ་ལྟར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ཕྱི་ཕྱོགས་སྒྲོག་འགྲེལ་ཚོགས་པས་སྔ་གཞུག་ཏུ་མོང་གོལ་རྒྱལ་ཁབ་དང་ཧན་གོ། འཇར་པན་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། རྒྱལ་ཁབ་གསུམ་གྱི་སྲིད་གཞུང་ཕྱོགས་དང་སྲིད་གཞུང་མིན་པའི་ཕྱོགས་ཀྱི་སྲིད་སྲིད་ཏང་དང་སྲིད་གཞུང་། སྨྱན་བྱད། དེ་མིན་རིག་མཛོད་མི་སྣ་སོགས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོང་དོན་གཙོ་བོ་དང་དོན་སྙིང་གལ་ཆེན་མཚམས་སྦྱོར་བྱས། 

རྒྱལ་ཁབ་གསུམ་གྱི་ལས་རིགས་སོ་སོའི་མི་སྣས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པ་དང་དང་ཞི་ཅིན་ཕིང་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ལ་བདམས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཐེངས་འདིའི་འཚམས་འདྲི་ཡིས་རྒྱལ་ཁབ་རང་རང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་ལ་རྒྱུས་ལོན་བྱས་ཚད་ཇེ་ཆེར་བཏང་བ་དང་མུ་མཐུད་དུ་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།